གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེའི་ནགས་མེ་ ཁ་ཙ་བསད་ཚུགས་ཡོདཔ།


སྤྱི་ཟླ་༣ པའི་ཚེས་༢༥ གི་ཕྱི་རུ་ བསམ་རྩེ་རྟ་ལྡིང་རྒེད་འོག་ནང་ ས་མཚམས་ཀྱི་ཕྱི་ཁར་ སྡོད་མི་ཚུ་གིས་ ནགས་ཚལ་ལུ་ མེ་སྤར་བའི་དོགས་པ་ཡོད་མི་ ནགས་མེ་དེ་ ཁ་ཙ་དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ བསད་ཚུགས་ཅི་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

ནགས་ཚུ་ལུ་ མེ་རྐྱེན་དེ་ སྤྱི་ཟླ་༣ པའི་ཚེས་༢༥ གི་ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ བྱུང་ཡོདཔ་འོང་ནི་ཨིན་རུང་ གྲོང་གསེབ་མི་སེར་དང་ ཚོགས་པ་ཚུ་གིས་ ནུབ་ཕྱེད་དེ་ཅིག་ཁར་ མེ་སྦོམ་སྦེ་འབར་སར་མཐོངམ་ད་རྐྱངམ་གཅིག་ ཤེས་ཡོདཔ་ཨིན་པས།
རྒཔོ་ཨ་ཤོག་ཏ་མང་གིས་ སླབ་མིའི་ནང་ ཁས་བླངས་པ་ཚུ་གིས་ ནགས་མེ་དེ་ རི་གི་རྩ་བར་འབར་མི་རྐྱངམ་གཅིག་ བསད་ཚུགས་ཡོད་རུང་ རི་གུ་ལས་ཡར་ མེ་ཟུན་མི་དེ་ བསད་མ་ཚུགས་པར་ ལུས་ནུག་ཟེར་ཨིནམ་ད་ ཨིན་རུང་ རི་གུ་ལྷོདཔ་ད་ རྩྭ་དང་ཚལ་མ་ཚུ་ མེད་ནི་དེ་གིས་ ནགས་མེ་དེ་ རང་བཞིན་གྱིས་ ཤི་སོ་ནུག་ཟེར་ཨིན་པས།
ནགས་མེ་དེ་ རྒྱ་གར་གྱི་ ས་མཚམས་ནང་ལས་ འབྲུག་པའི་ས་ཁོངས་ནང་ ཐབ་ཤིང་འཐུ་བར་ འོང་མི་ཚུ་གིས་ སྤར་ཡོད་པའི་ དོགས་སྣང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment