གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་ དོམ་གྱིས་རྨུར་ཡོདཔ།


བཀྲ་ཤིས་བསྟན་འཛིན།

༉ སྤྱི་ཟླ་༣ པའི་ཚེས་༢༩ གི་ཕྱི་རུ་ ཆུ་ཚོད་༧ དེ་ཅིག་ཁར་བུམ་ཐང་ ཆོས་འཁོར་རྒེད་འོག་ བསང་ས་མ་གཡུས་ཚན་ནང་ སྐྱེས་ལོ་༤༠ ལང་མི་ ཕོ་སྐྱེས་ཅིག་ དོམ་གྱིས་རྨུར་ཏེ་ དབང་འདུས་ཆོས་གླིང་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།

དབང་འདུས་ཆོས་གླིང་སྨན་ཁང་ལས་ ཌོག་ཊར་ རྟ་མགྲིན་བཟང་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་ གནས་སྟངས་ལེགས་ཤོམ་ཐོག་ལུ་ ཡོད་དེ་འབད་རུང་ མགུ་ཏོག་གུ་ རྨ་སྐྱོན་ལེ་ཤ་བཏོན་ཡོདཔ་ལས་ ཚེམ་ཐེངས་༤༡ རྐྱབ་དགོཔ་བྱུང་ཡི་ཟེར་ཨིནམ་ད་ རྐངམ་གཡོནམ་ལུ་ཡང་ རྨ་སྐྱོན་བཏོན་ཡོདཔ་ལས་ ཚེམ་ཐེངས་༢ རྐྱབ་དགོཔ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ ཕོ་སྐྱེས་དེ་ལུ་ རྨ་སྐྱོན་གཞན་ བྱུང་མ་བྱུང་གི་བརྟག་དཔྱད་དོན་ལུ་ གློག་པར་བཏབ་པའི་སྐབས་ གཟུགས་ཀྱི་ནང་ན་ གནོད་སྐྱོན་བྱུང་ཡོད་པའི་ མངོན་གསལ་མ་བྱུང་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ ཁ་ཉིནམ་ཕྱི་རུ་ ཆུ་ཚོད་༧ དེ་ཅིག་ཁར་ ལ་ནོར་གྱི་ གྱང་ས་ལུ་ ཅ་ལ་བསྐྱལ་ཏེ་ ལོག་གཡུས་ཁར་ འོང་པའི་ལམ་ཁར་ ཧང་སྟོང་མར་ ཕྱེད་ནུག་ཟེར་ཨིནམ་ད་ རྐྱེན་ངན་བྱུང་བའི་སྐབས་ལུ་ ཕོ་སྐྱེས་༢ ཡོདཔ་ཨིན་རུང་ གཞན་མི་ཕོ་སྐྱེས་དེ་ལུ་ གནོད་པ་ག་ནི་ཡང་ མ་བྱུང་པས་ཟེར་ཨིན་པས།
ཆོས་འཁོར་ལས་ ཕོ་སྐྱེས་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་༢ དང་གཅིག་ཁར་ ཁ་ཐུག་རྐྱབ་མི་དོམ་དེ་ གཞན་དང་ཕྱདཔ་ད་ གཟུགས་སྦོམ་འདུག་ཟེར་ཨིན་པས།
ཉམས་རྒུདཔ་ཕོ་སྐྱེས་དེ་ སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment