གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱིབ་ཀྱིས་བཟོ་མི་ རྩྭ་གདན་འཐིང་ནིའི་ལཱ་ཚུ་ འགོ་བཙུགས་ཡོདཔ།


གྱིབ་ཀྱི་རྩྭ་གདན་ འཐིང་ནིའི་དོན་ལུ་ གྲ་སྒྲིག་འབད་མི་
ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་།

ཉི་མ་དབང་འདུས།

རྒྱལ་སྤྱི་ཕུཌ་བཱོལ་ཚོགས་སྡེ་ ཕི་ཕ་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་བཙུགས་མི་ གཱོལ་ལས་འགུལ་གྱིས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྩེད་ཐང་ནང་ གྱིབ་ཀྱིས་བཟོ་མི་ རྩྭ་གདན་འཐིང་ནིའི་ལཱ་ཚུ་ འགོ་བཙུགས་ཡོདཔ་ད་ ད་ལྟོ་ རྩེད་ཐང་གི་ ས་ཁོད་སྙོམས་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།

དེ་དང་གཅིག་ཁར་ ལྕང་ཇི་ཇི་གི་ རྩེད་ཐང་དེ་ཡང་ རྩེད་ཐང་ཆུང་བ་༢ སྦེ་ བཟོ་ཞིནམ་ལས་ གྱིབ་ཀྱི་རྩྭ་གདན་ འཐིང་ནིའི་ལཱ་ཚུ་ དུས་མཉམ་ཐོག་ལས་ འབད་ནི་ཨིན་པས།
ལྕང་གླིང་མི་ཐང་ནང་ གྱིབ་ཀྱི་རྩྭ་གདན་ འཐིང་ནིའི་ལཱ་ཚུ་ འབད་ཚར་བའི་ཤུལ་ལུ་ རྒྱལ་སྤྱིའི་གནས་ཚད་ཐོག་གི་ འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་ཚུགས་ནི་ཨིནམ་མ་ཚད་ ཕུཌ་བཱོལ་རྩེ་མི་ཚུ་གིས་ ལྕང་ཇི་ཇི་གི་ རྩེད་ཐང་ཆུང་བ་༢ ནང་ སྦྱང་བ་འབད་ཚུགས་ནི་ཨིན་པས།
འབྲུག་ཕུཌ་བཱོལ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཨོ་རྒྱན་དབང་ཕྱུག་གིས་འབད་བ་ཅིན་ ལྕང་གླིང་མི་ཐང་ནང་ རྩེད་ཐང་རིང་ཚད་མི་ཊར་༡༡༣ དང་ རྒྱ་ཚད་མི་ཊར་༧༣ གུ་ གྱིབ་ཀྱི་རྩྭ་གདན་ འཐིང་ནི་དང་ ལྕང་ཇི་ཇི་ལུ་ རྩེད་ཐང་རིང་ཚད་མི་ཊར་༤༠ དང་ རྒྱ་ཚད་མི་ཊཪ་༢༠ དེ་རེ་འབད་མི་༢ ནང་ཡང་ གྱིབ་ཀྱི་རྩྭ་གདན་ འཐིང་ནི་ཨིན་ཟེར་ སླབ་ཨིན་པས།
ལྕང་ཇི་ཇི་གི་ རྩེད་ཐང་ཆུང་བ་༢ ནང་ མི་༧ རེ་འབད་བའི་ སྡེ་ཚན་ཚུ་གིས་ ཁོང་ར་ སྦྱང་བ་འབད་ནིའི་དོན་ལུ་ རྩེད་འགྲན་ཚུ་ འབད་ཚུགས་ནི་ཨིནམ་ད་ གྱིབ་ཀྱི་རྩྭ་གདན་ འཐིང་མི་ཚུ་གིས་ ལོ་ངོ་༨ དེ་ཅིག་ ཐུབ་ནི་ཨིན་པས།
ལཱ་དེ་ཡང་ ཕི་ཕ་གིས་ རྒྱ་གར་ལུ་ གཞི་བཙུགས་འབད་དེ་ཡོད་མི་ གི་རིན་ཕིལཌི་ཟེར་མི་ བཟོ་སྐྲུན་ལས་སྡེ་ལུ་ སྤྲོད་དེ་ཡོདཔ་ད་ ལཱ་དེ་གི་དོན་ལུ་ ཟད་འགྲོ་ཡོངས་བསྡོམས་ ཡུ་ཨེསི་ཌོ་ལར་༩༠༠,༠༠༠ བཞག་ཡོད་མི་ལས་ ཌོ་ལར་༦༢༢,༢༠༠ ལྕང་གླིང་མི་ཐང་གི་དོན་ལུ་དང་ ཡུ་ཨེསི་ཌོ་ལར་༢༧༧,༨༠༠ ལྕང་ཇི་ཇི་གི་ རྩེད་ཐང་དོན་ལུ་ཨིན་པས།
ལས་འགུལ་གྱི་ གོ་རིམ་༣ པ་དང་༤ པ་ཨིན་མི་ ཟླཝ་༣ འབད་མི་ལཱ་དེ་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༨ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༥ པ་ རྫོགས་ཁམས་ལས་ མཇུག་བསྡུ་དགོཔ་སྦེ་ ཁག་འབག་གི་ ཆིངས་ཡིག་ནང་ བཀོད་དེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལས་འགུལ་གྱི་ལཱ་ ཐེངས་༢ པ་ཨིན་མི་ སྦྱོང་བརྡར་རྩེད་ཐང་ལྟེ་བ་ཅིག་ དགེ་ལེགས་ཕུག་ལུ་སྦེ་ བཟོ་བཀོད་འབད་བའི་བསྒང་ཡོདཔ་ད་ དེ་བཟུམ་མའི་ ལས་འགུལ་འགོ་འདྲེན་འཐབ་དགོ་མི་དེ་ཡང་ ཕི་ཕ་གིས་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ཕུཌ་བཱོལ་གྱི་དོན་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ ལེགས་ཤོམ་བཟོ་ནི་དང་ ཡར་དྲག་གཏང་ནིའི་དོན་ལུ་ ཨིན་པའི་གནས་ཚུལ།

No comments:

Post a Comment