གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་དེ་ སློབ་གྲྭ་དྲག་ཤོས་ཅིག་ཨིནམ?


༉ སློབ་ཕྲུག་ཚུ་གིས་ བཀོད་ཚོགས་ཆོས་རྒྱུགས་ནང་ཐོབ་མི་སྐུགས་ཚུ་ སློབ་གྲྭ་ཅིག་ནང་ ཤེས་ཡོན་གྱི་ སྤུས་ཚད་དང་ འབྲེལ་གནད་ཡོད་པའི་ བརྡ་མཚོན་ཅིག་ཨིན་པ་ཅིན་ ན་ཧིང་གི་ལོ་ནང་ བཀྲིས་སྒང་རྫོང་ཁག་ ཝམ་རོང་ལུ་ཡོད་མི་ བཀྲིས་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་དེ་ འབྲུག་རྒྱལ་ཁབ་ནང་ སློབ་གྲྭ་དྲག་ཤོས་ཀྱི་གྲངས་སུ་ ཚུདཔ་ཨིན་པས།

དེ་ཡང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་འོག་ལུ་ཡོད་མི་ མཐོ་རིམ་སློབ་གྲྭ་༡༠ ནང་ མཐོ་རིམ་ཤེས་ཡོན་སྦྱང་ནིའི་དོན་ལུ་ སློབ་རིམ་༡༢ པ་ལས་ གདམ་འཐུ་གྲུབ་མི་ སློབ་ཕྲུག་གི་ གྱངས་ཁ་མཐོ་ཤོས་ར་ བཀྲིས་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་ལས་ཨིན་པས།
སློབ་ཚན་ཁག་༤༣ ལྷབ་ནིའི་དོན་ལུ་ སློབ་ཕྲུག་ཡོངས་བསྡོམས་༡,༥༢༡ གདམ་འཐུ་གྲུབ་མི་ལས་ བརྒྱ་ཆ་༦༨ བཀྲིས་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཚུ་ཨིནམ་སྦེ་ འབྲུག་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ སློབ་ཕྲུག་གི་ གྲུབ་འབྲས་ཟིན་བྲིས་སྙན་ཞུ་ནང་ གསལ་བཀོད་འབད་ནུག།
བཀྲིས་རྩེའི་སློབ་ཕྲུག་ཚུ་གིས་ འབྲུག་ལུ་ཡོད་མི་ མཐོ་རིམ་སློབ་གྲྭའི་ སྡོད་ཁྲི་མང་ཤོས་ཅིག་ ཐོབ་ཡོད་པའི་ཁར་ ཕྱི་རྒྱལ་ལུ་ མཐོ་རིམ་སློབ་གྲྭའི་ ཤེས་ཡོན་སྦྱང་ནི་གི་དོན་ལུ་ སློབ་གཉེར་གྲོགས་རམ་ མཐོ་ཤོས་ར་ ཐིམ་ཕུ་དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཚུ་གིས་ ཐོབ་ནུག་ཟེར་ སྙན་ཞུའི་ནང་བཀོད་ནུག།
སློབ་གཉེར་ཐོབ་མི་དེ་གིས་ཡང་ ན་ཧིང་ དབྱངས་ཅན་ཕུག་དེ་ སློབ་གྲྭ་དྲག་ཤོས་ཅིག་ཨིན་པའི་ བརྡ་མཚོན་ཡང་ གསལ་སྟོན་འབདཝ་ཨིན་པས།
སློབ་གཉེར་ཐོབ་མི་ སློབ་ཕྲུག་༢༡༤ ལས་༣༩ དབྱངས་ཅན་ཕུག་སློབ་གྲྭ་གོང་མའི་ སློབ་ཕྲུག་ཚུ་ཨིན་པའི་ཁར་ སློབ་ཕྲུག་༢༨ འབྲུག་རྒྱལ་འབྲིང་རིམ་སློབ་གྲྭ་གོང་མ་དང་ སློབ་ཕྲུག་༢༠ མཁའ་གླིང་འཇིགས་མེད་ཤེས་རབ་གླིང་ དེ་ལས་ སློབ་ཕྲུག་༡༦ བཀྲིས་རྩེ་སློབ་གྲྭ་ལས་ཨིན་པས།
དེ་ལས་ སྒེར་སྡེ་སློབ་གྲྭ་ཚུ་གི་གྲས་ལས་ ཨྱོན་རིག་པའི་འབྱུང་གནས་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་༨ དང་ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་༡ གིས་ སློབ་གཉེར་གྲོགས་རམ་ཐོབ་ནུག།
མ་གཞི་ ཐིམ་ཕུའི་སློབ་གྲྭ་ཚུ་ སློབ་གྲྭ་གཞན་ཚུ་དང་ཕྱདཔ་ད་ ལེ་ཤ་གིས་ དྲག་དོ་བཟུམ་ཅིག་ཨིན་རུང་ སློབ་གྲྭའི་གྲུབ་འབྲས་ཚུ་ རྫོང་ཁག་སོ་སོ་དང་ ཁྱད་པར་བལྟ་མིའི་ནང་ ཐིམ་ཕུ་དེ་ གསལ་བཀོད་མ་འབད་བར་ཡོདཔ་ད་ འབྲུག་གི་ཤར་ཕྱོགས་རྫོང་ཁག་ཚུ་ནང་གི་ སློབ་གྲྭ་ཚུ་གི་ གྲུབ་འབྲས་དེ་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཁའི་ སློབ་གྲྭ་ཚུ་ལས་ དྲག་དོ་ཡོདཔ་ཨིན་པས།
དེ་ཡང་ བཀྲིས་གཡང་རྩེ་གིས་ སྐྱེ་ལྡན་རིག་པ་དང་ རྒྱལ་རབས་ནང་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་མ་ཚད་ པདྨ་དགའ་ཚལ་གྱིས་ ཚོང་རིག་དང་ ས་ཆའི་རིག་པ་ནང་ གྲུབ་འབྲས་ལེགས་ཐོན་དང་ བཀྲིས་སྒང་གིས་ རྫོང་ཁ་དང་ རྩིས་ནང་དྲག་ཤོས་ཐོན་ཡོདཔ་ད་ ཀྲོང་གསར་གྱིས་ དངོས་ཁམས་ཆོས་ཚན་དང་ དབང་འདུས་ཕོ་བྲང་གིས་ རྫོང་ཁ་རིག་གཞུང་ནང་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ གོང་འཕེལ་དུམ་གྲ་ཅིག་ལས་ མ་འགྱོ་མི་ རྫོང་ཁག་ཅིག་ཨིན་མི་ ལྷུན་རྩེ་རྫོང་ཁག་ནང་ དཔལ་འབྱོར་རིག་པའི་ ཆོས་ཚན་ནང་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་ད་ སྤྱིར་བཏང་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ དཔལ་འབྱོར་ནང་ གྲུབ་འབྲས་ལེགས་ཐོན་མེདཔ་ཨིན་པས།
འབྲུག་ཆོས་རྒྱུགས་བཀོད་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སློབ་རིམ་༡༠ པ་དང་༡༢ པ་གཉིས་ཆ་རའི་ སློབ་ཕྲུག་སྟོང་ཕྲག་མང་རབས་ཅིག་གི་སྐུགས་དང་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ བརྟག་ཞིབ་འབད་དེ་ བདུན་ཕྲག་༣ ལང་ཡོདཔ་ད་ མཐའ་དཔྱད་སྙན་ཞུ་དེ་ སྤྱི་ཟླ་༥ པའི་ནང་ གཏན་འཁེལ་བཟོ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment