གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགོས་མཁོ་ཆེ་དྲགས་མེད་པའི་ ནང་འདྲེན་ཅ་ཆས་ཚུ་ མར་ཕབ་རྐྱབ་དོ་ཡོདཔ།


རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ནང་འདྲེན་ཅ་ཆས་༥,༠༠༠
ལྷགཔ་ཅིག་ལུ་ ཐོ་ཕོག་སྟེ་ཡོདཔ།

ད་རེས་ནངས་པ་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ དཔལ་འབྱོར་གྱི་དོན་ལུ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རུ་པི་ཚད་ཅིག་ལས་བརྒལ་ བྱིན་ནི་མེདཔ་ལས་ དཔེ་འབད་བ་ཅིན་ རྒྱལ་ཁབ་གསུམ་པ་ ཐའི་ལེནཌི་དང་ ཧོང་ཀོང་ རྒྱ་ནག་ ཇ་པཱན་ དེ་ལས་ ནེ་པཱལ་ཚུ་ལས་ དགོས་མཁོ་ཆེ་དྲགས་མེད་པའི་ཅ་ཆས་ ནང་འདྲེན་འབད་མི་ཚུ་ གནས་སྐབས་ཅིག་ བཀག་འཛིན་འབད་ཡོདཔ་ཨིན་པས། 

འབྲུག་གི་ ཚོང་འབྲེལ་ཐོ་ཡིག་དང་འཁྲིལཝ་ད་ ཨོ་ལིཕ་མར་ཁུ་དང་ ཁ་ཟས་ ཤིང་འབྲས་ཀྱི་མངར་རྫས་ ཀོ་ཕི་ དྲི་ཞིམ་སྨན་ཆུ་ སྐྱ་སྨན་ཤེམ་པུ་ སྨན་ཕྱེ་ འཛིན་ཆས་ བཟའ་ཆས་ ཐབ་ཆས་ དེ་ལས་ ཆབ་གསང་ནང་གི་ ཅ་ཆས་ཚུ་བརྩིས་ཏེ་ དགོས་མཁོ་ཆེ་དྲགས་མེད་པའི་ ཅ་ཆས་བསྡོམས་ཀྱིས་༥,༠༠༠ དེ་ཅིག་ ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢༣ ལུ་ བསྟན་རྒྱས་ལྷན་ཁག་གིས་ ད་ལས་ཕར་ ཅ་ཆས་དེ་ཚུའི་དོན་ལུ་ གནས་སྐབས་ཅིག་ ཚོང་འབྲེལ་ཆོག་ཐམ་གྱི་ གནང་བ་མི་བྱིན་ཟེར་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
དེ་ཡང་ འབྲུག་ལུ་ ཚོང་འབྲེལ་པ་ཚུ་གིས་ ཚོང་འབྲེལ་ཆོག་ཐམ་དང་འཁྲིལ་ དུས་ཚོད་ཁར་ ཅ་ཆས་དེ་ཚུ་ ནང་འདྲེན་འབད་ཡོདཔ་ཨིན་པས།
ཚོང་འབྲེལ་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཅ་ཆས་ནང་འདྲེན་ཆོག་ཐམ་ཚུ་ སྤྲོད་དགོ་མི་དེ་ཡང་ རྒྱལ་ཁབ་ནང་ ཕྱི་དངུལ་བདག་འཛིན་འབད་དེ་ སྙོམས་ཏོག་ཏོ་བཟོ་ཐབས་ཀྱི་དོན་ལུ་ ཨིན་ཟེར་ཨིནམ་ད་ ཉེན་ཁ་ཅན་གྱི་ཅ་ཆས་ དཔེར་ན་ གས་རྫས་དང་ མེ་རྫས་ཚུ་ བཀག་འཛིན་འབད་ནི་དང་ ལྷག་པར་དུ་ ནང་འཁོད་བཟོ་གྲྭ་ཚུ་ནང་ ཕྱིའི་འགྲན་བསྡུར་འབད་མི་ཚུ་ བཀག་སྲུང་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བཀག་འཛིན་འབད་མི་ ནང་འདྲེན་ཆོག་ཐམ་དེ་ གཙོ་བོ་ ཕྱི་དངུལ་ཡུ་ཨེསི་ཌོ་ལར་ ཕྱི་ཁར་གཏང་མི་བཅུག་ནིའི་དོན་ལུ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ན་ཧིང་ ནང་འདྲེན་ཆོག་ཐམ་༣,༠༠༠ ལྷགཔ་ཅིག་ སྤྲོད་ཡོདཔ་བཞིན་དུ་ རྒྱལ་ཁབ་གསུམ་པ་ལས་ ཡོངས་བསྡོམས་དངུལ་ཀྲམ་དུང་ཕྱུར་༡༢ ལྷགཔ་ཅིག་གནས་པའི་ ཚོང་ཆས་ཚུ་ ནང་འདྲེན་འབད་ཡོདཔ་ད་ རྒྱ་གར་ལས་ ཚོང་ཆས་ཚུ་ ནང་འདྲེན་འབད་ནིའི་དོན་ལུ་ ཆོག་ཐམ་མ་དགོཔ་ཨིན་པས།
ཐིམ་ཕུ་ལྷ་ཚོགས་ཚོང་ཁང་ནང་ ལཱ་འབད་མི་ཅིག་གིས་ སླབ་མིའི་ནང་ ཚོང་ཁང་ནང་ ཅ་ཆས་ཚུ་ མང་ཤོས་ར་ ཐའི་ལེནཌི་དང་ རྒྱ་གར་རྒྱལ་ཁབ་ནང་ལས་ ནང་འདྲེན་འབད་དོ་ཡོདཔ་ལས་ ད་ལྟོ་ ཧེ་མ་ལས་ ནང་འདྲེན་འབད་ཡོད་པའི་ཅ་ཆས་ཚུ་ ཡོདཔ་ཨིན་རུང་ ད་རེས་ གནས་སྐབས་ཅིག་ ཆོག་ཐམ་བཀག་འཛིན་འབད་མི་དང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་མི་ལུ་བརྟེན་ ཚོང་ཆས་ཚུ་རྫོགས་ཏེ་ མི་ལང་ནི་མས་ཟེར་ཨིན་པས། 
ཚོང་འབྲེལ་པ་གཞན་ཅིག་གིས་ ཚོང་གི་ཅ་ཆས་ཚུ་ རུ་པི་གི་ སྟབས་མ་བདེཝ་ཐོན་མི་ལུ་བརྟེན་ འཕྲལ་ཁམས་ཅིག་ལས་ མར་ཉམས་སོང་ཡོད་པའི་ཁར་ རྒྱ་གར་ལས་ ཚོང་ཆས་ནང་འདྲེན་འབད་ནིའི་ གྱངས་ཁ་དེ་ཡང་ མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ སྣ་ཚོགས་ཚོང་ཁང་ དཔེར་ན་ བཀྲ་ཤིས་ཚོང་འབྲེལ་ལས་འཛིན་གྱིས་ཡང་ གསལ་བསྒྲགས་འདི་གི་སྐོར་ལས་ མ་ཤེས་པར་ཡོདཔ་ད་ གཞན་ཚོང་འབྲེལ་པ་ཚུ་ དགོས་མཁོ་ཆེ་བའི་ཅ་ཆས་དང་ དགོས་མཁོ་ཆེ་དྲགས་མེད་པའི་ ཅ་ཆས་ཚུའི་བར་ན་ དབྱེ་བ་ཕྱེ་མ་ཚུགས་པར་ མགུ་འཐོམ་ལུས་ཡོདཔ་ཨིན་པས།
ཤར་དབྱངས་ཚོང་ལས་ཁང་གི་ ཇོ་བདག་གིས་ སླབ་མིའི་ནང་ དགོས་མཁོ་ཆེ་བའི་ ཅ་ཆས་ཚུ་གི་བར་ན་ དབྱེ་བ་ལེགས་ཤོམ་འབད་ ཕྱེ་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ལ་ལུ་ཅིག་ དགོས་མཁོ་ཆེ་དྲགས་ཡོད་རུང་ ལ་ལུ་ཅིག་ དགོས་མཁོ་མེད་མི་ཡང་འོང་ཟེར་ཨིནམ་ད་ ད་ལས་ཕར་ ཨ་རྟག་བཟུམ་སྦེ་ འོང་འབབ་བཟོ་མ་ཚུགསཔ་ལས་ འཆར་གཞི་འོས་ལྡན་ཅིག་ ག་ནི་ཡང་མེད་པར་ དེ་འཕྲོ་ལས་ བསྒྱུར་བཅོས་འབད་ནུག་ཟེར་ཨིན་པས།
འབྲུག་གི་ ཚོང་འབྲེལ་དབྱེ་ཁག་གི་ ཐོ་བཀོད་དང་འཁྲིལཝ་ད་ ཤ་དང་ ཚོད་བསྲེ་ ཆུམ་ ཚོ་ཏོ་མར་ཁུ་ ཨུར་སྨན་ ས་སྣུམ་པེ་ཊཱོལ་ ཌི་ཟིལ་ ས་མར་ཁུ་ མེ་རླུང་གེསི་ བཟོ་གྲྭ་ལས་ཁང་ དེ་ལས་ རང་བཞིན་གྱི་ རྒྱུ་ཆ་ཚུ་བརྩིས་ཏེ་ དགོས་མཁོ་ཅན་གྱི་ཅ་ཆས་༥༡ དེ་ཅིག་ཡོདཔ་ད་ ཏམ་ཁུ་དང་ སྣུམ་འཁོར་བ་ཡེག་ དེ་ལས་ ཆང་གི་རིགས་ཚུ་ དགོས་མཁོ་ཆེ་དྲགས་མེད་པའི་ གྲངས་སུ་ཚུད་དོ་ཡོདཔ་ཨིན་པས།
དགོས་མཁོ་ཆེ་དྲགས་མེད་པའི་ཅ་ཆས་ཚུ་ གཙོ་བོ་ར་ ཉམས་དགའ་བའི་ འཛིན་ཆས་ཚུ་ཨིནམ་ད་ དེ་ཡང་ འདས་པའི་ལོ་དག་པ་ཅིག་ནང་ དགོས་མཁོ་ཆེ་དྲགས་མེད་པའི་ ཅ་ཆས་ཚུ་གི་ ནང་འདྲེན་གྱངས་ཁ་དེ་ གནམ་མེད་ས་མེད་ ཡར་སེང་སོང་སྟེ་ཡོད་ཟེར་ ཚོང་འབྲེལ་འགོ་དཔོན་ཅིག་གིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment