གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡིད་འཛིན་སྡེ་ཚན་ ནེ་པཱལ་སྡེ་ཚན་ལས་ཕམ་ཡོདཔ།

༢༥/༧༢༠༡༣   ༉ ཁ་ཙ་ ལྕང་གླིང་མི་ཐང་ནང་སྦེ་ ནེ་པཱལ་ལས་ ཨེལ་ཨེཆ་ཨེམ་ མཱ་ནན་དང་ འབྲུག་ལས་ ཡིད་འཛིན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ནེ་པཱལ་གྱིས་ འབྲུག་པའི་སྡེ་ཚན་ལུ་ གཱོལ་༣ བཙུགསཔ་ད་ ཡིད་འཛིན་གྱིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགས་པས།


དེ་ཡང་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༩ ལུ་ ནེ་པཱལ་ལས་ ཞོ་ན་གིས་ གཱོལ་དང་པ་བཙུགས་པའི་ཤུལ་ལུ་ ད་རུང་ བཙུགས་ནིའི་དོན་ལུ་ རིག་རྩལ་བཏོན་ཐོག་ལས་ སྡེ་ཚན་གྱི་ རྩེད་འགྲན་པ་གཅིག་གིས་གཅིག་ལུ་ ཤོ་སྙོམས་ཏོག་ཏོ་སྦེ་ བཱོལ་ཕར་ཚུར་སྤྲོད་དེ་འབདཝ་ད་ ཡིད་འཛིན་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ རང་སོའི་རིག་རྩལ་ཚུ་བཏོན་ཏེ་ དོ་འགྲན་འབད་ཡི།
གཱོལ་དང་པམ་བཙུགས་པའི་ཤུལ་ལས་ དུས་ཡུན་སྐར་མ་༤༥ མ་ཚང་ཚུན་ལུ་ རྩེད་འགྲན་པ་ཚུ་གིས་ རིག་རྩལ་ལེགས་ཤོམ་བཏོན་ཏེ་ དོ་འགྲན་འབད་བའི་སྐབས་ རྒྱབ་སྐྱོར་འབད་མི་ཚུ་གིས་ འདི་བ་ཡང་དྲགཔ་སྦེ་ རྩེད་འགྲན་འབད་དགོ་ཟེར་ སྐད་རྐྱབ་ཐོག་ལས་ ལག་ཐལ་རྩེ་བརྡུང་སྟེ་ སྤྲོ་བ་བྱུང་ཡི།
བར་མཚམས་ངལ་གསོ་ལས་ སྐར་མ་༥༥ ནང་ ནེ་པཱལ་སྡེ་ཚན་གྱིས་ གཱོལ་༢ པ་བཙུགས་པའི་ཤུལ་ལུ་ ཡིད་འཛིན་གྱིས་ དོ་འགྲན་འབད་དེ་ སྐར་མ་༦༡ ནང་ བཙན་སྐྱོགས་རྒྱལ་མཚན་གྱིས་ གཱོལ་བཙུགས་ཡོདཔ་ལས་ སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་ སྤོབས་ཐོབ་སྟེ་ ད་རུང་ གཱོལ་བཙུགས་ནི་གི་ དཔའ་བཅམ་འབད་རུང་ བྱང་ཕྱད་སྡེ་ཚན་གྱིས་ བཏང་མ་བཏུབ་ཨིན་པས།
སྐར་མ་༨༥ ནང་ ནེ་པཱལ་སྡེ་ཚན་གྱི་གདོང་ཕྱོགས་རྩེ་མི་ཅིག་ལུ་ བཱོལ་ཐོབ་སྟེ་ གཱོལ་༣ པ་བཙུགས་དཔ་ལས་ རྒྱབ་སྐྱོར་འབད་མི་ཚུ་ སེམས་ཕམ་སྟེ་ ལ་ལུ་ཅིག་ལོང་འགྱོ་ ལ་ལུ་ཅིག་གིས་ སྡེ་ཚན་གྱི་མིང་བཏོན་ཏེ་ གཱོལ་བཙུགས་དགོཔ་སྦེ་ རྒྱབ་སྐྱོར་འབད་རུང་ མནོ་བའི་བསམ་དོན་གྲུབ་མ་ཚུགསཔ་ཨིན་པས།
མི་ཚུ་གིས་ བསམ་འཆར་ལས་འབད་བ་ཅིན་ ཕྱི་རུ་དུས་ཚོད་འ་ནེམ་ཅིག་ཁར་ ཆརཔ་རྐྱབ་མི་ལུ་བརྟེན་ ལྟདམོ་ལྟ་མི་ཚུ་ དགའ་སྤྲོའི་ཐོག་ལས་ ལྟདམོ་ལྟ་ནིའི་གོ་སྐབས་མེད་པའི་ཁར་ རྩེད་འགྲན་འབད་མི་ཚུ་ཡང་ འགྱེལ་ཏ་རྐྱབ་སྟེ་ ལཱ་ཁག་ར་རྐྱབ་ཅི་ཟེར་ཨིན་པས།
ཡིད་འཛིན་གྱི་ འཛིན་སྐྱོང་པ་ འཇིགས་མེད་ནོར་བུ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱིར་བཏང་ བར་མཚམས་ངལ་གསོ་ལས་ དོ་འགྲན་ལེགས་ཤོམ་སྦེ་ འབད་ཡོདཔ་མ་ཚད་ བྱང་ཕྱད་སྡེ་ཚན་གྱི་ས་ཁོངས་ནང་ བཱོལ་བདའ་སྟེ་ དོ་འགྲན་གྱི་ཐོག་ལུ་ རྩེ་མི་གིས་ སེམས་ཕམ་དགོཔ་མ་བྱུང་ཟེར་ཨིན་པས།
ནེ་པཱལ་ཨེལ་ཨེཆ་ཨེམ་ མཱ་ནན་སྡེ་ཚན་དེ་ ནེ་པཱལ་རྒྱལ་ཁབ་ནང་ སྡེ་ཚན་ ཨང་༢ པའི་གྲངས་སུ་ཨིན་རུང་ འབྲུག་པའི་སྡེ་ཚན་ལུ་ གཱོལ་བཙུགས་ཚུགས་ནི་ལུ་ དོ་འགྲན་སྦོམ་འབད་དགོཔ་བྱུང་ཡི་ཟེར་ འཛིན་སྐྱོང་པ་གིས་ སླབ་ཨིན་པས།
ད་རིས་ཕྱི་རུ་ ཐིམ་ཕུ་ཁྲོམ་སྡེའི་ སྡེ་ཚན་གྱིས་ ནེ་པཱལ་སྡེ་ཚན་ཨང་དང་པ་ཐོན་མི་ ཐེ་རི་ཨིསི་ཊར་ ཨེཕ་སི་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment