གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲས་ཕུག་ལུ་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་རེ་གིས་ གོང་ཚད་དངུལ་ཀྲམ་འབུམ་༡༡ ལྷགཔ་ཅིག་ཐོབ་ཡོདཔ།

༢༢/༧/༢༠༡༣   ༉ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་གི་ མི་ལ་ལུ་ཅིག་གིས་ དབྱར་རྩྭ་དགུན་འབུབ་ཀེ་ཇི་༡ ལུ་ གོང་ཚད་དངུལ་ཀྲམ་༡༡༠,༡༠༠ ཐོབ་མི་དེ་ ད་ཚུན་གྱི་བར་ན་ མཐོ་ཤོས་ཅིག་ཨིནམ་ད་ རྒེད་འོག་དེ་གི་དོན་ལུ་ ཉིན་གྲངས་༢ ཀྱི་རིང་ གོང་ཚད་འགྲན་བསྡུར་འབད་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།
ཨིན་རུང་ གོང་ཚད་དེ་གི་ཐོག་ལུ་ འབུབ་བཙོང་མི་༣ དེ་ཅིག་ལས་བརྒལ་མེད་མི་དེ་ཡང་ མང་ཤོས་ཅིག་གི་ འབུབ་ཀྱི་སྤུས་ཚད་དེ་ ལེགས་ཤོམ་མེདཔ་ལས་བརྟེནཔ་ཨིནམ་ད་ ཁོང་༣ གྱིས་ཡང་ འབུབ་ཀེ་ཇི་ལས་བཅད་དེ་ ཐོབ་མ་ཚུགས་པས། 

སྲས་ཕུག་ལུ་ དབྱར་རྩྭ་དགུན་འབུབ་ཀྱི་ རིན་བསྡུར་འབད་བའི་བསྒང་།


གོང་ཚད་མཐོ་ཤོས་ཐོབ་མི་འབུབ་དེ་ གོང་ཚད་འགྲན་བསྡུར་འབད་བའི་སྐབས་ ཉུང་ཤོས་ར་ དངུལ་ཀྲམ་༦༠༠,༠༠༠ ལས་ འགོ་བཙུགས་མི་དེ་གིས་ དངུལ་ཀྲམ་༡༡,༠༡,༠༠༠ ཚུན་ ལྷོད་ཡོདཔ་ད་ དེའི་འོག་ལས་ འབུབ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༩༠༡,༠༠༠ དང་ ༨༢༡,༠༠༠  ༦༠༠,༠༠༠ དེ་ལས་ དངུལ་ཀྲམ་༣,༥༣,༠༠༠ ལས་ བརྒལ་མ་ཚུགས།
གོང་ཚད་མཐོ་ཤོས་ཐོབ་མི་༣ གྱི་གྲས་ལས་ སྐྱེས་ལོ་༢༦ ལང་མི་ སངས་རྒྱས་པདྨ་གིས་ འབུབ་༣༦༠ བཙོང་མི་དེ་གིས་ དངུལ་ཀྲམ་༡༩༨,༡༨༠ ཐོབ་ཡོདཔ་ད་ མོ་གིས་སླབ་མིའི་ནང་ སྤྱི་ལོ་༢༠༡༢ ལུ་ དངུལ་ཀྲམ་༡༠༠,༠༠༠ ལས་ ཐོབ་མ་ཚུགས་རུང་ དུས་ཅི་ དངུལ་ཀྲམ་སྟོང་ཕྲག་༩༠ ལྷགཔ་ཅིག་ ཐེབས་ཐོབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
མོ་གིས་ དབྱར་རྩྭ་དགུན་འབུབ་ཚུ་ ཤུགས་བཅུ་དམར་པོ་ཟེར་མི་ ལ་བདའ་སྟེ་ བསྡུ་བསྒྱོབ་འབད་ཡོདཔ་ད་ ས་གནས་དེ་ སྲས་ཕུག་ལས་ རྐང་སྟོང་འབད་ ཉིནམ་༤ དེ་ཅིག་ འགྱོ་དགོཔ་ཨིན་པས།
ཁ་ཙ་ རིན་བསྡུར་འབད་བའི་སྐབས་ གོང་ཚད་མཐོ་ཤོས་༩༠༡,༠༠༠ ལས་ ཐོབ་མ་ཚུགསཔ་ད་ རྒེད་འོག་དེ་ནང་ལས་ མི་གྲངས་༨༩༠ ལྷགཔ་ཅིག་གིས་ འབུབ་འཐུ་མི་ཚུ་ལས་ ཉོ་མི་༡༩ དེ་ཅིག་གིས་གྲས་ཁར་གཏོགས་མི་ལས་ཡང་ མང་ཤོས་ར་ འབུབ་ཕྱིར་ཚོང་འཐབ་མི་ཨིན་རུང་ ལ་ལུ་ཅིག་ བར་མི་སྦེ་ ལཱ་འབད་མི་ཚུ་ཨིན་པས།
སྲས་ཕུག་རྒེད་འོག་གི་མི་ཚུ་གིས་ གོང་ཚད་ལུ་ལྟ་སྟེ་ སེམས་དགའ་མི་དེ་ཡང་ འདས་པའི་བདུན་ཕྲག་ནང་ བུམ་ཐང་རྫོང་ཁག་ ཆོས་འཁོར་དང་ ཆུ་སྨད་ དེ་ལས་ སྟང་རྒེད་འོག་ཚུ་ནང་ རིན་བསྡུར་འབད་བའི་སྐབས་ གོང་ཚད་མཐོ་ཤོས་ དངུལ་ཀྲམ་༨༥༣,༠༠༠ ལས་བརྒལ་ མ་ཐོབ་ནི་དེ་གིས་ཨིན་པས།
བུམ་ཐང་རྫོང་ཁག་བཟུམ་སྦེ་ སྲས་ཕུག་ལས་ མི་ལ་ལུ་ཅིག་གིས་ འབུབ་དེ་རིན་བསྡུར་ནང་ མ་བཙུགས་པར་བཞག་མི་དེ་ ཉོ་མི་ལ་ལུ་ཅིག་ལུ་ ཐད་ཀར་དུ་ བཙོང་པ་ཅིན་ གོང་ཚད་ལེགས་ཤོམ་འཐོབ་འོང་མནོ་བའི་ རེ་བ་ལུ་བརྟེན་ཨིནམ་ད་ དེའི་གྲས་ལས་ འབུབ་ཀེ་ཇི་༡ དེ་ཅིག་ཐོབ་མི་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ རིན་བསྡུར་ནང་བཙུགས་པ་ཅིན་ གོང་ཚད་ལེགས་ཤོམ་འཐོབ་མི་ཚུགས་ནི་ཨིནམ་ལས་ ཤུལ་ལས་བཙོང་ནི་སྦེ་ བཞག་ཡི་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ ན་ཧིང་འབད་བ་ཅིན་ འབུབ་ཀེ་ཇི་༢ བཙོང་མི་ལས་ དངུལ་ཀྲམ་ས་ཡ་༢ དེ་ཅིག་ ཐོབ་ཡོདཔ་ཨིན་རུང་ དུས་ཅི་དངུལ་ཀྲམ་ས་ཡ་༡ དེ་ཅིག་ འཐོབ་ཚུགས་པའི་རེ་བ་ བསྐྱེད་དོ་ཟེར་ཨིན་པས།
སོ་ནམ་ལྷན་ཁག་གི་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེའི་ ཚོང་འབྲེལ་འགོ་དཔོན་ལས་རོགསཔ་ སོ་ནམ་དབང་འདུས་ཀྱིས་སླབ་མིའི་ནང་ དབྱར་རྩྭ་དགུན་འབུབ་ཀྱི་ གོང་ཚད་ཚུ་ ཡར་མར་འགྱོ་དགོ་མི་དེ་ སྤུས་ཚད་དང་འཁྲིལ་ཏེ་ ཨིན་ཟེར་ཨིནམ་ད་ དེ་ཡང་ དབྱར་རྩྭ་དགུན་འབུབ་ཚུ་ ལེགས་ཤོམ་ཡོད་མི་ཚུ་ སྦོམ་ཡོད་པའི་ཁར་ ཁ་དོག་ཡང་ སེརཔོ་སྦེ་འོངམ་ཨིན་ཟེར་ཨིན་པས།
འབྲུག་ལས་ཐོན་མི་ དབྱར་རྩྭ་དགུན་འབུབ་ཚུ་ རྒྱ་ནག་དང་ ཧོང་ཀོང་ མ་ལི་ཤི་ཡ་ སིང་ག་པུར་ དེ་ལས་ ཇ་པཱན་རྒྱལ་ཁབ་ཚུ་ནང་བཙོང་དོ་ཡོདཔ་ད་ ད་རིས་ གོང་ཚད་རིན་བསྡུར་དེ་ སྒང་སྟེང་རྒེད་འོག་ནང་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment