གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁ་ཙ་གི་རྩེད་འགྲན་ནང་ ཐིམ་ཕུ་ཐིམ་ཕུ་ཁྲོམ་སྡེ་ ཕམ་ཡོདཔ།

༢༦/༧/༢༠༡༣   ༉ ཁ་ཙ་ ཀིངསི་ཀ་ལབ་ཕུཊ་བཱོལ་འགྲན་བསྡུར་ནང་ ཐེ་རི་ཨིསི་ཊར་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཏེ་ ཐིམ་ཕུ་ཁྲོམ་སྡེ་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགས་རུང་ དོ་འགྲན་ལེགས་ཤོམ་འབད་མི་ལུ་བརྟེན་ ཉམས་མྱོང་སྦོམ་ ཐོབ་ཡོདཔ་ཨིན་པས།
རྩེད་འགྲན་སྡེ་ཚན་གྱིས་ རྩེད་འགྲན་འགོ་བཙུགས་ནི་ལུ་ གྲ་གྲིགས་འབད་བའི་བསྒང་།


དེ་ཡང་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་ལེགས་ཤོམ་འབད་མི་གིས་ ལྟདམོ་ལྟ་མི་ཚུ་གི་ སེམས་ཁ་ལས་འབད་བ་ཅིན་ གཱོལ་དང་པ་དེ་ སྡེ་ཚན་ག་གིས་ བཙུགས་ནི་ཨིན་ན་ཟེར་ དོགས་པའི་ཐོག་ལུ་ གཏམ་ཕར་ཚུར་སླབ་སྡོད་ཡོདཔ་མ་ཚད་ སྡེ་ཚན་གྱི་ འཛིན་སྐྱོང་པ་ཚུ་ཡང་ རང་སོའི་སྡེ་ཚན་གྱི་ ལྕོགས་གྲུབ་ལུ་ལྟ་སྟེ་ ཡིག་ཆེས་བསྐྱེད་ཡོདཔ་ཨིན་པས།
དུས་ཡུན་སྐར་མ་༢༢ ལངམ་ད་ ཐེ་རི་ཨིསི་ཊར་ལས་ ཡོ་གཱེཤ་གུ་རུང་གིས་ བཱོལ་རྐྱབ་མི་དེ་ ཐིམ་ཕུ་ཁྲོམ་སྡེའི་ སྒོ་སྲུང་པ་ བཱོལ་བཟུང་མི་གིས་ ཤོར་སོཔ་ལས་ ལྟདམོ་ལྟ་མི་ཚུ་གིས་ སྐྱོན་བརྗོད་དང་ རྩེད་ཐང་ནང་ལས་ ཐོན་འགྱོ་དགོཔ་སྦེ་ སྐད་རྐྱབ་ཅི།
མ་གཞི་ ཐིམ་ཕུ་ཁྲོམ་སྡེ་གིས་ གཱོལ་བཙུགས་ནིའི་དོན་ལུ་ བྱང་ཕྱད་སྡེ་ཚན་གྱི་ ས་ཁོངས་ནང་བཱོལ་བདའ་སྟེ་ རྩ་འགེངས་རུང་ བཱོལ་བཟུང་མི་གིས་ གཱོལ་བཏང་མ་བཏུབ་པའི་ཁར་ རྩེད་འགྲན་པ་ཚུ་གིས་ཡང་ གཱོལ་བཙུགས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
བར་མཚམས་ངལ་གསོ་ལས་ སྐར་མ་༥༧ ནང་ ད་རུང་ ཐེ་རི་ཨིསི་ཊར་སྡེ་ཚན་ལས་ དྲི་དོའོསུ་ ཟི་ཀ་ཀི་གིས་ མགུ་ཏོ་བཟེད་ཐོག་ལས་ གཱོལ་བཙུགས་ཡོདཔ་ལས་ ལྟདམོ་ལྟ་མི་དང་ རྒྱབ་སྐྱོར་འབད་མི་ཚུ་ སེམས་ཕམ་སྟེ་ ཁུ་སིམ་སིམ་སྦེ་ སྡོད་དགོཔ་ཐོན་རུང་ སྐར་མ་༧༨ ནང་ ཨྱོན་རྡོ་རྗེ་གིས་ གཱོལ་༡ བཙུགསཔ་ད་ ལོག་སྟེ་ར་ སྡེ་ཚན་ལུ་ དོ་འགྲན་འབད་དགོཔ་སྦེ་ སྐད་རྐྱབ་ནི་འགོ་བཙུགས་ཅི།
ལྟདམོ་ལྟ་མི་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ འབྲུག་པའི་སྡེ་ཚན་གྱིས་ དོ་འགྲན་འབད་དེ་ གཱོལ་བཙུགས་ནི་འབདཝ་ད་ར་ བྱང་ཕྱད་ཀྱིས་ བཱོལ་འཕྱོག་བདའ་ཡོདཔ་ལས་ མཐའན་མཇུག་ལུ་ ད་རུང་ དྲི་དོའོསུ་ ཟི་ཀ་ཀི་གིས་ སྐར་མ་༩༢ ནང་ གཱོལ་བཙུགས་ཡོད་མི་དེ་ འབྲུག་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་ འུ་སྡུག་ཐང་ཆད་མི་ལུ་བརྟེན་ བྱང་ཕྱད་ཀྱི་རྩེད་འགྲན་པ་ཚུ་ བདའ་མ་ཟུན་མི་ལུ་བརྟེན་ཨིན་པས།
ཐིམ་ཕུ་ཁྲོམ་སྡེ་ལས་ འཛིན་སྐྱོང་པ་ ཡེ་ཤེས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ བར་མཚམས་ཀྱི་ཧེ་མ་ སྡེ་ཚན་གྱིས་ དོ་འགྲན་ལེགས་ཤོམ་འབད་སྡོད་པའི་བར་ན་ར་ བཱོལ་བཟུང་མི་གིས་ གཱོལ་ཤོར་མི་དེ་ འཛོལ་བ་སྦོམ་བྱུང་ཡོདཔ་ལས་ སེམས་ཕམ་དགོཔ་བྱུང་ཡི་ཟེར་ཨིནམ་ད་ ངལ་གསོ་གི་ཤུལ་ལས་ སྡེ་ཚན་གྱིས་ དོ་འགྲན་འབད་ཡོདཔ་བཞིན་དུ་ གཱོལ་༡ ལས་ལྷག་སྟེ་བཙུགས་ཚུགས་པའི་ རེ་བ་བསྐྱེད་ཅི་ཟེར་ཨིན་པས།
དེ་འབདཝ་ད་ རྩེད་འགྲན་འབད་མི་ཚུ་ ལོ་ན་ཆུང་ཀུ་ཨིན་པའི་ཁར་ སྦྱོང་བརྡར་ལེགས་ཤོམ་སྦེ་ ཐོབ་མ་ཚུགསཔ་ལས་ ཉམས་མྱོང་ཅན་གྱི་ བྱང་ཕྱད་སྡེ་ཚན་ལས་ རྒྱལ་ཁ་འཐོབ་ནིའི་རེ་བ་མེད་ཟེར་ སླབ་ཨིན་པས།
 ཐེ་རི་ཨེསི་ཊར་ལས་ འཛིན་སྐྱོང་པ་གིས་ འབད་བ་ཅིན་ ནེ་པཱལ་ལུ་ སྡེ་ཚན་དེ་ ཨང་དང་པ་ཐོན་ཡོད་རུང་ ཐིམ་ཕུ་ཁྲོམ་སྡེ་ལས་ རྒྱལ་ཁ་འཐོབ་ནི་མེན་པར་ ཕམ་འོང་མནོ་བའི་དོགས་པ་ལུ་བརྟེན་ ཁ་ཙ་གི་རྩེད་འགྲན་དེ་ མཐའ་བཅད་ཨིནམ་སྦེ་ མནོ་བསམ་བཏང་སྟེ་ དོ་འགྲན་འབད་ཡི་ཟེར་ སླབ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༦ རེས་གཟའ་ཉི་མའི་ ཕྱི་རུ་ཆུ་ཚོད་༤ ལུ་ སྡེ་ཚན་ཀ་པ་ལས་ བང་ལ་དེཤ་ཨ་རམ་བཌ་ ཁྱི་ར་ སངྒ་དང་ ནེ་པཱལ་ལས་ ཨེན་ཨེམ་བི་ མ་ཆིན་ད་ར་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment