གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་༢ ཀྱིས་ ཆ་རོགས་ཅིག་ལུ་ བརྡུང་རྫོབ་འབད་བའི་དོགས་པ།


ཤེས་རབ་བསྟན་འཛིན།

སྤེན་པ་ ཟླཝ་༣ པའི་༢༣། ༉ ཁ་ཙ་ཉིན་མར་ ཐིམ་ཕུ་ཁྲོམ་སྡེའི་ འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་༡ དྲན་མེད་ཐོག་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གློ་བུར་སྨན་བཅོས་ཁང་ནང་ བསྐྱལ་ཡོད་མི་དེ་ ཆ་རོགས་ཚུ་གིས་ བརྡུང་རྫོབ་འབད་བའི་ དོགས་པ་ཡོདཔ་ཨིན་པས།

ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝད་ ད་ལྟོ་ གློ་བུར་སྨན་བཅོས་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོད་མི་ ཉམས་རྒུད་པ་དེ་ སློབ་ཕྲུག་ཆ་རོགས་༢ ཀྱིས་ བརྡུང་རྫོབ་འབད་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
ཉམས་རྒུད་པ་དེ་ སློབ་རིམ་༩ པའི་ སློབ་ཕྲུག་ཨིནམ་མ་ཚད་ ཁོ་ལུ་ བརྡུང་རྫོབ་འབད་མི་ དོགས་པ་ཅན་༢ པོ་དེ་ཡང་ སློབ་གྲྭ་དེ་གི་ སློབ་རིམ་༩ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
གློ་བུར་སྨན་བཅོས་ཁང་ལས་ ཌོག་ཊར་ཅིག་གིས་ སླབ་མིའི་ནང་ གློག་པར་བཏབ་པའི་སྐབས་ རྨ་སྐྱོན་བྱུང་ཡོད་པའི་ ངོས་འཛིན་མ་བྱུང་རུང་ ད་ལྟོ་ ཉམས་རྒུད་པ་དེ་ དྲན་པ་ལེགས་ཤོམ་མེད་ནི་དེ་གིས་ ག་ཅི་ཡང་ སླབ་མི་ཚུགས་པས་ཟེར་ཨིན་པས།
ཉམས་རྒུད་པའི་ མིག་ཏོ་གཡསཔ་ལུ་ མཛོག་བླུགས་བྱིན་པའི་ ཤུལ་བཟུམ་ཅིག་ཡོདཔ་ཨིན་རུང་ རྨ་སྐྱོན་གཞན་ག་ནི་ཡང་མེདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment