གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཛམ་གླིང་གསོ་བའི་ཞལ་འཛོམས་ མཇུག་བསྡུ་ཡོདཔ།

༉ སུ་ཡི་ཛར་ལེནཌི་གི་རྒྱལ་ས་ ཇི་ནི་བ་ལུ་སྦེ་ འགོ་འདྲེན་འཐབ་མི་ འཛམ་གླིང་གསོ་བའི་ཞལ་འཛོམས་ ཐེངས་༦༥ པ་དེ་ གསོ་བ་དང་འབྲེལ་བའི་ གནད་དོན་མང་རབས་ཅིག་གི་སྐོར་ལས་ གྲོས་ཐག་བཅད་ཐོག་ལས་ འདས་པའི་བདུན་མཐའི་ རེས་གཟའ་ཉི་མ་ལུ་ མཇུག་བསྡུ་ཡོདཔ་ཨིན་པས།

ཉིནམ་༦ གི་ གྲོས་འཛོམས་ནང་ འཛམ་གླིང་གསོ་བའི་ཚོགས་པའི་འཐུས་མི་ རྒྱལ་ཁབ་༡༩༤ ནང་ལས་ གསོ་བའི་བློན་པོ་ཚུ་དང་ གསོ་བའི་འགོ་དཔོན་གོངམ་ ཞི་བའི་ལས་སྡེའི་འཐུས་མི་ཚུ་བརྩིས་ཏེ་ འཐུས་ཚབ་༣,༠༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ འབྲུག་ལས་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་གཙོས་པའི་ འགོ་དཔོན་སྡེ་ཚན་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཞལ་འཛོམས་ནང་ ད་རེས་ནངས་པ་ མི་མང་གསོ་བའི་ནང་ དོ་འགྲན་སྦོམ་ཤོས་དང་ གོ་སྐབས་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
གྲོས་ཆོད་ཚུ་གི་གྲས་ལས་ ལོ་ན་མ་སྨིན་པའི་ཧེ་མར་ གཉེན་སྦྱོར་འབད་ནི་དང་ ལོ་ན་ཆུང་ཀུ་ལས་ གཟུགས་ཁར་ཨ་ལུ་ཆགས་ནི་ འགྲོ་བ་མིའི་གློ་བུར་ནད་རྐྱེན་ རྒྱལ་སྤྱིའི་གསོ་བའི་ཁྲིམས་ལུགས་ ལོ་སྟོང་གོང་འཕེལ་གྱི་དམིགས་དོན་ གཅིག་གིས་གཅིག་ལུ་མ་འབུ་བའི་ནད་གཞི་ ཞིབ་འཚོལ་དང་གོང་འཕེལ་ལ་སོགས་པའི་ གནད་དོན་ཁག་ལེ་ཤེ་ཅིག་གི་སྐོར་ལས་ གྲོས་བསྡུར་འབད་ཐོག་ལས་ གྲོས་ཆོད་བྱུང་ནུག།
དེ་ཚུ་གི་གྲས་ལས་ ད་རེས་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་ནང་ བུམོ་བརྒྱ་ཆ་༣༠ ལྷགཔ་ཅིག་གིས་ སྐྱེས་ལོ་༡༨ མ་ལང་པའི་ཧེ་མར་ གཉེན་རྐྱབ་དོ་ཡོདཔ་ད་ བརྒྱ་ཆ་༡༤ གིས་ སྐྱེས་ལོ་༡༥ མ་ལངམ་ལས་ གཉེན་རྐྱབ་དོ་ཡོདཔ་ལས་ འཐུས་ཚབ་ཚུ་གིས་ འཛམ་གླིང་གསོ་བའི་ཚོགས་པ་གིས་ འཕྲོ་མཐུད་དེ་ར་ ལོ་ན་མ་སྨིན་པའི་ཧེ་མར་ གཉེན་སྦྱོར་འབད་ནི་དང་ ལོ་ན་ཆུང་ཀུའི་བསྒང་ལས་ གཟུགས་ཁར་ཨ་ལུ་ཆགས་མི་དེ་གིས་ ཨའི་དང་ཨ་ལུ་ལུ་ དཀའ་ངལ་ཚུ་གི་སྐོར་ལས་ ཤེས་ཡོན་སྤེལ་དགོ་པའི་སྐོར་ལས་ གསོལ་འདེབས་འབད་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ ལོ་ན་མ་སྨིན་པའི་ ཨ་ལུ་ཚུ་ལུ་ གཅིག་ལས་གཅིག་ལུ་མ་འབོ་མི་ ནད་གཞི་ཀེན་སར་དང་ གུ་རམ་གྱི་ནད་གཞི་ ཡུན་རིངམོ་སྦེ་སྡོད་མི་ དབུགས་གཏོང་ལེན་གྱི་ ནད་གཞི་ལ་སོགས་པ་ཚུ་ སྤྱི་ལོ་༢༠༢༥ ལས་ བརྒྱ་ཆ་༢༥ མར་ཕབ་རྐྱབ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཐུས་མི་ཚུ་གིས་ མི་རྒས་ཤོས་ཚུ་གི་ མི་ཚེ་བསྲིང་ནིའི་དོན་ལུ་ སྲིད་བྱུས་ཚུ་ ཡར་དྲག་གཏང་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ནང་ འཐུས་མི་རྒྱལ་ཁབ་ཚུ་གིས་ ཧེ་མ་གི་ འཛམ་གླིང་གསོ་བའི་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཌོག་ཊར་ མར་ག་རེཊི་ ཅེན་དེ་ཡང་ ཤུལ་མའི་ལོ་༥ གི་དོན་ལུ་ ལོག་སྟེ་ར འཛམ་གླིང་གསོ་བའི་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་སྦེ་ གདམ་འཐུ་འབད་ནུག།
ཌོག་ཊར་ མར་ག་རེཊི་ ཅེན་གྱིས་ དུས་ཅི་སྤྱི་ཟླ་༧ པའི་ཚེས་༡ ལས་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༧ སྤྱི་ཟླ་༧ པའི་ཚེས་༣༠ ཚུན་ ད་ལྟོའི་ གོ་གནས་ནང་ ཕྱག་ཞུ་ནི་ཨིན་པས།
ཞལ་འཛོམས་ནང་བཅའ་མར་གཏོགས་མི་ འབྲུག་གི་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ འཛམ་གླིང་གསོ་བའི་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་དང་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་ཡིག་ཚང་གི་ ལུང་ཕྱོགས་མདོ་ཆེན་དང་ ལུང་ཕྱོགས་མདོ་ཆེན་འོགམ་ དེ་ལས་ འབྲུག་གི་ གསོ་བའི་ལས་ཚན་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ དང་འདོད་ཡོད་མི་ མཱལ་དིབསི་དང་ བང་ལ་དེཤ་  དེ་ལས་ གཞུང་མིན་ལས་ཚོགས་ཚུ་གི་ འཐུས་ཚབ་ཚུ་དང་གཅིག་ཁར་ ཟུང་ཕྱོགས་དང་ ལུང་ཕྱོགས་མཐུན་འབྲེལ་ཞལ་འཛོམས་ཚུ་ཡང་ འཚོགས་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment