གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བེཊ་མིན་ཊཱོན་རྩེད་འགྲན་ མཇུག་བསྡུ་ཡོདཔ།


བུམོ་རྐྱང་འགྲན་གྱི་ མཐའ་བཅད་འགྲན་བསྡུར་ འབད་བའི་བསྒང་།

བཀྲིས་ཕུན་ཚོགས།

ཁ་ཙ་ སྐྱེས་ལོ་༡༩ མན་ཆད་འབད་མི་ བེཊ་མིན་ཊཱོན་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་ནང་ བུཚ་གི་ རྐྱང་འགྲན་སྡེ་ཚན་ནང་ལས་ ཆོས་བཟང་དང་ ཨོ་རྒྱན་རྡོ་རྗེ་གི་བར་ན་ རྩེད་འགྲན་འབདཝ་ད་ ཨོ་རྒྱན་རྡོ་རྗེ་གིས་ སྐུགས་ཐེངས་དང་པ་དང་༢ པའི་ནང་ སྐུགས་༢༡ རེ་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་གི་ བྱང་ཕྱད་ཀྱིས་ སྐུགས་༡༧ ལས་ ཐོབ་མ་ཚུགས།

བུམོ་གི་ རྐྱང་འགྲན་སྡེ་ཚན་ནང་ལས་ གཡུ་སྒྲོན་དང་ རིག་འཛིན་དབང་མོ་གི་བར་ན་ རྩེད་འགྲན་འབདཝ་ད་ གཡུ་སྒྲོན་གྱིས་ སྐུགས་ཐེངས་༢ སྦྱེལཝ་སྦྱེལ་སར་ཆོད་དེ་ བྱང་ཕྱད་ཕམ་བཏང་ཡི།
བུམོ་གི་ ཟུང་འགྲན་སྡེ་ཚན་ནང་ལས་ གཡུ་སྒྲོན་དང་ རིག་འཛིན་དབང་མོ་༢ ཀྱིས་ ཕུན་ཚོགས་ཆོས་སྒྲོན་དང་ པདྨ་ཆོས་སྐྱིད་དང་གཅིག་ཁར་ དོ་འགྲན་འབདཝ་ད་ གཡུ་སྒྲོན་དང་ རིག་འཛིན་དབང་མོ་གིས་ སྐུགས་ཐེངས་༢ སྦྱེལཝ་སྦྱེལ་སར་ཆོད་དེ་ རྒྱལ་ཁ་ཐོབ་ཅི།
བུཚ་དང་བུམོ་གི་ རྐྱང་འགྲན་ནང་ལས་ ཨང་དང་པའི་ རྒྱལ་ཁ་ཐོབ་མི་རེ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ རེ་དང་ ཨང་༢ པ་ལུ་ གསོལ་རས་དངུལ་ཀྲམ་༥,༠༠༠ རེ་བྱིན་ཡོདཔ་ཨིན་པས།
བུཚ་དང་བུམོ་སླ་བསྲེས་ཀྱི་ ཟུང་འགྲན་ནང་ལས་ ཨང་དང་པ་ལུ་ གསོལ་རས་དངུལ་ཀྲམ་༥,༠༠༠ རེ་དང་ ཨང་༢ པ་ལུ་ དངུལ་ཀྲམ་༣,༠༠༠ རེ་ བྱིན་ཡོདཔ་ཨིན་པས།
རྩེད་འགྲན་ནང་ སློབ་ཕྲུག་བུཚ་དང་བུམོ་ ཡོངས་བསྡོམས་༦༢ ཀྱིས་ བཅའ་མར་གཏོགས་ཡོདཔ་ད་ དེའི་གྲས་ལས་ དྲག་ཤོས་ཐོན་མི་ཚུ་ རྒྱལ་སྤྱི་བེཊ་མིན་ཊཱོན་འགྲན་བསྡུར་ནང་ བཅའ་མར་གཏོགས་བཅུག་ནིའི་དོན་ལུ་ ལག་ཁྱེར་ཚུ་ཡང་བྱིན་ཡི།
བེཊ་མིན་ཊཱོན་རྩེད་འགྲན་དེ་ སྤྱི་ཟླ་༣ པའི་ཚེས་༢༥ ལས་ འགོ་བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment