གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ལུ་ ད་རུང་ གློག་མེའི་དཀའ་ངལ་བྱུང་དོ་ཡོདཔ།


བཀྲ་ཤིས་བསྟན་འཛིན།

༉ བུམ་ཐང་ལུང་གཤོང་ནང་ འཕྲལ་ཁམས་ཅིག་ལས་ ད་རུང་ གློག་མེ་ཏན་ཏན་མེད་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ ས་གནས་ཀྱི་མི་ཚུ་ དབུགས་འགམ་བྱུང་དོ་ཡོདཔ་ཨིན་པས།
བུམ་ཐང་ལུ་ གློག་མེ་ཏན་ཏན་མེད་པའི་དཀའ་ངལ་དེ་ ལོ་ངོ་༢༠ དེ་ཅིག་གི་ཧེ་མ་ལས་ བྱུང་ཡོད་མི་དེ་ འདས་པའི་ལོ་ནང་ལས་ དུམ་གྲ་ཅིག་ མར་བབས་སོང་ཡོདཔ་ཨིན་རུང་ ད་རུང་ ལོག་འགོ་བཙུགས་མི་དེ་གིས་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

དེ་ཡང་ འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་ རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ཀྱི་ དཀའ་ངལ་དེ་ གཙོ་བོ་ར་ དགེ་རྩ་གི་ས་གནས་ ན་ད་ལ་ཟེར་ས་ལུ་ཡོད་མི་ གློག་མེའི་ཀཝ་༢ གནམ་དགུན་ཁཝ་རྐྱབ་ད་ གློག་ཐག་གུ་  ཁཝ་ཆགས་མིའི་ ལྗིད་འབག་མ་ཐེག་པར་ ཀཝ་༢ བརྡབས་བཏང་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཀཝ་༢ པོ་དེ་ སྤྱི་ཟླ་༢ པའི་ཚེས་༢༩ ལུ་ བརྡབས་བཏང་ནུག་ཟེར་ཨིནམ་ད་ གློག་མེའི་ཀཝ་ཚུ་ ལ་ཁར་འབད་ནི་དེ་གིས་ ས་གནས་ནང་ ལཱ་འབད་བར་འགྱོ་མི་ཚུ་ ལམ་མ་ཐལ་བར་ ལཱ་འབད་མ་ཚུགས་པས་ཟེར་ཨིན་པས།
རྒྱལ་མཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལ་ཁར་ལྷོང་མི་ཀཝ་ཚུ་ ས་གནས་གཞན་ཚུ་ནང་ ལག་ལེན་འཐབ་མི་ ལྕགས་བཟུམ་མེན་པར་ གྱང་ཤུགས་ཀྱི་ ཚད་གཞི་དང་འཁྲིལ་ཏེ་ ཉོ་དགོཔ་ལས་ དེ་འཕྲོ་ལས་ ཐོབ་མི་ཚུགས་པས་ཟེར་ཨིནམ་ད་ ཨིན་རུང་ ལུང་གཤོང་དེ་ནང་ གློག་མེ་མ་ཆད་པར་ བྱིན་ཐབས་ལུ་ ཀྲོང་གསར་ཀེ་བ་ཐང་ལུ་ཡོད་མི་ ཧེ་མའི་ གློག་མེ་ཨམ་ཆུང་བ་ནང་ལས་ མཐུད་དེ་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
གློག་མེ་ཀཝ་ཚུ་ ལྷོང་ནིའི་དོན་ལུ་ ལས་འཛིན་གྱིས་ ལས་མི་༦༥ བཙུགས་ཡོདཔ་ཨིན་རུང་ ཁཝ་གིས་བཅད་དེ་ ས་གནས་ནང་ ལྷོད་མ་ཚུགསཔ་ལས་ འཕྲལ་ཁམས་ཅིག་ཁར་ ལས་མི་ཚུ་གིས་ ཁཝ་ཚུ་ དབོགས་བཀོ་ནི་གི་ ལཱ་འགོ་བཙུགས་ཡོདཔ་ལས་ ལམ་ཕྱེད་ལུ་ ལྷོད་དེ་ཡོད་ཟེར་ཨིནམ་ད་ ཀཝ་༢ ཀྱི་ཚབ་ལུ་ གཞན་ཀཝ་ལྷོང་ནིའི་དོན་ལུ་ བསྡོམས་ཀྱིས་ཀཝ་༡༣ དེ་ཅིག་ བསྐྱལ་བཏང་ཡི་ཟེར་ཨིན་པས།
བུམ་ཐང་ལུང་གཤོང་ནང་ ཧེ་མ་ལས་ གློག་མེའི་དཀའ་ངལ་ཐོན་ཡོདཔ་ལས་ མི་ཚུ་ལུ་ དཀའ་ངལ་བྱུང་མི་བཅུག་ནིའི་ ཐབས་ལམ་ལུ་དམིགས་ཏེ་ ལས་འཛིན་གྱིས་ ཀྲོང་གསར་གྱི་ གློག་མེ་ཨམ་ཆུང་བ་རྙིངམ་ལས་ བཀྲམ་སྤེལ་འབད་དོ་ཡོད་རུང་ དེ་ནང་གི་ གློག་ཤུགས་དེ་ ཉུང་སུ་ཅིག་ལས་མེད་ནི་དེ་གིས་ བུམ་ཐང་ལུང་གཤོང་ནང་ལངམ་སྦེ་ བཀྲམ་ནིའི་དོན་ལུ་ ཆུ་སྨད་ལུ་ཡོད་པའི་ གློག་མེ་འཕྲུལ་ཁང་ཆུང་བ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ བྱིན་དོ་ཡོདཔ་ཨིན་པས།
ཕྱི་རུ་ཁམས་ལས་ མི་ཚུ་གིས་ གློག་མེ་མངམ་ལག་ལེན་འཐབ་པའི་སྐབས་ ད་རུང་ དཀའ་ངལ་མི་བྱུང་ནིའི་དོན་ལུ་ ཆུ་སྨད་ལས་ གློག་འཕྲུལ་ཇེ་ནི་རེ་ཊར་༢ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
རྒྱལ་མཚན་གྱིས་ ཇེ་ནི་རེ་ཊར་ ལག་ལེན་འཐབ་པའི་སྐབས་ ས་མར་ཁུ་ ལེ་ཤ་རྫོགས་ནི་དེ་གིས་ ཉིན་བསྟར་བཞིན་དུ་ དུས་ཡུན་ཆུ་ཚོད་༢ ཀྱི་རིང་ བཀྲམ་སྤེལ་འབད་རུང་ ཟླཝ་༡ ནང་ དངུལ་ཀྲམ་འབུམ་༡ དེ་ཅིག་ ཟད་འགྲོ་གནསཔ་མས་ཟེར་ཨིན་པས།
ཀཝ་བརྡབ་ས་ལུ་ ལྷོད་ནིའི་དོན་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ལས་ གནས་སྐབས་ཅིག་གི་དོན་ལུ་ ཀཝ་ཚུ་བསྐྱལ་ཚུགས་རུང་ ད་རུང་ ཟླཝ་༡ དེ་ཅིག་ནང་ བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
བུམ་ཐང་ལུ་ གློག་མེའི་དཀའ་ངལ་དེ་ རྙིངམ་ཅིག་མེནམ་ལས་ སེལ་ཐབས་ཀྱི་དོན་ལུ་ གློག་མེ་ལས་འཛིན་གྱིས་ ཀྲོང་གསར་ཀེ་བ་ཐང་ལུ་ཡོད་མི་ གློག་མེ་ཨམ་ཆུང་བ་ལས་ གློག་ཐག་ཐེབས་ ཐོན་སྐྱེད་འབད་ནིའི་ལཱ་ཚུ་ འགོ་བཙུགས་ཚར་ཡོདཔ་ད་ དེ་གིས་ གློག་མེའི་དཀའ་ངལ་བྱུང་སྟེ་འབད་རུང་ གཞན་མི་ནང་ལས་ གློག་མེ་བཀྲམ་ཚུགས་ནི་མས་ཟེར་ འཛིན་སྐྱོང་འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment