གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨྱོ་རྫས་ནག་ཚོང་འཐབ་མི་ཅིག་འཛིན་བཟུང་།


ཁྲིམས་སྲུང་འགག་པ་གིས་ འཕྱོག་བཟུང་འབད་ཡོད་མི་ སྨན་ལེབ་ཚུ།
ཡེ་ཤེས་སྒྲོལ་མ།

༉ ཁ་ཙ་དྲོ་པ་ཆུ་ཚོད་༨ དེ་ཅིག་ཁར་ ཐིམ་ཕུ་བརྒྱ་འཁོར་ཚོད་བསྲེ་ཁྲོམ་ཁ་ལས་ སྨྱོ་རྫས་ནག་ཚོང་འཐབ་པའི་ དོགས་པ་ཡོད་མི་ སྐྱེས་ལོ་༢༦ འབད་མི་ ཕོ་སྐྱེས་ཅིག་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ནུག།
དེ་ཡང་ ཕོ་སྐྱེས་དེ་ ཚོད་བསྲེ་ཁྲོམ་ཁར་ སྨྱོ་རྫས་ཉོ་མི་ འཚོལ་བའི་བསྒང་ཡོད་པའི་སྐོར་ ཁྲིམས་སྲུང་འགག་པ་གིས་ གསང་བའི་སྙན་ཞུ་ཐོབ་པའི་ཤུལ་ལུ་  འཛིན་བཟུང་འབད་ཡོདཔ་ད་ དེ་བསྒང་ ཁོ་གི་ལག་པར་ སྨྱོ་རྫས་ཨིསི་པེསི་མོ་ པོ་རོག་སི་བཱོན་སྨན་ལེབ་༡,༡༤༨ དང་ ནི་ཊོ་སིན་༡༢༢ འབག་སྟེ་ཡོདཔ་ཨིན་པས།

ད་ལྟོ་ དོ་དམ་འོག་ལུ་ཡོད་མི་ དོགས་ཅན་དེ་ དགེ་ལེགས་ཕུག་ ཨུམ་གླིང་ལས་ཨིན་པའི་ཁར་ སློབ་རིམ་༦ པ་ཚུན་ དཔེ་ཆ་ལྷབ་པའི་ཤུལ་ལུ་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་ཅིག་ཨིན་པས།
སེམས་ཁམས་འཁྲུགས་རྫས་ཁྲིམས་ལུགས་ བསྟར་སྤྱོད་སྡེ་ཕྲན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་དང་པའི་ནང་ སྨྱོ་རྫས་དང་འབྲེལ་བའི་ རྩོད་དོན་ཁག་༡༢ དང་ སྤྱི་ཟླ་༢ པའི་ནང་༤༡ དེ་ལས་ སྤྱི་ཟླ་༣ པའི་ནང་༡༥ ཐོན་ཡོད་པའི་གནས་ཚུལ།

No comments:

Post a Comment