༉ འདས་པའི་ལོ་དག་པ་ཅིག་ལས་ཚུར་ རང་ལུགས་ཀྱི་ཞབས་ཁྲ་ གཞུང་སྒྲ་དང་ འབོད་སྒྲ་ རིག་གསར་ཚུ་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ དང་འདོད་ཅན་གྱི་ སྒེར་སྡེ་ཚུ་གིས་ ན་གཞོན་ཚུ་གི་དོན་ལུ་ གསུང་སྐད་འགྲན་བསྡུར་ལས་རིམ་ འགོ་འདྲེན་འཐབ་མི་དེ་ལུ་ འབྲུག་མི་དྲག་ཞན་ཆེ་ཆུང་མེདཔ་ ཆ་མཉམ་ར་ ངལ་རངས་བྱུངམ་མ་ཚད་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ཞུ་ནི།
འདས་པའི་ཚོར་སྣང་བྱུང་མི་དང་འཁྲིལཝ་ད་ དང་པ་ ཞབས་ཁྲའི་དྲང་དཔོན་ཚུ་ ཁོང་ར་འབད་རུང་ སྐད་ལེགས་ཤོམ་ཡོད་པའི་ཁར་ ཉམས་མྱོང་ཅན་གྱི་ མཁས་མཆོག་ཙང་ཙ་ཨིནམ་ལས་ ཞབས་ཁྲ་འཐེན་མི་ ན་གཞོན་ཚུ་ལུ་ ཞབས་ཁྲའི་གདངས་དང་ ཚིག་གི་སྐོར་ལས་ སྐྱོན་དང་ཡོན་ཏན་ཚུ་ དབྱེ་བ་དཔྱད་ཞིནམ་ལས་ ལམ་སྟོན་དང་ བཀོད་རྒྱ་ཚུ་ མ་བཏུབ་བཏུབ་སྦེ་ བྱིན་མི་ལུ་བརྟེན་ ན་གཞོན་ཚུ་ཡང་ ཞབས་ཁྲ་འཐེན་ནི་ལུ་ ལྕོགས་གྲུབ་ཅན་ཙང་ཙ་འོངམ་མས་ཟེར་ཞུ་ནི།
གཉིས་པ་ཟེརཝ་ད་ ང་བཅས་རའི་ སྒྲིག་ལམ་རྣམ་གཞག་གི་ ཁ་ཐུག་ལས་འབད་རུང་ ཐ་ན་ བྱོན་ཞུ་འབད་ཐངས་ལས་ འགོ་བཙུགས་ཏེ་ གོ་ལ་གྱོན་ཐངས་དང་ ཁ་སླབ་ཐངས་ཚུ་ ཧེ་མ་ག་ཅི་ཡང་ མ་ཤེས་ཏེ་འབད་རུང་ གསུང་སྐད་འགྲན་བསྡུར་གྱི་ ལས་རིམ་ལུ་བརྟེན་ ན་གཞོན་ཚུ་ བྱ་སྤྱོད་ཟབ་ཏོག་ཏོ་འགྱོ་སར་མཐོངམ་ལས་ ཕམ་ཚུ་ཡང་ ངལ་རངས་བསྐྱེད་ནི་དང་གཅིག་ཁར་ གཞན་གྱི་གདོང་ཁར་ དཔའ་ཉམས་བྱུང་སྟེ་ ཡོད་ཟེར་ཞུ་ནི།
དེ་འབདཝ་ལས་ གནམ་དགུན་གྱི་དུས་ཚོད་ལུ་ སློབ་གྲྭའི་ངལ་གསོ་སྐབས་ དང་འདོད་ཅན་གྱི་ སྒེར་སྡེ་ཚུ་གིས་ སློབ་ཕྲུག་ཨ་ལུ་ཚུ་དང་ ན་གཞོན་ཚུ་གི་དོན་ལུ་ གསུང་སྐད་འགྲན་བསྡུར་གྱི་ལས་རིམ་ འགོ་འདྲེན་འཐབ་གནང་མི་དེ་ ག་ཅི་དེས་ འོས་འབབ་ཆེ་བའི་ཁར་ རིག་རྩལ་ཡར་དྲག་གཏང་ནིའི་ ལྷན་ཐབས་ཅིག་ཨིནམ་ལས་ མ་འོངས་པ་ལུ་ཡང་ སྣང་མེད་སྐྱུར་ཏེ་ བཀོ་མ་བཞག་པར་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་གནང་དགོཔ་འདུག་ཟེར་ཞུ་ནི།
ཨིན་རུང་ དུས་ཅི་ལས་ གསུང་སྐད་འགྲན་བསྡུར་གྱི་ལས་རིམ་ནང་ སྔར་མེད་པའི་ལམ་ལུགས་ཅིག་ འགོ་བཙུགས་མི་ལུ་བརྟེན་ མི་སྡེ་ཚུ་ནང་ སྤྱིར་བཏང་ལོ་རྒྱུས་སླབ་སར་གོཝ་ད་ དུམ་གྲ་ཅིག་ འོས་འབབ་མེད་པའི་ སྐྱོན་བརྗོད་འབདཝ་མས་ཟེར་ཞུ་ནི།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ མ་གཞི་ ཕྱི་ཁའི་ན་གཞོན་ཚུ་གིས་ གསུང་སྐད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་དེ་ལུ་ལྟཝ་ད་ རང་ལུགས་ཀྱི་ ལམ་སྲོལ་ལུ་ བརྩི་མཐོང་བསྐྱེད་པའི་ རྟགས་མཚན་བཟང་པོ་ཅིག་ཨིནམ་ལས་ བྱོན་ལེགས་ཡོད་ཟེར་ཞུ་ནི།
དེ་འབདཝ་ད་ ཞབས་ཁྲ་འཐེནམ་ད་ རང་ལུགས་ཀྱི་ཞབས་ཁྲ་ གཞུང་སྒྲ་དང་ འབོད་སྒྲ་ རིག་གསར་ཚུ་མེན་པར་ ཁོང་རའི་ ཏ་ཝང་གི་ ཞབས་ཁྲའི་ཚིག་དང་ གདངས་དབྱངས་ཚུ་གི་ཐོག་ལས་ འཐེན་པའི་ཁར་ གྱོན་ཆས་འབད་རུང་ དོརམ་དང་ཁེན་འཇར་གྱོན་ཏེ་ འབྲུག་གི་ རྒྱང་མཐོང་ཊི་བི་ནང་ཐོནམ་ད་ འདི་ རང་ལུགས་ཀྱི་ལམ་སྲོལ་ ཡར་དྲག་བཏངམ་ཨིན་ན?
རང་ལུགས་ཀྱི་ ལམ་སྲོལ་ལས་རིམ་ཨིན་པ་ཅིན་ ཉག་རྐྱང་སྦེ་ར་ འགོ་འདྲེན་འཐབ་ནི་དང་ གཞན་ལུགས་ཀྱི་ ལམ་སྲོལ་ལས་རིམ་ཨིན་པ་ཅིན་ གཞན་གྱི་བཟུམ་སྦེ་ འགོ་འདྲེན་འཐབ་པ་ཅིན་ མི་དྲག་ག?
དེ་མིན་པ་ཅིན་ ན་གཞོན་ཚུ་ རིག་པའི་སྒོ་རྒྱས་པའི་དུས་ཚོད་ལུ་ ལམ་སྲོལ་སླ་བསྲེས་པའི་ལས་རིམ་ཚུ་ འགོ་འདྲེན་འཐབ་པ་ཅིན་ རང་གི་ལམ་སྲོལ་བྱང་ནིའི་ཉེན་ཁ་དང་ གཞན་གྱི་ལམ་སྲོལ་མ་ཤེས་པར་ མགུ་འཐོམ་འབྱུང་པའི་ ཚ་གྱང་ཡོདཔ་ལས་ ག་ར་འབད་རུང་ ཐུགས་ཁར་ངེས་གནང་ཟེར་བའི་ བསམ་བཀོད་ཞུཝ་ཨིན།
ཀུན་དགའ་རྣམ་རྒྱལ། ཐིམ་ཕུ་ ལྕང་ཟམ་ཏོག།
ཀུད་གསལ་རང་སྐྱོང་ལས་འཛིན་དང་ གཞན་ཡང་བརྡ་བརྒྱུད་པའི་ཕྱག་ལཱ་མཛད་མི་ཚུ་གིས་ རང་ལུགས་ཀྱི་སྐད་འདི་གཙོ་བོ་སྟོན་ཏེ་ མི་དམངས་ལུ་གནས་ཚུལ་ལྷག་ནིའི་གོ་སྐབས་ཡོད་མི་འདི་ལུ་བཀའ་དྲིན་དགའ་ཚོར་སྦོམ་ཡོད། ཨིན་རུང་ ད་རིས་ནངས་པའི་གསར་ཤོག་ནང་བལྟ་བ་ཅིན་ ཡིག་འབྲུ་ཚུ་རྫོང་ཁའི་ཐོག་ལས་ཡོད་རུང་ ཚིག་ཚུ་ག་ར་བསྡུ་ཚིག་དང་ དེང་སང་གི་ཚིག་ཙང་ཙ་འབདཝ་ལས་ གནས་ཚུལ་ལྷག་པའི་སྐབས་ཚིག་མང་ཤོས་རང་ ཧ་མ་གོཝ་འབད་མཐོངམ་ཨིན་པས་ཟེར་ཞུ་ནི་ཨིན། ངེ་གི་བསམ་འཆར་ལས་འབད་བ་ཅིན་ འདི་ཚུ་ཚིག་ག་འདེ་འཇམ་འཇམ་དང་ བསྡུ་ཚིག་ཚུ་ག་དེ་དྲག་དྲག་སྤང་ཚུགས་པ་ཅིན་ མི་དམང་ལུ་ཧེང་བཀལ་རང་ཕན་ཐབས་འོང་ནི་མས་ཟེར་ཞུ་ནི་ཨིན།
ReplyDeleteདེ་སྦེ་ཚིག་དོན་ཧ་གོ་མ་ཚུགས་མི་འདི་ ཁྱོད་རང་སྐྱེས་སྦྱངས་ཀྱི་ཡོན་ཏན་ཉུང་པའི་སྐྱོན་འོང་།
ReplyDeleteབཀྲིས་སྒང་ལས་མགོན་པོ་གིས་ བསར་འཆར་བཀོད་མི་ནང་ ད་རེས་ནངས་པ་ འབྲུག་གི་བརྡ་བརྒྱུདཔ་ཚུ་དང་ རྩ་ཁྲིམས་ཅན་གྱི་གོ་གནས་འཆང་མི་ཚུ་གི་ སེམས་ལུ་དམ་སྲི་ཞུགས་ཏེ་ རང་གི་སྐྱོན་རི་བོ་བཟུམ་ཡོད་མི་དེ་ རྒྱབ་ལུ་བཞག་སྟེ་ གཞུང་གི་དབུ་ཁྲིདཔ་ཚུ་ལུ་ དོན་མེད་ཀྱི་སྐྱོན་བརྗོད་དེ་ ཧམ་བཤད་ཐོག་ལུ་ མ་བདེན་པའི་གཏམ་ཚུ་ དར་ཁྱབ་སྤེལཝ་མ་ཚད་ གནས་ཚུལ་གསལ་སྟོན་འབད་མི་འདི་གིས་ དམངས་གཙོའི་གཞུང་ལུགས་ལུ་ བར་ཆད་རྐྱབ་བཅུགཔ་མས་ཟེར་བྲིས་མི་འདིའི་ཐད།
ReplyDelete༡ ཁྱོད་ཡང་འབྲུག་ཕུན་སུམ་ཚོགས་པའི་གྲལ་གཏོགས༌དང༌ རྒྱབ་སྐྱོར་པ་ཨིནམ་ཤུགས་ཀྱིས་ཧ་གོ་བས།
༢ གཞན་གྱི་སེམས་ལུ་དམ་སྲི་ཞུགསཔ་མིན་པར་ ཁྱོད་ཀྱི་རྒྱུད་ལུ་བདག་འཛིན་གྱི་གཞི་རྩ་བཅད་མ་ཚུགས་པའི་རྟགས་བཏོནམ་མས།
༣ རྒྱལ་པོའི་ཞིང་གི་ལོ་རྒྱུས་འདི་མ་བདེན་པ་ཅིན་ དེའི་སྒྲུབ་བྱེད་གསལ་ཏོག་ཏོ་ཅིག་འཁོད་གནང་།
༤ གཞུང་སྐྱོང་མི་དང་གཞན་ག་ར་འབད་རུང་ ངན་ལྷད་ནང་འབྲེལ་བ་ཡོད་པ་ཅིན་ དམར་རྡོག་རྡོག་དང་སེར་རུ་རུ་སྦེ་བཏོན་དགོཔ་འདི་ མི་དམངས་ལུ་ཕོག་པའི་འགན་ཁག་ཅིག་ཨིནམ་ལས་གསང་བཞག་ཐབས་རྩ་ལས་རང་མེད།
༥ ད་རེས་ཀྱི་བྱེལཝ་དེ་ལུ་བརྟེན་ བཀྲིས་སྒང་རྫོང་ཁག་ནང་གོང་འཕེལ་གྱི་གཞི་ལུ་གནོད་པའི་དོགས་པ་རྩ་ལས་ཆགས་དགོཔ་མེད་མི་དེ་ཡང་ མིག་ཏོ་གིས་བལྟ་རྣམ་ཅོག་གིས་ཉན་པ་ཅིན་ཧ་གོ་ཚུགས།
༦ ས་ཆ་བགོ་བཀྲམ་ནང་འབྲེལ་བ་ཡོད་མི་གཞན་ཚུ་བཞག་སྟེ་ ཆེ་མཐོའི་གོ་གནས་འཆང་མི་ཚུའི་མིང་བཏོན་ཏེ་དབྱེ་དཔྱད་འབད་མི་དེ་ཡང་ འགན་ཁྲི་ཅན་ཚུ་གིས་ཤེས་བཞིན་དུ་ཁྱད་སད་མི་དེ་ལུ་ཉེས་ཁྲིམས་ཐེབས་ཕོག་ནི་མས།
བཅུད་བསྡུ་བ་ཅིན་ བརྡ་བརྒྱུད་ཀྱི་འགན་ཁག་རང་ གནད་དོན་གཅིག་གི་ཐོག་ལུ་བཏོན་མི་གནས་ཚུལ་འདི་ ཆགས་སྡང་ཕྱོགས་རིས་མེད་པར་ བདེན་རྫུན་ཕྱེ་སྟེ་གནམ་ཐིག་དྲང་པོ་བཏབ་མི་ཅིག་ལུ་སླབ་ཨིནམ་ལས་དེ་དང་འཁྲིལ་ཏེ་རང་འབད་དེས། མཐར་ཐུག་བསམ་མ་རྫོགས་པ་ཅིན་ཞུ་སར་གཅིག་ལུ་ཞུ་ ཐུག་སར་གཅིག་ཁར་ཐུག་ནིའི་དབང་ཚད་མི་མང་རེ་རེ་བཞིན་ལུ་ཡོདཔ་ལས་ཚ་གྱང་མ་བཞེས། དེ་འབདཝ་ད་ ཁོང་ཉེས་ལས་འཐབ་མི་ཚུ་གཞུང་གིས་ཡངས་ཆག་གནང་ད་པ་ཅིན་ཁྱོད་ཀྱིས་ག་ནེ་ཡང་སླབ་ནི་འོང་སྨོ ?
སངས་བསྟན་འཛིན་གྱིས་ངེ་གི་ལན་གསལ་བཀོད་མི་འདི་ནང་ རྫོང་ཁའི་ཐོགས་ལུ་ཡོད་པའི་གནས་ཚུལ་གྱིས་མ་དོར་བ་ གཞུང་ཆེན་བཅུ་གསུམ་གྱི་ དོན་ག་ཅི་འབད་རུང་ ཧ་གོ་ཚུགས་པའི་ཤེས་བྱ་ང་ལུ་ཡོད་ དེ་མ་ཚད་ དེ་འབདཝ་ད་ ང་གིས་འབྲི་ིམ་དོན་ཚན་འདི་ ཧ་གོ་ནིའི་ཡོན་ཏན་ཁྱོད་ཀྱི་བརྒྱུད་ལུ་ཆུང་སོང་ནུག། ང་གིས་འབད་བ་ཅིན་ རྫོང་ཁ་ཡོན་ཏན་ཡོད་མི་རྐྱངམ་ཅིག་གི་དོན་ལས་མིན་པར་ འབྲུག་མི་ཡོངས་ཀྱི་ཐ་དོན་ལུ་སླབ་ཨིན།
ReplyDeleteམཁའ་འགྲོ་སྟོབས་བཟང་། གཞུང་ཆེན་བཅུ་གསུམ་ག་ཅི་དང་ག་ཅི་ར་སྨོ་།
Deleteསངས་རྒྱས་བསྟན་འཛིན་ ཁྱོད་ཀྱི་བློ་སླབ་སར་བལྟཝ་ད་ ཁྱོད་ཨ་ལོ་ཆུང་ཀུ་བཟུམ་སྦེ་འདུག། གཞུང་ཆེན་བཅུ་གསུམ་གྱི་སྐོས་ལས་ཤེས་དགོ་པ་ཅིན་ ང་བཟུམ་སྦེ་སློབ་དཔོན་ཀུན་ཏུ་འཕགས་པ་ལེ་ཤཱ་བསྟེན་ཏེ་ དཀའ་ཚེགས་ཀི་སྒོ་ལས་ཐོས་སྦྱང་འབད། གཞུང་འདི་ཚུ་གཏུང་ཟབ་དརག་འབདཝ་ལས་ གློག་རིག་གི་ཐོགས་ལས་ཁྱོད་ཀྱིས་ལཧ་བ་མི་ཚར།
Deleteད་རེས་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ བཅའ་ཁྲིམས་ཀྱི་དེབ་གསར་བཏོན་འབད་མི་འདི་ལུ་བལྟ་བ་ཅིན་ རྒྱལ་ཁབ་ཡར་རྒྱས་ཀྱི་གོམ་པ་མདུན་དུ་སྤོ་བའི་མཐོང་སྣང་ལེགས་ཤོམ་ཅིག་ཡོད་ཡོད་རང་འདྲཝ་སྦེ་མཐོངམ་ཨིན་པས་ ཨིན་རུང་འདི་ནང་ལུ་ལེསག་ཤོས་འབད་གཟིགས་པ་ཅིན་ གཞུང་གཡོགཔ་ཚུ་ཧེ་མ་དང་ཕྱདཔ་ད་ ད་ལས་ཕར་ག་ཅའི་འཐད་ལས་འབད་རུང་ གོ་སྐབས་ཉུང་སུ་ཅིག་འོང་ནི་ཐད་རི་བ་རི་ཨིན་པས། གཞན་དལ་གཞི་རྒྱལ་ཁབ་ཡར་རྒྱས་འདི་ཧེ་མ་དང་ཕྱདཔ་ད་ གོང་འཕེལ་སྦོམ་འགྱོ་ཚར་ཏེ་ཡོད་རུང་ གཞུང་གཡོགཔ་ལུ་ཐོབ་ཁུངས་ཀྱི་དབང་ཆ་ཚུ་ མར་མར་འབབ་འགྱོཝ་ཨིན་པས། མ་གཞི་འདི་བཟུམ་གྱི་འཆར་གཞི་ཟིན་བཀོད་གནང་མི་འདི་འང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་གཙུག་རྒྱན་བློན་པོ་ འཕྲིན་ལས་རྒྱ་མཚོད་འདི་ཨིན་པས། ཁོ་གི་གཞུང་གཡོག་ནང་ཕྱག་ཞུ་བའི་རིང་ལུ་ཡང་ མི་དམང་ལུ་ཕན་པའི་བསྒྱུར་བཅོས་ག་ནི་ཡང་འབད་མ་ཚུགསཔ་མ་ཚད་ ལྷག་པར་དུ་སློབ་དཔོན་ཚུ་གི་བཀའ་དཔྱད་ལུ་མ་བལྟ་བར་ ཧེ་མ་བློན་པོ་སངས་རྒྱས་དངོས་གྲུབ་ཀྱིས་མཛད་ཡོད་མི་ སློབ་སྟོན་གྱི་འཐུས་ཚུ་ཡང་ ཁོ་གི་སྐབས་ལུ་བཏོག་ཏེ་བཏང་ཡོདཔ་ཨིན། དེ་མ་ཚད་འབྲུག་ནང་འཁོད་ཀྱི་ཤེས་རིག་སྤུས་ཚད་མར་ཕབ་ཡང་འགྱོ་སྟེ་ཡོདཔ་ཨིན། ད་རེས་འབདཝ་ད་ ཞི་གཡོག་ལྷན་ཚོགས་ནང་ཡང་ཁོ་གིས་ཞི་གཡོག་ཀུན་གྱི་ཐ་དོན་ལུ་མ་བལྟ་བར་ གཞུང་གི་འོང་འབབ་ལུ་དམིགས་ཏེ་འབདཝ་ཨིན་ཟེར་ grade /ལོ་གྲངས། སྣུམ་འཁཽར་གྱི་ཐོབ་ཁུངས་ ཕྱི་རྒྱ་ལུ་དཔེ་ཆ་བལྟ་ནིའི་གོ་སྐབས་ ཤེས་ཚད་ཡར་སེང་ ངལ་གསོ་ཚུ་ མར་ཕབ་ཆག་ཏག་ཁེམ་འབད་དེ་ཡོད་མི་འདི་ལུ་ ང་བཅས་གཞུང་གཡོག་དམང་གི་ཁ་ཐུག་ལས་ ང་གིས་ཁོ་ཚེ་ཕྱི་མ་དམྱལ་བའི་གཏིང་ལུ་སྐྱེས་བཅུག་ཟེར་བའི་སྨོན་ལམ་ཡང་ལས་ཡང་དུ་བཏབ་ནི་ཨིན།
ReplyDeleteའཕྲིན་ལས་རྒྱ་མཚོ།
བཀྲ་ཤིས་སྒང་རྫོང་ཁག།
towa du may choe ༢་ sangay and tobdhen.....ཧཧཧཧཧཧཧཧཧ
ReplyDeleteབསམ་འཆར་བཀོད་མི་ལུ་ངལ་རངས་དང་ཡིད་ཆེས་སྦོམ་ཡོད་ཟེར་ཞུ་ནི་ཨིན།།
ReplyDeleteThis comment has been removed by the author.
ReplyDeleteསྟོབས་བཟང་དང་སངས་རྒྱས་བསྟན་འཛིན་ལུ་་་་་བཀྲིས་བདེ་ལེགས་ཡོད་་་་་་་་་་་་་་དོ་རུ་ཡང་འཕྲོ་འཐུད་འབད་མཛད་གནང་།
ReplyDelete