གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་ལུགས་ལུ་ མ་གནས་པ་ཅིན་ ཉེས་བྱ་ལུ་ཡངས་ཆག་མེདཔ།


ཤེས་རབ་བསྟན་འཛིན།

ཐིམ་ཕུ་ལུ་ སྣུམ་འཁོར་དང་འབྲེལ་ རྐྱེན་ངན་ཚུ་ ལོ་བསྟར་བཞིན་དུ་ ཡར་འཕར་འགྱོ་དོ་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་ལྟ་རྟོག་སྡེ་ཚན་གྱིས་ ཞིབ་དཔྱད་ཚུ་དམ་དམ་འབད་དོ་ཡོདཔ་ལས་ དུས་ཅི་ཡང་ སྤྱི་ཟླ་དང་པ་དང་༢ པ་རྐྱངམ་གཅིག་ནང་ར་ མི་གྲངས་༡,༤༧༧ ལུ་ཉེས་བྱ་ཚུ་ བཀལ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་ ཐོ་བཀོད་དང་འཁྲིལཝ་ད་ ཉེས་བྱ་ཕོག་མི་ཚུ་ཡང་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ བཏང་མི་དང་ ཆང་དང་སྨྱོ་རྫས་སྤྱོད་ཐོག་ལས་བཏང་མི་ སྣུམ་འཁོར་གཏང་ནིའི་ ཆོག་ཐམ་མེད་མི་ དེ་ལས་ སྣུམ་འཁོར་བཏངམ་ད་ འགྲུལ་འཕྲིན་མོ་བཱ་ཡེལ་ལག་ལེན་འཐབ་མི་དང་ ཁྲིམས་ལུགས་ལུ་ མ་གནས་མི་ཚུ་ཨིན་པས།
འདས་པའི་ཟླཝ་༢ ཀྱི་རིང་ སྣུམ་འཁོར་བཏང་མི་ཚུ་ལས་ ཉེས་བྱ་དངུལ་ཀྲམ་ས་ཡ་༡.༤ ལྷགཔ་ཅིག་ བསྡུ་ལེན་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ མི་ཚུ་ལུ་ སྣུམ་འཁོར་གཏང་ཐངས་དང་ ཁྲིམས་ལུགས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ ག་དེམ་ཅིག་ར་ འགོ་འདྲེན་འཐབ་རུང་ མང་ཤོས་ཀྱིས་ སེམས་ཁར་མི་བཞག་པས་ཟེར་ཨིན་པས
ཁོ་གིས་ སླབ་མིའི་ནང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ཡང་ སྣུམ་འཁོར་བཏང་ཆོག་པའི་ ཆོག་ཐམ་བྱིན་ནིའི་དོན་ལུ་ དུས་ཡུན་ཟླ་ངོ་༦ རེ་ སྦྱོང་བརྡར་ བྱིན་པའི་སྐབས་ སྣུམ་འཁོར་གཏང་ཐངས་དང་ ལམ་ལུགས་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་རུང་ ཤུགས་ཚད་ལས་བརྒལ་ གཏང་མ་ཆོགཔ་དང་ མང་ཤོས་ཅིག་གིས་ ཤེས་ཅི་མཐོང་ཅི་ར་ ཁྲིམས་འགལ་གྱི་ ལཱ་འབད་དོ་ལས་ ཁོང་གི་ཁ་ཐུག་ལས་ ཉེས་བྱ་ཚུ་ ཡངས་ཆག་མེད་པར་ བཀལ་དོ་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཞིབ་དཔྱད་ཚུ་ རྫོང་ཁག་༢༠ ཆ་མཉམ་ནང་ ཚུལ་བཞིན་དུ་ འབད་དོ་ཡོདཔ་ཨིན་རུང་ སྣུམ་འཁོར་གྱི་ གྱངས་ཁ་མཐོ་དྲགས་ཡོད་མི་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ སྤ་རོ་ བསམ་གྲུབ་ལྗོངས་མཁར་ དེ་ལས་ དགེ་ལེགས་ཕུག་ཁྲོམ་ཚུ་ནང་ ལྷག་པར་དུ་ དམ་སྒྲིང་ཐོག་འབད་དོ་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་དང་པ་ལས་ ད་ལྟོ་ཚུན་གྱི་བར་ན་ ཐིམ་ཕུ་རྐྱངམ་གཅིག་ནང་ར་ སྣུམ་འཁོར་གྱི་རྐྱེན་ངན་༢༡༦ བྱུང་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༡༨ ལུ་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུ་དང་ བར་སྦིས་སའི་ མགྱོགས་ལམ་དེ་ རྒྱ་སྦོམ་སྦེ་ཡོད་པའི་ཁར་ སྟབས་བདེ་ཏོག་ཏོ་ཡོད་ནི་དེ་གིས་ དེད་གཡོགཔ་མང་ཤོས་ཅིག་གིས་ར་ སྣུམ་འཁོར་ཚུ་ ཤུགས་ཚད་ལས་བརྒལ་ཏེ་ བཏང་དོ་ཡོདཔ་ལས་ ལམ་དེ་ཁར་ སྣུམ་འཁོར་གྱི་ མགྱོགས་ཚད་བལྟ་ཞིབ་འབད་ནིའི་དོན་ལུ་ འཕྲུལ་ཆས་ཚུ་ཡང་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment