གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཁྱམས་སྡོད་མི་གླང་ལུ་ ནད་གཞི་ཐོབ་རུང་ ལྟ་མི་མེད་པའི་དཀའ་ངལ།

བདག་འཛིན་འཐབ་མི་མེད་པར་ འཁྱམས་སྡོད་མི་གླང་།

༉ ཕུན་ཚོགས་གླིང་ ཀབ་རེ་ཊར་གྱི་ ས་ཁོངས་ནང་ འཁྱམས་སྡོད་མི་གླང་དེ་ ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ ཚེ་ཐར་གྱི་གླང་ཨིན་ཟེར་ སླབ་དོ་ཡོདཔ་ད་ གླང་དེ་གི་ རྐངམ་ཅིག་སྦོ་སྟེ་ ལམ་འགྱོ་མ་ཚུགས་པའི་ཁར་ ཁོ་ལུ་ ཇོ་བདག་ཟེརཝ་ ག་ཡང་མེདཔ་ཨིན་པས།

གླང་དེ་ ག་ཏེ་ལས་འོང་འོངམ་ཨིན་ན་ ག་གིས་ཡང་ གསལ་ཏོག་ཏོ་སྦེ་ ཤེས་མི་མེད་དེ་འབད་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ ལོ་ངོ་དག་པ་ཅིག་གི་ཧེ་མར་ ཚེ་ཐར་བཏང་མི་གླང་དེ་ ས་གནས་དེ་ནང་ར་ ལུས་ཡོད་པའི་ལོ་རྒྱུས་སླབ་ཨིན་པས།
ཚེ་ཐར་བཏང་མི་གླང་དེ་ སྤུ་ཁའི་ཚོས་གཞི་དཀརཔོ་དང་ གནགཔོ་སླ་བསྲེ་སྦེ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཁོ་ར་གིས་ རྩྭ་འཚོལ་བཟའ་ཚུགསཔ་ལས་ མི་ཚུ་གིས་ གནམ་མེད་ས་མེད་ཅིག་ར་ སྣང་དག་བསྐྱེད་ནི་མེདཔ་ཨིན་པས།
ཨིན་རུང་ གླང་དེ་ ལོ་ན་རྒས་སུ་འགྱོ་བའི་བསྒང་ལས་ ཁོ་རའི་ རྐངམ་ཚུ་འབོ་ནི་དེ་གིས་ ལམ་འགྱོ་མ་ཚུགས་པར་ རྩྭ་འཚོལ་བཟའ་ནིའི་དོན་ལུ་ དཀའ་ངལ་སྦོམ་བྱུང་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༤༥ ལང་མི་ ཕོ་སྐྱེས་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གླང་དེ་ལུ་ ནད་གཞི་ག་ཅི་བཟུམ་ཅིག་ཐོབ་ཐོབ་ཨིན་ན་ མ་ཤེས་པའི་ཁར་ གླང་དེ་ དཀའཝ་སྤྱད་སར་མཐོངམ་ད་ སྡིག་ཆེ་བས་ཟེར་ཨིན་པས།
ས་གནས་ནང་གི་ མི་ཅིག་གིས་ སླབ་མིའི་ནང་ གླང་དེ་ ཨ་མོ་ཆུའི་ སྦོ་ལོགས་ཁར་སྡོད་དོ་ཡོདཔ་ལས་ ས་མཚམས་ཁར་སྡོད་མི་ཚུ་གིས་ གསད་ནིའི་དཔའ་བཅམ་རུང་ ཐབས་གནས་སྐབས་ཀྱིས་ འགྱོ་མ་བཏུབ་པར་ལུས་སོ་ཡི་ཟེར་ཨིན་པས།
ད་རེས་འབད་བའི་བསྒང་ལས་ ཁོ་ར་ལམ་འགྱོ་མ་ཚུགས་ནི་དེ་གིས་ ནམ་ར་འབད་རུང་ བསད་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ ལས་འཛིན་ནང་ལཱ་འབད་མི་ སེང་གེ་གིས་ བཤདཔ་ཨིན་པས།
མི་མང་ཤོས་ཅིག་གིས་ ཧེ་མ་ ཏི་རུ་ཡོད་པའི་དགའ་ཚོར་གྱིས་ སེམས་ཅན་ཚེ་ཐར་བཏང་དོ་ཡོདཔ་ཨིན་རུང་ ཤུལ་ལས་ དེ་ཚུ་ལུ་བདག་འཛིན་འབད་མི་མེད་པར་ ག་ལྷོད་བཏང་བཞགཔ་མས་ཟེར་ཨིན་པས།
ཕུན་ཚོགས་གླིང་སྟོད་ཀྱི་ ཁྲོམ་སྡེ་འཐུས་མི་ སར་མི་ལ་ ལིམ་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གིས་ ཁྲོམ་སྡེ་ལས་འཛིན་གྱིས་ བདག་འཛིན་འཐབ་གནང་དགོ་པའི་སྐོར་ལས་ ཞུ་བ་འབདཝ་ད་ ཁྲོམ་སྡེ་ལས་འཛིན་ལུ་ ནོར་ཁྱིམ་མེད་ཟེར་སླབ་སྟེ་ ཁ་བཟེད་མ་བཏུབ་ད་ སྒོ་ནོར་ལས་ཁུངས་ཀྱིས་འབད་བ་ཅིན་ གྲོགས་རམ་འབད་ཚུགས་ནི་བཟུམ་ འདུག་ཟེར་ཨིན་པས།
བྱང་ས་ སེམས་ཅན་ཚེ་ཐར་ཚོགས་པའི་ བསོད་ནམས་ནོར་འཛིན་གྱིས་ གླང་དེ་གི་སྐོར་ལས་ ལོ་རྒྱུས་ཚུ་ ཧེ་མ་ལས་ར་གོ་རུང་ གླང་དེ་གི་ གནས་སྟངས་བལྟ་བར་ ལྷོད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བྱང་ས་སེམས་ཅན་ཚེ་ཐར་ཚོགས་པ་གིས་ སེམས་ཅན་གསད་ནི་ལས་ སྲོག་སྐྱབས་འབདཝ་མ་ཚད་ སེམས་ཅན་ ནད་གཞི་ཐོབ་མི་ཚུ་ལུ་ཡང་ ཆ་རོགས་འབདཝ་ཨིན་ཟེར་ཨིནམ་ད་ ཁོ་གིས་ ཕུན་ཚོགས་གླིང་ལུ་འགྱོ་བའི་སྐབས་ ཆ་རོགས་འབད་ནི་ཟེར་ཨིན་པས།
གླང་དེ་གི་གནས་སྟངས་ཚུ་ བལྟ་ཞིབ་འབད་ཐོག་ལས་ སྒོ་ནོར་ལས་ཁུངས་ཀྱིས་ ད་རིས་ལས་ སྨན་བཅོས་འབད་ནི་ ཨིན་པའི་གནས་ཚུལ།





No comments:

Post a Comment