གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲག་གི་དཔེ་ཚད་བརྟག་དཔྱད་ཀྱི་གྲུབ་འབྲས་ལུ་ རག་ལས་ནི།


ཡེ་ཤེས་སྒྲོལ་མ།

འཕྲལ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་ སྐྱེས་ལོ་༡༣ ལས་ ཨ་ལུ་སྐྱེས་མི་བུམོ་དེ་ ན་ཧིང་ སྐྱེས་ལོ་༡༧ ལང་མི་ བུཚ་ཅིག་གིས་ དབང་བཙོང་ལུས་འབྲེལ་འབད་བའི་སྐོར་ལས་ བུམོ་དེ་གི་ ཕམ་ཚུ་གིས་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ཚེས་༢༡ ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བདུན་ཕྲག་༢ བཞག་པའི་ཤུལ་ལས་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༥ ལུ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བུམོ་དེ་དང་ དོགས་པ་ཅན་༢ ཀྱི་བར་ན་ ཡི་གུ་ཚུ་ ཕར་ཚུར་བསྐྱལ་ནུག་ཟེར་ཨིནམ་ད་ བུམོ་དེ་ ཨ་ལུ་ཆགས་ཏེ་ ཟླཝ་༦ ལངམ་ད་མ་གཏོགས་ སྙན་ཞུ་མ་འབད་བས་ཟེར་ཨིན་པས།
དོགས་པ་ཅན་གྱིས་ ཁྲིམས་སྲུང་འགག་པ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ བུམོ་དེ་གིས་ ཁོ་ལུ་ དགའ་མི་ལུ་བརྟེན་ གཅིག་ཁར་སྡོད་པའི་སྐོར་ལས་ ཁ་བཟེད་ཅི་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ བུམོ་དེ་ ཨ་ལུ་མ་སྐྱེས་ཚུན་ བུཚ་དེ་གིས་ རྒྱབ་མི་བཙུགས་ཡོདཔ་མ་ཚད་ བུཚ་དེ་གི་ ཁྲག་གི་དཔེ་ཚད་ཡང་ བརྟག་དཔྱད་འབད་བར་ བཏང་ནུག་ཟེར་ཨིན་པས།
བུམོ་དེ་གིས་ སྤྱི་ཟླ་༣ པའི་ཚེས་༡༥ ལུ་ ཨ་ལུ་བུམོ་ཅིག་ སྐྱེས་ཡོདཔ་ཨིན་པས།
བདེ་བ་ཐང་གི་རྒཔོ་ སངས་རྒྱས་དཔལ་བཟང་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ རྫོང་ཁག་གི་དྲང་དཔོན་ མེད་ནི་དེ་གིས་ བདུན་ཕྲག་༢ ཀྱི་ཤུལ་ལས་ ལོག་ལྷོདཔ་ད་ རྩོད་བཤེར་འབད་ནི་མས་ཟེར་ཨིན་པས།
ད་རུང་ གནས་ཚུལ་བཤད་མི་ཅིག་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ ཁྲག་གི་དཔེ་ཚད་བརྟག་དཔྱད་ནང་ ཨ་ལུའི་ཨ་པ་དེ་ སྐྱེས་ལོ་༡༧ ལང་མི་བུཚ་དེ་ ངེས་བདེན་ཨིན་པའི་ ངོས་འཛིན་འབྱུང་པ་ཅིན་ དབྱེ་རིམ་༢ པའི་ ཉེས་ཕྲ་ནང་ ཉེས་འཛུགས་འབད་འོང་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ དབྱེ་རིམ་༢ པ་ནང་ ཉེས་འཛུགས་འབད་བ་ཅིན་ བཙོན་ཁྲིམས་ལོ་༩ ལས་༡༥ འི་བར་ན་ ཕོག་ནི་མས་ཟེར་ཨིནམ་ད་ གལ་སྲིད་ ཨ་ལུའི་ ཨ་པ་མེན་པའི་ ངོས་འཛིན་འབྱུང་པ་ཅིན་ བུམོ་དེ་ལུ་ མི་དཀར་ལུ་ ཞྭ་ནག་སྤུབས་པའི་ ཉེས་འཛུགས་ཕོག་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment