གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱད་རིག་མཆོག་འགྱུར་གྱི་ དམིགས་བསལ་གཟེངས་རྟགས།

༢༥/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ ཨཱསི་ཊེ་ལི་ཡ་ ཀུ་ཡིནསི་ལེནཌ་འཕྲུལ་རིག་གཙུག་ལག་སློབ་སྡེ་གིས་ མངོན་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ བཀྲིས་ཆོས་འཛོམས་དེ་ སྤྱི་ལོ་༢༠༡༣ ལོའི་ཁྱད་རིག་མཆོག་འགྱུར་གྱི་ དམིགས་བསལ་གཟེངས་རྟགས་ཐོབ་མི་ཅིག་ཨིནམ་སྦེ་ གསལ་བསྒྲགས་འབད་ནུག།


འདི་བཟུམ་མའི་ དམིགས་བསལ་གཟེངས་རྟགས་ཐོབ་མི་དེ་ འབྲུག་ལས་ འགོ་དང་པ་ཨིན་པས།
གཟེངས་རྟགས་ཚུ་གི་གྲས་ལས་ མི་༧ ལུ་ ཁྱད་འཕགས་ཅན་གྱི་ སློབ་ཕྲུག་བགྲེསཔ་གི་ རྟགས་མ་ཐོབ་མི་སྦེ་ གསལ་བསྒྲགས་འབད་བའི་ཁར་ དྲང་དཔོན་བཀྲིས་ཆོས་འཛོམས་དང་ སློབ་ཕྲུག་བགྲེསཔ་གཞན་ཅིག་ལུ་ ཁྱད་རིག་མཆོག་འགྱུར་གྱི་ དམིགས་བསལ་གཟེངས་རྟགས་བྱིན་པའི་ཁར་༡ གིས་ ཁྱད་འཕགས་ཅན་གྱི་ ན་གཞོན་དྲག་ཤོས་ཀྱི་ རྟགས་མ་ཐོབ་ཡོདཔ་ཨིན་པས།
ཁྱད་རིག་མཆོག་འགྱུར་གྱི་ དམིགས་བསལ་གཟེངས་རྟགས་དེ་ གནད་དོན་ཅིག་ནང་ ཁྱད་རིགས་ཅན་གྱི་ གྲུབ་འབྲས་བཏོན་མི་དང་ ཡང་ཅིན་ གྲོང་གཡུས་དང་ རྫོང་ཁག་ རྒྱལ་ཡོངས་ ཡང་ཅིན་ རྒྱལ་སྤྱི་གནས་རིམ་ནང་ མི་སྡེ་ལུ་ དམིགས་བསལ་ཅན་སྦེ་ ལྷན་ཐབས་འབད་བའི་ ངོས་འཛིན་ལུ་ བྱིནམ་ཨིན་པས།
སྐྱེས་ལོ་༤༣ ལང་མི་ དྲང་དཔོན་བཀྲིས་ཆོས་འཛོམས་ཀྱིས་ སྤྱི་ལོ་༢༠༡༠ ལུ་ ཀུ་ཡིནསི་ལེནཌ་འཕྲུལ་རིག་གཙུག་ལག་སློབ་སྡེ་ནང་ལས་ ཁྲིམས་ཀྱི་མཐོ་རིམ་གོང་མའི་ ཤེས་ཚད་མཐར་འཁྱོལ་ཡོདཔ་ད་ སྤྱི་ལོ་༢༠༡༢ ལུ་ འབྲུག་གི་མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་ཡོདཔ་ལས་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཨམ་སྲུ་དང་པ་ཨིན་པའི་ཁར་ དྲང་དཔོན་ཚུ་གི་གྲས་ལས་ གཞོན་ཤོས་ཅིག་ཨིན་པས།
མོ་གིས་ འབྲུག་ལུ་ ན་ཆུང་ཁྲིམས་ཁང་སོ་སོ་ཅིག་ གཞི་བཙུགས་འབད་ནི་དང་ ཉེས་འགེལ་བཀག་ཐབས་དང་ ཉེས་ལས་འཐབ་མི་ཚུ་ ལེགས་བསྒྱུར་བཟོ་ནི་གི་ ལས་རིམ་ཚུ་ ཡར་རྒྱས་གཏང་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན་པའི་གནས་ཚུལ།

No comments:

Post a Comment