གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་བསྟར་འབབ་ཁུངས་ དངུལ་ཀྲམ་དུང་ཕྱུར་༦༢ རེ་ བཟོ་ཚུགས་པའི་དམིགས་ཚད།


སྤྱི་ལོ་༢༠༢༠ ལུ་ གློག་ཤུགས་མེ་ག་ཝཱཊ་བསྡོམས་༡༠,༠༠༠ ཐོན་སྐྱེད་འབད་ནི་གི་ དམིགས་ཚད་དཔག་ཡོད་རུང་ མེ་ག་ཝཱཊ་༦,༦༦༤ ལས་བརྒལ་ ཐོན་སྐྱེད་འབད་མི་ཚུགས་ནི་ཨིན་པས།
བསམ་གཏན་ཡེ་ཤེས།

༉ ནུས་ཤུགས་ལས་ཁུངས་ཀྱིས་ བརྟག་ཞིབ་ཅིག་ འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༠ ལས་ འབྲུག་གིས་ ནང་འཁོད་ལུ་ གློག་མེ་བཙོང་མི་དང་ གློག་མེ་ཐེབས་འཐོན་མི་ཚུ་ རྒྱ་གར་ལུ་ ཕྱིར་བཙོང་འབད་ཐོག་ལས་ ལོ་བསྟར་བཞིན་དུ་ འོང་འབབ་ཡོངས་བསྡོམས་ དངུལ་ཀྲམ་དུང་ཕྱུར་༦༢ རེ་ བཟོ་ཚུགས་པའི་ འོས་འབབ་ཡོདཔ་ཨིན་པས།

ཨིན་རུང་ སྤྱི་ལོ་༢༠༡༠ ལུ་ འབྲུག་གིས་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ཧྲིལ་བུ་ཐོན་སྐྱེད་འབད་མི་ཚུགས་ནི་བཟུམ་ཅིག་འདུག་ཟེར་ བརྟག་ཞིབ་སྙན་ཞུའི་ནང་ བཀོད་ཡོདཔ་ད་ སྤྱི་ལོ་༢༠༠༩ ལུ་ འབྲུག་དང་ རྒྱ་གར་གཉིས་ཀྱིས་ སྤྱི་ལོ་༢༠༢༠ ལུ་ འབྲུག་གི་གཙང་ཆུ་ཚུ་ སྤྱོད་ཐོག་ལས་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ཐོན་སྐྱེད་འབད་དེ་ གློག་མེ་ཐེབས་ཚུ་ རྒྱ་གར་ལུ་ བཙོང་ནི་སྦེ་ གྲོས་འཆམས་བྱུང་ཡོདཔ་ཨིན།
གློག་མེ་ལས་འགུལ་ཚུ་ནང་ ཁ་གསལ་སྙན་ཞུ་གསལ་བཀོད་འབད་མིའི་ནང་ གློག་མེ་སྤྱོད་འཐུས་ཀྱི་ གོང་ཚད་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༢.༥ ལས་༤.༢༥ གི་བར་ན་ གནས་ནི་ཨིན་པའི་ ཚོད་དཔག་ཐོག་ སྤྱི་ལོ་༢༠༢༠ ལས་ འོང་འབབ་ཡོངས་བསྡོམས་ དངུལ་ཀྲམ་དུང་ཕྱུར་༦༢ དེ་རེ་ བཟོ་ཚུགས་ནི་ཨིན་པའི་ སྔོན་རྩིས་བཏོནམ་ཨིན་ཟེར་ ནུས་ཤུགས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཡེ་ཤེས་དབང་འདུས་ཀྱིས་ སླབ་ཨིན་པས།
འོང་འབབ་ཀྱི་ དམིགས་ཚད་དཔག་མི་ གློག་མེ་ལས་འགུལ་ཚུ་ཡང་ སྤུ་ན་གཙང་ཆུ་དང་པ་དང་༢ མང་སྡེ་ཆུ་ ཁོ་ལོང་ཆུ་ ཨ་མོ་ཆུ་ ལྕམ་མཁར་ཆུ་ ཝང་ཆུ་ བུ་ན་ཁ་ དར་དཀར་ཆུ་ ཉི་ཀ་ཆུ་ཚུ་ཨིནམ་ད་ ལས་འགུལ་དེ་ཚུ་བསྡོམས་ད་ གློག་ཤུགས་མེ་ག་ཝཱཊ་༥,༡༧༦ ཐོནམ་མ་ཚད་ ད་ལྟོ་ ཐོན་སྐྱེད་འབད་བའི་བསྒང་ཡོད་མི་ ལས་འགུལ་༤ གི་ གློག་ཤུགས་ཚུ་ བཀལཝ་ད་ སྤྱི་ལོ་༢༠༢༠ ལུ་ གློག་ཤུགས་བསྡོམས་ཀྱིས་ མེ་ག་ཝཱཊ་༦,༦༦༤ ཐོན་སྐྱེད་འབད་ནི་ཨིན་པས།
འོང་འབབ་ ཚོད་དཔག་འབད་མིའི་ནང་ གློག་མེ་ལས་འགུལ་སྦོམ་ཤོས་ སཱུན་ཀོཤ་དང་ ཀུར་རི་གོང་རི་གློག་མེ་ལས་འགུལ་༢ རྩིས་མ་རྐྱབ་མི་དེ་ཡང་ ལས་འགུལ་དེ་གཉིས་ སྤྱི་ལོ་༢༠༢༠ ལུ་ བསྒྲུབ་ནི་གི་ ངེས་པ་མེད་མི་ལུ་བརྟེན་ཨིན་ཟེར་ ནུས་ཤུགས་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
གློག་ཤུགས་མེ་ག་ཝཱཊ་༢,༠༥༠ འབད་མི་ སཱུན་ཀོཤ་གློག་མེ་ བཟོ་སྐྲུན་ལཱ་དེ་ དུས་ཅི་ལས་ འགོ་བཙུག་ནི་དང་ མེ་ག་ཝཱཏ་༣,༤༠༠ འབད་མི་ ཀུར་རི་གོང་རི་དེ་ སྤྱི་ལོ་༢༠༡༤ ལུ་ འགོ་བཙུག་ནི་ཨིན་པས།
ད་རེས་ནངས་པ་ ཆུ་ཁའི་གློག་མེ་མེ་ག་ཝཱཊ་༣༣༦ དང་ བ་སོ་ཆུ་ལུ་ མེ་ག་ཝཱཊ་༦༤ ཀུར་རི་ཆུ་ལུ་ མེ་ག་ཝཱཊ་༦༠  དར་གླ་གློག་མེ་གིས་ མེ་ག་ཝཱཊ་༡༠༢༠ ཐོན་སྐྱེད་འབད་དོ་ཡོདཔ་ད་ གློག་མེ་འཕྲུལ་ཁང་ཆུང་བ་ཚུ་གིས་ གློག་ཤུགས་བསྡོམས་ མེ་ག་ཝཱཊ་༨ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment