གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམངས་གཙོའི་ནང་ ཞི་གཡོགཔ་ཚུ་ལུ་ཡང་ འགན་དབང་ཡོདཔ།


པདྨ་ཆོས་སྒྲོན།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འགོ་འདྲེན་ཐོག་ལས་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ཞལ་འཛོམས་ཁང་ནང་སྦེ་ སྤྱི་ཟླ་༣ པའི་ཚེས་༢༩ ལས་ འགོ་བཙུགས་ཏེ་ འབྲུག་གི་ ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ཟིན་བྲིས་ཀྱི་ ཞུན་དག་བསྐྱར་ཞིབ་ ཐེངས་༦ པ་འབདཝ་དང་འབྲེལ་ ལོ་བསྟར་མི་སྟོབས་ཀྱི་ གྲོས་བསྟུན་ཞལ་འཛོམས་ ཐེངས་དང་པ་ འཚོགས་པའི་བསྒང་ཡོདཔ་ཨིན་པས།

དེ་ཡང་ འབྲུག་གི་དམངས་གཙོའི་རིང་ལུགས་ནང་ ཞི་གཡོག་པའི་འཛིན་སྐྱོང་ཟེར་བའི་ བརྗོད་དོན་ཐོག་ལུ་ འབྲུག་གི་ཞི་གཡོག་བཅའ་ཁྲིམས་༢༠༡༠ ཅན་མ་དང་ འབྲུག་གི་རྩ་ཁྲིམས་ཆེན་མོ་གཉིས་ མི་སྟོབས་འགོ་དཔོན་ཚུ་ལུ་ གསལ་ཞི་བཤད་འབད་བའི་ཁར་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ཟིན་བྲིས་༢༠༡༢ ཅན་མའི་གུ་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ འཕྲིན་ལས་རྒྱ་མཚོ་གིས་ ལྷན་ཚོགས་འདི་ རྒྱལ་ཁབ་ནང་ ཞི་བདེ་དང་ གོང་འཕེལ་ ཡུན་བརྟན་བཟོ་ནི་རྐྱངམ་གཅིག་གི་དོན་ལུ་མེན་པར་ དམངས་གཙོའི་རིང་ལུགས་གསརཔ་འདི་ མཐར་འཁྱོལ་ཅན་བཟོ་ནིའི་ འགན་དབང་ཡོད་ཟེར་ཨིནམ་ད་ དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དོན་ཚན་༢༦ པ་དེ་ ལྷན་ཚོགས་འདི་གི་དོན་ལུ་ ཆེད་དུ་དམིགས་ཏེ་ཡོད་པའི་ཁར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ལྷན་ཚོགས་འདི་ གཏན་འཇགས་ཀྱི་ གཞུང་ཨིན་ཟེར་ གསུངས་ཡི་ཟེར་ཨིན་པས།
གྲོས་བསྟུན་སྐབས་ རྒྱལ་གཞུང་གཡོག་ལྷན་ཚོགས་ཀྱི་ལྷན་འཛིན་ ཀུན་ལེགས་དབྱངས་འཛོམས་ཀྱིས་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ཟིན་བྲིས་ནང་ལུ་ བསྒྱུར་བཅོས་སྦོམ་ཤོས་ཅིག་ ཟིན་བྲིས་འདི་གི་ དོན་ཚན་༧ པ་ འབྲུག་གི་ ཞི་གཡོག་ལྷན་ཚོགས་ཀྱི་ འོག་ལུ་ཡོད་པའི་ དབྱེ་རིམ་༧.༡༥.༣ ཞི་གཡོགཔ་ཚུའི་ འོས་ལྡན་ལག་ཁྱེར་འདི་ དུས་ཡུན་ལོ་ངོ་༢ ཀྱི་རིང་ལུ་ ལག་ལེན་འཐབ་ཆོག་ཟེར་ཡོད་མི་འདི་ཚུདཔ་ད་ གཞན་ཡང་ དུམ་གྲ་རེ་ བསྒྱུར་བཅོས་འབད་ཡི་ཟེར་ཨིན་པས། 
ཞལ་འཛོམས་ནང་ ལྷན་ཁག་དང་ ལས་ཁུངས་ཀྱི་འཐུས་མི་ དེ་ལས་ རྫོང་ཁག་༢༠ གི་ མི་སྟོབས་འགོ་དཔོན་ཚུ་བརྩིས་ཏེ་ ཡོངས་བསྡོམས་མི་གྲངས་༡༢༥ དེ་ཅིག་གིས་ འབྲེལ་གཏོགས་འབད་དོ་ཡོདཔ་ད་ ཉིན་གྲངས་༤ འབད་མི་ ཞལ་འཛོམས་དེ་ སྤྱི་ཟླ་༤ པའི་ཚེས་༢ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment