གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བ་འཇོ་ཁྲོམ་ བྱ་ཆི་ཆི་སྦེ་ མཐོངམ་ཨིན་རུང་ ནང་ན་ཚུལ་ལྡན་མེདཔ།


བ་འཇོ་ཁྲོམ་སྦུག་ལུ་ བཟོ་སྐྲུན་གྱི་ཅ་ཆས་ལྷག་ལུས་ རག་རོག་དང་
གསང་སྤྱོད་ཚུ་གི་མཐོང་སྣང་།
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

དབང་འདུས་ཕོ་བྲང་ བ་འཇོ་ཁྲོམ་དེ་ ཕྱི་ཁ་ལས་བལྟཝ་ད་ བྱ་ཆི་ཆི་སྦེ་ མཐོངམ་ཨིན་རུང་ ཁྲོམ་ནང་ན་ འགྱོ་བལྟ་བ་ཅིན་ རྣམ་རྟོག་ལང་སི་སིའི་ མཐོང་སྣང་བྱུང་མི་དེ་ཡང་ བཟོ་སྐྲུན་གྱི་ ཅ་ཆས་རག་རོ་ཚུ་ ག་ལྷོད་སར་ བཀོག་བཞག་པའི་ཁར་ གཡུར་བ་ཚུ་ མ་སེལ་བར་ བཞག་མི་ལུ་བརྟེན་ ཁྲོམ་ལམ་བདའ་སྟེ་ ཆུ་འཁྱིལ་ཡོདཔ་མ་ཚད་ ས་གོ་ལ་ལུ་ཅིག་ནང་ བཙོག་གཡུར་མེདཔ་ཐལ་མི་ལས་ དྲིམ་སྡུག་ཁིག་ཁི་སྦེ་ མནམ་ཨིན་པས།

ཁྱིམ་གྱི་ཇོ་བདག་ཚུ་གིས་ སླབ་མིའི་ནང་ འདི་བཟུམ་མའི་ གནས་སྟངས་ཁམས་ལོག་སི་སི་ཡོད་མི་ལུ་བརྟེན་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་ཡོདཔ་ལས་ ཁྲོམ་སྡེ་ལུ་ དཀའ་ངལ་སེལ་ཐབས་འབད་དགོ་པའི་སྐོར་ ཚར་ལེ་ཤ་ཅིག་ར་ སྙན་ཞུ་འབད་ཡོད་རུང་ ངོས་ལེན་འབད་ནི་མིན་འདུག་ཟེར་ཨིན་པས། 
ཚོང་པ་རིན་ཆེན་གྱིས་འབད་བ་ཅིན་ བཙོག་གཡུར་བསུབས་མི་ལུ་བརྟེན་ ཆབ་གསང་གི་བཙོག་ཆུ་ ཁོ་གི་ ཁྱིམ་གདོང་ཁར་ འཁྱིལ་སྡོདཔ་ལས་ ཨ་རྟག་ར་ སེལ་དགོཔ་འཐོནམ་མ་ཚད་ ཕྱིའི་མགྱོནམ་དང་ ལྟ་བཤལ་པ་ཚུ་འོངམ་ད་ ངོ་ཚ་སྟེ་ ཕྱི་ཁ་རང་ འཐོན་ནི་མེད་ཟེར་ཨིན་པས།
ཁྲོམ་སྡེའི་བཀོད་ཁྱབ་བཟོ་རིག་འགོ་དཔོན་འོག་མ་ བློ་བཟང་གིས་ སླབ་མིའི་ནང་ ཁྲོམ་གྱི་ལམ་དང་ གཡུར་བ་ཚུ་ བ་འཇོ་ཁྲོམ་མ་ཆགས་པའི་ཧེ་མ་ལས་ གཞུང་གིས་ བསལ་ཡོད་རུང་ ཤུལ་ལས་ མི་ཚུ་གིས་ ག་ཐོབ་རྐྱབ་སྟེ་ སྒྲིང་ཁྱིམ་རྐྱབ་པའི་སྐབས་ མཐུན་རྐྱེན་དེ་ཚུ་ མེདཔ་བཏང་ནུག་ཟེར་ཨིནམ་ད་ དེ་ཡང་ བཟོ་སྐྲུན་གྱི་ཅ་ཆས་ རྡོ་དང་ཤིང་ དེ་ལས་ ལྕགས་ཚུ་ འཁོར་ལམ་དང་ གཡུར་བ་ཚུ་གི་ཐོག་ཁར་ བཞག་པའི་སྐབས་ མེདཔ་ཡར་སོ་ནུག་ཟེར་ཨིན་པས།
ཨིན་རུང་ གཞུང་གིས་ གཡུར་བ་དེ་ དངུལ་ཀྲམ་ས་ཡ་༣.༥ གི་ཐོག་ལས་ ཉམས་བཅོས་འབད་ནི་དང་ ཁྲོམ་ལམ་དེ་ཡང་ ཉམས་བཅོས་འབད་ནི་ཟེར་ བློ་བཟང་གིས་ བཤདཔ་ཨིན་པས།
ཚོང་པ་ཚུ་ དབང་འདུས་ཁྲོམ་རྙིངམ་ལས་ བ་འཇོ་ཁྲོམ་ནང་ ན་ཧིང་ སྤྱི་ཟླ་༨ པའི་ནང་ སྤོ་བཤུད་འབད་ཡོདཔ་ཨིན་རུང་ ཁྲོམ་གྱི་སྦུག་ལུ་ བཟོ་སྐྲུན་གྱི་ ཅ་ཆས་ལྷག་ལུས་ཚུ་ ག་ལྷོད་སར་ སྤུངས་བཞག་ཡོདཔ་མ་ཚད་ ལས་མི་སྡོད་སའི་ གནས་སྐབས་ཀྱི་སྒར་དང་ གསང་སྤྱོད་ཚུ་ཡང་ ག་ལྷོད་སར་ བཟོ་ཡོདཔ་ལས་ ཁྲོམ་སྡེ་ལས་འཛིན་གྱི་ཧོངས་ལས་ འབྲེལ་ཡོད་ཇོ་བདག་ཚུ་ལུ་ ཅ་ཆས་ཚུ་ བསྡུ་དགོ་པའི་སྐོར་ ཡང་བསྐྱར་དུ་ དྲན་གསོ་འབད་ཡོད་རུང་ མང་ཤོས་ཅིག་གིས་ར་ ངོས་ལེན་འབད་མ་བཏུབ་པས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཇོ་བདག་ཚུ་གིས་ སྤྱི་ཟླ་༣ པའི་ཚེས་༢༢ ཀྱི་ ནང་འཁོད་ལུ་ ཅ་ཆས་རག་རོ་ཚུ་ བསྡུ་མ་གཏང་པ་ཅིན་ ཁྲོམ་སྡེ་གིས་ བསྡུ་བསྒྱོམ་ཐོག་ བཀོ་གཏང་ནི་དང་ སྦ་སྒོར་ཚུ་ཡང་ བཤིག་གཏང་ནི་ཟེར་ཨིན་པས།
ཁྲོམ་སྦུག་ལུ་ཡོད་མི་ ས་གོ་དེ་ གཞུང་ས་ཨིནམ་ལས་ བཟོ་སྐྲུན་གྱི་ ཅ་ཆས་དང་ རག་རོ་ཚུ་ བསྡུ་ཐོག་ལས་ ས་གོ་དེ་ནང་ རྩེད་ཐང་དང་ ཨ་ལུ་རྩེདམོ་རྩེ་སའི་ས་ཁོངས་བཟོ་ནི་ དེ་ལས་ ཁྲོམ་དཔོན་གྱི་ ཡིག་ཚང་ཚུ་ བཟོ་སྐྲུན་འབད་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment