གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་བཞིན་རྐྱེན་ངན་གྱི་ གནས་ཚུལ་འབྲི་ཐངས་སྦྱོང་བརྡར།


ཡེ་ཤེས་སྒྲོལ་མ།

༉ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་དང་ འབྲུག་བརྡ་བརྒྱུད་སྤེལ་ཁང་གཉིས་ཀྱིས་ མཉམ་རུབ་ཐོག་ལས་ རང་བཞིན་རྐྱེན་ངན་གྱི་ གནས་ཚུལ་འབྲི་ཐངས་ཚུ་གི་སྐོར་ལས་ གནས་ཚུལ་བསྡུ་ལེན་པ་༡༥ ལུ་ ཉིན་གྲངས་༥ འི་རིང་ སྦྱོང་བརྡར་འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།

རྐྱེན་ངན་གྱི་ གནས་ཚུལ་འབྲི་ཐངས་སྐོར་ལས་ འབྲུག་པའི་བརྡ་བརྒྱུདཔ་ཚུ་ལུ་ སྦྱོང་བརྡར་བྱིན་མི་དེ་ཡང་ སིངྒ་་པུར་རྒྱལ་ཁབ་ནང་ གི་རིན་ཨོ་རེནཇི་ བརྡ་བརྒྱུད་ཀྱི་ཇོ་བདག་དང་ ཧེ་མ་ལས་ བརྡ་བརྒྱུད་ནང་ ལོ་ངོ་༢༥ འི་ ཉམས་མྱོང་ཡོད་མི་ ཝོན་ཊའི་ཧོ་དང་ ཁོ་གི་ ཆ་རོགས་ཨེ་ལེས་གཉིས་ཨིན་པས།
ལེགས་སྦྱར་བ་ ཝོན་ཊའི་ཧོ་གིས་ གནས་ཚུལ་བསྡུ་ལེན་པ་ཚུ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ མི་སྡེ་ལུ་ གནས་ཚུལ་འགོ་དང་པ་ སྤེལ་མི་དེ་ གནས་ཚུལ་བསྡུ་ལེན་པ་ཚུ་ འབད་ནི་དེ་གིས་ རྐྱེན་ངན་བྱུང་ས་ལུ་ སེམས་ཕམ་ནི་དང་ སྡིག་ཆེ་ནི་མེན་པར་ རང་ཉེན་སྲུང་དང་ལྡན་པའི་ ས་ཁོངས་ནང་སྡོད་ཞིནམ་ལས་ ཐད་ཁར་གནས་ཚུལ་ཚུ་ ལེན་དགོཔ་ཁག་ཆེ་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ གནས་ཚུལ་བསྡུ་ལེན་པ་དེ་ དེ་ནང་ བཅའ་མར་གཏོགས་ཏེ་སྡོད་ད་པ་ཅིན་ མི་སེར་ཚུ་ལུ་ གནས་ཚུལ་སྤེལ་མི་ཡང་མི་འོང་ནི་མས་ཟེར་ཨིན་པས།
གནས་ཚུལ་འབྲི་བའི་སྐབས་ལུ་ ཁ་སྐད་དེ་ ག་དེམ་ཅི་འཇམ་འཇམ་དང་ མི་ཚུ་གིས་ ལྷབ་ངོ་བདེ་ཏོག་ཏོ་དགོཔ་དེ་ ཁག་ཆེ་ཟེར་ཨིནམ་མ་ཚད་ རྐྱེན་ངན་ནང་ འབྲེལ་གཏོགས་འབད་མི་ འབྲེལ་ཡོད་འགོ་དཔོན་ཚུ་གི་ བསམ་འཆར་བསྡུ་ལེན་འབད་དགོཔ་དེ་ ཁག་ཆེ་ཟེར་ ཝོན་ཊའི་ཧོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གནས་ཚུལ་བསྡུ་ལེན་འབད་ནི་རྐྱངམ་གཅིག་མེན་པར་ པར་བཏབ་ནི་དེ་ཡང་ ཁག་ཆེ་ཟེར་ཨིནམ་ད་ པར་དེ་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ མི་ཚུ་གིས་ གནས་ཚུལ་མ་ལྷབ་པའི་ ཧེ་མ་ལས་ པར་བལྟ་ཞིནམ་ལས་ གནས་ཚུལ་ག་ཅི་གི་སྐོར་ལས་ཨིན་ན་ ཧ་གོ་ཚུགས་ཟེར་ཨིན་པས།
དེ་འབདཝ་ད་ པར་དེ་ བཙུགསཔ་ད་ལུ་ཡང་ ལེགས་ཤོམ་སྦེ་ བརྟག་ཤིང་དཔྱད་དེ་ བཙུག་དགོ་མི་དེ་ཡང་ པར་ནང་ ཁྲག་ཡོད་མི་དང་ ཡང་ཅིན་ མི་ཤི་ཤིཝ་ཨིན་པ་ཅིན་ འ་ནི་ ཉམས་རྒུདཔ་དེ་ མི་ག་འབད་རུང་ཅིག་གི་ མི་ཕོག་ནི་ཨིནམ་ལས་ པར་དེ་གིས་ མི་དེ་ལུ་གནོད་ནི་མས་ཟེར་ མནོ་ཞིནམ་ལས་ བཞག་དགོཔ་ཁག་ཆེ་ཟེར་ཨིན་པས།
རྐྱེན་ངན་གནས་ཚུལ་འབྲི་ནི་གི་ སྦྱོར་བརྡར་ནང་ བཅའ་མར་གཏོགས་མི་ རྟ་མགྲིན་གྱིས་ འབད་བ་ཅིན་ ཉིན་གྲངས་ལྔའི་རིང་ སྦྱོང་བརྡར་འགོ་འདྲེན་འཐབ་མི་དེ་གི་ཡང་ ཕན་ཐོགས་སྦོམ་སྦེ་འདུག་ཟེར་ཨིན་པས། ཧེ་མ་འབད་བ་ཅིན་ རྐྱེན་ངན་ཚུ་ བྱུང་པའི་སྐབས་ ག་ཅི་འབད་དགོཔ་ཨིན་ན་དང་ ཡང་ཅིན་ ག་དང་ཅིག་ཁར་ཕྱད་དགོཔ་ དེ་ལས འབྲི་བཏུབ་ག་ཅི་ཨིན་ན་ མ་བཏུབ་ག་ཅི་ཨིན་ན་ཚུ་གི་སྐོར་ལས་ ག་ཅི་ཡང་ མ་ཤེསཔ་ལས་བརྟེན་ སྦྱོང་བརྡར་དེ་གིས་ གནམ་མེད་ས་མེད་ཕན་ཐོགས་ཅི་ཟེར་ཨིན་པས། 
དེ་འབདཝ་ད་ ཤུལ་ལས་འབད་བ་ཅིན་ ཉིན་གྲངས་༥ མེན་པར་ དུས་ཡུན་ རིངམ་སྦེ་གནང་ཚུགས་པ་ཅིན་ གནས་ཚུལ་བསྡུ་ལེན་པ་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
བརྡ་དོན་དང་བརྡ་བརྒྱུད་ལས་ཁུངས་ཀྱི་ མདོ་ཆེན་ཀུན་ལེགས་ ཊི་ དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་རྒྱལ་ཁབ་ནང་ བརྡ་བརྒྱུད་འགོ་བཙུགས་ཏེ་ ལོ་ལེ་ཤ་མ་འགྱོཝ་ལས་བརྟེན་ རྒྱལ་ཁབ་ནང་ རྐྱེན་ངན་བྱུང་བའི་སྐབས་ གནས་ཚུལ་བསྡུ་ལེན་པ་ཚུ་གིས་ འབད་དགོཔ་ཡོད་མི་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ནིའི་དོན་ལུ་ དམིགས་བསལ་གྱི་ སྦྱོང་བརྡར་འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཨིན་རུང་ ཁ་ཙ་ བརྡ་བརྒྱུད་ཚུ་ནང་ལས་ བཅའ་མར་གཏོགས་མི་ གནས་ཚུལ་བསྡུ་ལེན་པ་༡༥ ལུ་ ལག་ཁྱེར་བྱིན་ཐོག་ལས་ མཇུག་བསྡུ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment