གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཟླ་༡༠ པ་ལས་ སྒེར་གྱི་གནམ་གྲུའི་འཕུར་འགྲུལ་ འགོ་བཙུགས་ནི།

༢༢/༧/༢༠༡༣   ༉ སྒེར་སྡེའི་མཁའ་འགྲུལ་ལས་རིམ་དང་འཁྲིལཝ་ད་ བཀྲིས་གནམ་གྲུ་གིས་ རྒྱལ་སྤྱིའི་ས་ཁོངས་ནང་ འཕུར་འགྲུལ་གྱི་འགོ་འབྱེད་དེ་ སྤྱི་ཟླ་༡༠ པའི་ནང་འབད་ནི་ཨིནམ་ད་ ལས་སྡེའི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཌེ་བིཌ་ཡོང་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནམ་གྲུ་དེ་ ལི་ཐུ་ནཱེན་ལས་སྡེ་ནང་ལས་ གླ་ཁར་ལེན་ནི་སྦེ་ གན་ཡིག་གུ་ མཚན་རྟགས་བཀོད་ནི་ལུ་ ལྷོད་དེ་ཡོད་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༦ པའི་ནང་ འཕུར་འགྲུལ་མཚམས་འཇོག་འབད་བའི་ཤུལ་ལས་ སྤ་རོ་གནམ་ཐང་ནང་ ལག་ལེན་མེད་པར་ལུས་མི་ བཀྲིས་མཁའ་འགྲུལ་གྱི་ མདུན་ཅོག།


མ་དངུལ་གྱི་གནས་སྟངས་དང་ གནམ་གྲུ་འཚོལ་དགོཔ་ཡོད་མི་ལུ་བརྟེན་ ན་ཧིང་གི་ལོ་མཇུག་བསྡུ་ཁམས་ལུ་ རྒྱལ་སྤྱིའི་གནམ་གྲུ་འཕུར་འགྲུལ་འབད་ནིའི་ འཆར་གཞི་བརྩམས་མི་དེ་ ཕྱིར་འགྱངས་སྦེ་ ལུས་ཡོདཔ་ཨིན་པས།
བཀྲིས་མཁའ་འགྲུལ་གྱིས་ ཨེ་ཡར་བཱསི་ཨེ་༣༢༠ འབད་མི་ཅིག་ གླ་ཁར་ལེན་ནི་ཨིན་མི་དེ་ འབྲུག་མཁའ་འགྲུལ་གྱི་ གནམ་གྲུ་ ཨེ་༣༡༩ དང་ཕྱདཔ་ད་ དུམ་གྲ་ཅིག་སྦོམ་སུ་སྦེ་ ཡོདཔ་ཨིན་པས།
ཌེ་བིཌ་ཡོང་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་སྤྱིའི་གནམ་གྲུ་ལག་ལེན་དེ་ ཉིན་བསྟར་བཞིན་དུ་ སྤ་རོ་ལས་ ཀོལ་ཀ་ཏ་བརྒྱུད་དེ་ བེང་ཀོག་ལུ་ འཕུར་འགྲུལ་འབད་ནི་ཨིན་ཟེར་ཨིནམ་ད་ གནམ་གྲུའི་གླ་ཆ་ཚུ་ཡང་ འབྲུག་མཁའ་འགྲུལ་གྱི་གླ་ཆ་དང་ཕྱདཔ་ད་ དུམ་གྲ་ཅིག་ དམའ་སུ་སྦེ་ཡོད་རུང་ ཁྱད་པར་སྦོམ་ར་ མི་འོང་ཟེར་ཨིན་པས།
བཀྲིས་གནམ་གྲུ་གིས་ ཞི་བའི་མཁའ་འགྲུལ་ལས་ཁུངས་དང་ གཅིག་ཁར་གན་ཡིག་བཟོ་མིའི་ནང་ རྒྱལ་སྤྱིའི་གནམ་གྲུ་དེ་ སྤྱི་ཟླ་༡༠ པའི་ནང་ལས་ འགོ་བཙུགས་ནི་སྦེ་ཨིནམ་ད་ ནང་འཁོད་ཀྱི་གནམ་གྲུ་དེ་ ལོ་ཤུལ་མམ་གྱི་ སྤྱི་ཟླ་༡༠ པའི་ནང་འབད་ནི་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ རྒྱ་གར་གྱི་རུ་པིའི་དཀའ་ངལ་ལུ་བརྟེན་ གྱོང་རྒུད་སྦོམ་ར་ཕོག་ཡོདཔ་ལས་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ནང་ འགོ་བཙུགས་མིའི་ ནང་འཁོད་གནམ་གྲུའི་ལག་ལེན་དེ་ ཟླཝ་༦ གི་ཤུལ་ལས་ མཚམས་འཇོག་འབད་དེ་ བཞག་ཡོདཔ་ཨིན་པས།
ད་རེས་ཀྱི་ རྒྱལ་སྤྱིའི་གནམ་གྲུ་འཕུར་འགྲུལ་གྱི་གོ་སྐབས་བྱིན་མི་དེ་ ནང་འཁོད་ཀྱི་ གནམ་གྲུ་ལག་ལེན་ཡུན་བརྟན་ གནས་ཚུགས་ཐབས་ལུ་ ཨིན་ཟེར་ཨིན་པས།
ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ཉེན་སྲུང་འགོ་དཔོན་ བརཔ་སྟོབས་རྒྱས་ཀྱིས་བཤད་མིའི་ནང་ དབང་འཛིན་གྱིས་ ལི་ཐུ་ནཱེན་གྱི་གནམ་གྲུ་དེ་ འབྲུག་ལུ་ལག་ལེན་འཐབ་ཆོགཔ་བཟོ་དོན་ལུ་ ཞིབ་དཔྱད་འབད་དགོཔ་ཡོད་ཟེར་ཨིནམ་ད་ ཞི་བའི་མཁའ་འགྲུལ་ལས་ཁུངས་དང་ བཀྲིས་གནམ་གྲུ་གཉིས་ཀྱིས་ ཤུལ་མའི་བདུན་ཕྲག་ནང་ དགོས་མཁོ་ཅན་གྱི་གནད་དོན་ཐོག་ལུ་ གྲོས་འཛོམས་ཅིག་འབད་ནི་ཨིན་ཟེར་ཨིན་པས།
དགོས་མཁོ་ཅན་གྱི་ཁྲིམས་དོན་ཚུ་ཚངམ་སྦེ་ཡོདཔ་འདྲཝ་འབད་བ་ཅིན་ བཀྲིས་གནམ་གྲུ་དེ་ འབྲུག་རྒྱལ་ཁབ་ནང་ སྤྱི་ཟླ་༡༠ པའི་བདུན་ཕྲག་དང་པའི་ནང་ལྷོད་ཚུགས་ཟེར་ བརཔ་སྟོབས་རྒྱས་ཀྱིས་བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment