གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླིང་ཁའི་ས་ཁོངས་ནང་ཚུད་མི་ ཨ་ལུ་ཚུ་གི་དོན་ལུ་ སློབ་གཉེར་རྒྱབ་སྐྱོར།


ཉི་མ་དབང་འདུས།

བུམ་ཐང་ཁྲུམ་ཤིང་ལ་ རྒྱལ་ཡོངས་གླིང་ཁ་གིས་ འགོ་འདྲེན་འཐབ་མི་ གྲོང་གསེབ་སློབ་གཉེར་གྲོགས་རམ་གྱི་དོན་ལུ་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་འོག་ལུ་ཡོད་མི་ རང་བཞིན་སླར་འབྱུང་ཐོན་སྐྱེད་དང་ སྐྱེ་ལྡན་ལྟ་བཤལ་སྡེ་ཚན་དང་ འབྲུག་གི་ལྟ་བཤལ་ཚོགས་སྡེ་༢ ཀྱིས་ མ་དངུལ་གྲོགས་རམ་བྱིན་ཡོདཔ་ཨིན་པས།

གྲོང་གསེབ་སློབ་གཉེར་གྲོགས་རམ་དེ་ སྤྱི་ལོ་༢༠༠༣ ལས་ སྤྱི་ལོ་༢༠༡༡ ཚུན་ཚོད་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་དང་ འཛམ་གླིང་རི་དྭགས་སེམས་ཅན་སྲུང་སྐྱོབ་ཀྱིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོད་རུང་ ད་ལས་ཕར་ རྒྱབ་སྐྱོར་གྱི་ དུས་ཡུན་ཚང་སྟེ་ རྒྱབ་སྐྱོར་པ་ སོ་སོ་འཚོལ་དགོཔ་ བྱུང་མི་དང་འཁྲིལ་ཏེ་ཨིན་པས།
ད་རེས་ སློབ་གཉེར་གྲོགས་རམ་ཐོག་ལུ་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་༣༨ ཡོད་མི་ཚུ་ སློབ་རིམ་༡༢ པ་ཚུན་ ཤེས་ཡོན་འཕྲོ་མཐུད་ལྷབ་བཅུག་ནིའི་དོན་ལུ་ སྤྱི་ཟླ་༣ པའི་ཚེས་༨ ལུ་ ལྟ་བཤལ་ལས་སྡེ་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་ཐོག་ལས་ གྲོས་འཆར་བཙུགས་མི་དང་འཁྲིལ་ཏེ་ མ་དངུལ་རྒྱབ་སྐྱོར་ དངུལ་ཀྲམ་༡༥༢,༠༠༠ ལོ་བསྟར་བཞིན་དུ་ བྱིན་ནི་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
སློབ་གཉེར་གྲོགས་རམ་དེ་ཡང་ གླིང་ཁའི་ས་ཁོངས་ནང་སྡོད་མི་ ཕམ་སྤྱང་ཀ་དང་ ཤེས་ཡོན་གྱི་ གྲུབ་འབྲས་ལེགས་ཤོམ་ཡོད་མི་ཚུ་ལུ་ གཞི་བཞག་སྟེ བྱིན་དོ་ཡོདཔ་ད་ ད་ལྟོའི་གནས་སྟངས་ནང་ སློབ་ཕྲུག་ཚུ་གིས་ རྒྱལ་ཁབ་ཀྱི་ སློབ་གྲྭ་༧  གྱི་ནང་ སློབ་རིམ་༣ པ་ལས་༡༢ པ་ཚུན་ ལྷབ་པའི་བསྒང་ཡོདཔ་ཨིན་པས།
ཁྲུམ་ཤིང་ལ་ རྒྱལ་ཡོངས་གླིང་ཁའི་ ནགས་ཚལ་འགོ་དཔོན་གཙོ་འཛིན་ ར་ཀྲུ་དབང་ཕྱུག་གིས་ སླབ་མིའི་ནང་ སློབ་གཉེར་གྲོགས་རམ་གྱི་དོན་ལུ་ ལྟ་བཤལ་ལག་ལེན་པ་༡༣ དང་ པར་བཏབ་མི་ཅིག་གིས་ ལོ་བསྟར་བཞིན་དུ་ གྲོགས་རམ་བྱིན་ནི་སྦེ་ ཁ་བཟེད་དེ་ཡོད་ཟེར་ཨིནམ་ད་ ཨ་ལུ་རེ་ལུ་ སྒྲིག་གོ་ཉོ་ནི་དང་ འགྲོ་འགྲུལ་གྱི་ ཟད་འགྲོ་ཚུ་བརྩིས་ཏེ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༤,༠༠༠ རེ་ གཏང་ནི་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཡོད་མི་ སློབ་ཕྲུག་ཚུ་ལུ་ སློབ་རིམ་༡༢ པ་མཇུག་མ་བསྡུ་ཚུན་ཚོད་ ཟད་འགྲོ་དངུལ་ཀྲམ་༤༩༢,༠༠༠༠ དགོ་ནི་ཨིནམ་ལས་ རྒྱབ་སྐྱོར་ཚུ་ གཞན་ཁ་ལས་ཡང་ འཚོལ་ནི་དང་ གལ་སྲིད་ མ་དངུལ་རྒྱབ་སྐྱོར་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ ཐོབ་པ་ཅིན་ སློབ་གཉེར་གྲོགས་རམ་ཐོག་ ཨ་ལུ་གསརཔ་ཚུ་ཡང་ ལེན་ནི་གི་འཆར་གཞི་ཡོད་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ ཧེ་མ་ལས་ལེན་ཡོད་མི་ སློབ་ཕྲུག་ཚུ་ ཤེས་ཡོན་འཕྲོ་མཐུད་དེ་སྦྱང་ཚུགསཔ་ བཟོ་ནིའི་དོན་ལུ་ ཤུགས་བཏོན་དོ་ཟེར་ ར་ཀྲུ་དབང་ཕྱུག་གིས་ སླབ་ཨིན་པས།
སློབ་གཉེར་གྲོགས་རམ་དེ་ སྤྱི་ལོ་༢༠༠༣ ལུ་ འགོ་བཙུགས་པའི་སྐབས་ སློབ་ཕྲུག་༡༥ མ་གཏོགས་མེད་རུང་ ཤུལ་ལས་༤༥ ལུ་ ཡར་སེང་སོང་ཡོད་མི་ལས་ ལ་ལུ་ཅིག་ སློབ་རིམ་༡༢ པ་ མཇུག་བསྡུ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment