གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་བཙོང་ ལུས་འབྲེལ་ལུ་བརྟེན་ ཕོ་སྐྱེས་༡ དོ་དམ་འོག་ལུ་ བཙུགས་ཡོདཔ།


༉ དར་དཀར་ནང་ འབྲུག་རྗེས་སྒང་ལུ་ སྐྱེས་ལོ་༣༢ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༦ ལང་མི་བུམོ་༡ ལུ་ དབང་བཙོང་གི་ ལུས་འབྲེལ་འབད་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་ ཉམས་རྒུདཔ་དེ་གིས་ རྐྱེན་ངན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལ་ ཨ་ལུ་༣ གྱི་ཨ་པ་དེ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཉམས་རྒུདཔ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་མི་དང་འཁྲིལཝ་ད་ ཕོ་སྐྱེས་དེ་གིས་ སྤྱི་ཟླ་༥ པའི་ཚེས་༢༥ གི་ཕྱི་རུ་ མོ་ལུ་ དབང་བཙོང་ལུས་འབྲེལ་འབད་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་པས།
བཀྲིས་སྒང་ སྟོང་གླིང་སྤང་ལས་ཨིན་མི་ དོགས་ཅན་ཕོ་སྐྱེས་དེ་ སྤ་རོ་ལུ་ ལཱ་འབད་མི་ཅིག་ཨིནམ་ད་ དེ་བསྒང་ འབྲུག་རྗེས་སྒང་ལས་ཨིན་མི་ ཁོ་རའི་གནས་ཚང་དང་གཅིག་ཁར་ ངལ་གསོའི་དོན་ལུ་ སོང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དོགས་ཅན་དང་ ཁོ་རའི་བཟའ་ཚང་ཚུ་ ཉམས་རྒུདཔ་དེ་གི་ཁྱིམ་ནང་ སྡོད་ཡོདཔ་ད་ ཕོ་སྐྱེས་དེ་གིས་ བྱ་ངན་འབད་བའི་སྐོར་ལས་ རྫུན་ཁ་བཟེད་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment