གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་སྐྱེལ་འཐུས་ མཐོ་དྲགས་རུང་ ཐབས་ལམ་འོས་ལྡན་ཅིག་སྦེ་ར་ གནས་ཡོདཔ།


ཉི་མ་དབང་འདུས།

༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་ལངམ་མེད་པའི་ དཀའ་ངལ་ལུ་བརྟེན་ རྒྱ་གར་ལུ་ གནས་སྐོར་འགྱོ་མི་དང་ ཤེས་ཡོན་ལྷབ་མི་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ ཕམ་ཚུ་གིས་ ཏི་རུ་བསྐྱལ་མ་ཚུགས་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་རུང་ འབྲུག་འགྲེམ་ལས་འཛིན་གྱིས་ འགོ་འདྲེན་འཐབ་མི་ ཝེསི་ཊཱན་ཡུ་ནི་ཡཱན་ མོ་ནི་ཊཱནསི་ཕར་ཟེར་མི་ དངུལ་སྐྱེལ་ཞབས་ཏོག་དེ་ ཐབས་ལམ་ལེགས་ཤོམ་ཅིག་སྦེ་ གནས་ཏེ་ཡོདཔ་ཨིན་པས།

དེ་ཡང་ འབྲུག་འགྲེམ་གྱིས་ ད་ལྟོའི་བར་ན་ཡང་ དངུལ་སྐྱེལ་ལེན་གྱི་ ཞབས་ཏོག་ཚུ་ སྔར་ག་ཨིནམ་སྦེ་ བྱིན་དོ་ཡོདཔ་ད་ ཞབས་ཏོག་སྤྱོད་མི་ཚུ་ལས་ དངུལ་ཚར་རེ་བསྐྱལཝ་ད་ མ་དངུལ་གྱི་ མང་ཉུང་དང་འཁྲིལ་ཏེ་ འཐུས་དངུལ་ཀྲམ་༡༥༠ ལས་དངུལ་ཀྲམ་ ༡,༥༦༠ འི་ བར་ན་ ལེན་དོ་ཡོདཔ་ཨིན་པས།
ཞབས་ཏོག་སྤྱོད་མི་ གང་རུང་ཅིག་གིས་ དངུལ་ཀྲམ་འབུམ་༡ ལས་ དངུལ་ཀྲམ་ས་ཡ་༩.༩༩༩ ཚུན་ བསྐྱལ་ཚུགས་ནི་དང་ ཡུ་ཨེསི་ཌོ་ལར་འབད་བ་ཅིན་ ཚར་ཅིག་ལུ་ ཌོ་ལར་༡,༥༠,༠༠༠ རེ་ བསྐྱལ་ཆོག་ཟེར་ དངུལ་སྐྱེལ་སྡེ་ཕྲན་གྱི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ལས་སྡེ་ཅིག་ནང་ ལཱ་འབད་མི་ བཀྲིས་རྡོ་རྗེ་གི་ ཨ་ལུ་༡ རྒྱ་གར་གྱི་ས་གནས་ པུ་ནེ་ལུ་ དཔེ་ཆ་ལྷབ་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ད་རེས་བཟུམ་མའི་ རུ་པི་མ་ལང་པའི་དཀའ་ངལ་ ཐོན་སྡོད་པའི་སྐབས་ལུ་ དེ་བཟུམ་མའི་ ཞབས་ཏོག་དེ་ བྱ་སྟབས་བདེ་བའི་ཁར་ དངུལ་ཁང་ཚུ་ནང་ རུ་པི་བརྗེ་སོར་འབད་ནིའི་དོན་ལུ་ ཡིག་ཆ་ཚུ་བཏོན་ཏེ་ གཞན་དང་གཅིག་ཁར་ སྒུག་སྡོད་དགོཔ་མིན་འདུག་ཟེར་ཨིན་པས།
ཝེསི་ཊཱན་ཡུ་ནི་ཡཱན་ མོ་ནི་ཊཱནསི་ཕར་ཐོག་ལས་ ཏི་རུ་བསྐྱལ་བའི་སྐབས་ལུ་ ཏི་རུ་སྐྱེལ་སའི་རྒྱལ་ཁབ་ ག་ཏེ་ཨིན་ན་དང་འཁྲིལ་ རྒྱལ་ཁབ་དེ་ནང་གི་ ཏི་རུ་ལུ་ བསྒྱུར་བཅོས་འབད་ཐོག་ལས་ སྤྲོད་དོ་ཡོདཔ་ལས་ རྒྱ་གར་ལུ་ དཔེ་ཆ་ལྷབ་མི་ སློབ་ཕྲུག་གི་ ཕམ་ཚུ་གིས་ འབྲུག་འགྲེམ་ལུ་ དངུལ་ཀྲམ་སྤྲོད་དོ་ཡོདཔ་ཨིན་རུང་ རྒྱ་གར་ལུ་ ལྷོད་པའི་བསྒང་ལས་ རུ་པི་སྦེ་ ཐོབ་དོ་ཡོདཔ་ཨིན་པས།
འབྲུག་འགྲེམ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཞབས་ཏོག་དེ་ རྒྱ་གར་ལུ་ དཔེ་ཆ་ལྷབ་མི་ འབྲུག་པའི་སློབ་ཕྲུག་ཚུ་དང་ གནས་སྐོར་འགྱོ་མི་ཚུ་ལུ་དམིགས་ཏེ་ སྤྱི་ལོ་༢༠༠༢ ལུ་ འགོ་བཙུགས་ཅི་ཟེར་ཨིན་པས། 
ཞི་གཡོགཔ་ཅིག་ཨིན་མི་ སངས་རྒྱས་ཀྱི་ ཨ་ལུ་༡ ཡང་ རྒྱ་གར་ལུ་ དཔེ་ཆ་ལྷབ་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་བཟུམ་མའི་ ཕམ་ཚུ་གིས་ ཨ་ལུའི་དོན་ལུ་ ཟླ་རིམ་གྱི་ ཁང་གླ་དང་ ཟད་འགྲོ་ཚུ་ ཨ་རྟག་ར་ སྐྱེལ་དགོཔ་འཐོནམ་ལས་ འབྲུག་གི་དངུལ་ཁང་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཞབས་ཏོག་དེ་ཡང་ མཚམས་འཇོག་མི་འབད་ག་མནོ་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ཨིན་རུང་ འབྲུག་ལས་ རྒྱལ་ཁབ་གཞན་ཁར་ ཏི་རུ་བསྐྱལ་ནི་ཚུ་ གངམ་མེད་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ གནང་བ་ཞུ་དགོཔ་ཨིན་པའི་གནས་ཚུལ།

No comments:

Post a Comment