གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ བློན་ཆེན་གྱི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་ཡོདཔ།

༢༠/༧/༢༠༡༣   ༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཚུ་གིས་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་དེ་ འབྲུག་གི་བློན་ཆེན་གྱི་ འདེམས་ངོ་སྦེ་ གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།


མི་སེར་དམངས་གཙོ་ཚོགས་པའི་མགྲིན་ཚབ་ ལྷོ་ཐིམ་ཕུ་གི་འདེམས་ངོ་ རྟ་མགྲིན་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༧ པའི་ དོན་ཚན་དང་པ་དང་འཁྲིལཝ་ད་ རྒྱལ་ཁ་ཐོབ་མི་ སྲིད་དོན་ཚོགས་པའི་ གཙོ་འཛིན་དེ་ བློན་ཆེན་གྱི་གོ་གནས་ལུ་ ཐད་ཀར་དུ་ བསྐོ་བཞག་གནང་དགོ་ཟེར་ འཁོད་དེ་ཡོདཔ་ཨིན་རུང་ ཚོགས་པའི་གཙོ་འཛིན་གྱིས་འབད་བ་ཅིན་ ཚོགས་པའི་ལྟ་བ་ དབང་ཚད་ཕྱིར་སྤེལ་ ལག་ལེན་འཐབ་ནིའི་དོན་ལུ་ གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ བློན་ཆེན་གདམ་འཐུ་འབད་ཡི་ཟེར་ བཤད་ཅི།
དེ་མ་ཚད་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་མི་ངོམ་བཏོན་ནི་དེ་ཡང་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ལུ་ དབང་ཚད་སྤྲོད་ཡི་ཟེར་ཨིན་པས།
གདམ་འཐུ་གྲུབ་མི་ བློན་པོ་གསརཔ་ཚུ་གི་ མིང་ཐོ་དེ་ བཀོད་ཁྱབ་ཚོགས་ཆུང་ནང་ བཙུགས་ཞིནམ་ལས་ སྤྱི་ཟླ་༧ པའི་ཚེས་༢༡ ལུ་ གྲོས་ཐག་བཅད་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

2 comments:

  1. མི་ངོ་རང་རྐྱང་གི་བསམ་འཆར་་ བློན་པོའི་གོ་གནས་གནང་ནི་ཐེད་ཁར་ གཙོ་འཛིན་གྱིས་ འདེམས་ཁོངས་ལ་ལུ་ནང་ལས་ཕར་ ཁྱེད་ཀྱི་འདེམས་ཁོངས་ཀྱི་འདེམས་ངོ་འདི་ བློན་པོའི་གོ་གནས་གནང་ནི་ཨིན་ཟེར་ མི་སེར་ལུ་ཁ་ཤོར་མི་ཚུ་ ལག་ལེན་འཐབ་གནང་ཚུགས་པ་ཅིན་ལེགས་ཞིནམོ་འོང་ནི་མས། ཆོས་ནང་ལས་འབད་རུང་ དམ་པས་མང་པོ་ཁས་ཆེས་མི་བྱ་ཞིང་། གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། ཤི་ཡང་གཞན་དུ་བརྗེད་པར་མི་གྱུར་རོ་ཟེར་གསུངས་ཏེ་ཡོད། འདི་བཟུམ་སྦེ་མཛད་ཚུགས་པ་ཅིན་ མི་སེར་དམངས་གཙོ་ཚོགས་ལྟ་བ་དང་འདྲཝ་སྦེ་ ཁ་གིས་སླབ་ སོ་གིས་ཐིམ་ཟེར་མི་དོན་འདི་ཡང་གྲུབ་ཚུགས་ནི་བཟུམ་ཅིག་ཡོདཔ་མ་ཚད་ མི་་སེར་ཚུ་གིས་འབད་རུང་ བློ་གཏད་དང་ཡིད་ཆེ་ལྷག་པར་དུ་འོང་ནི་ཨིན་མས་ཟེར་ཞུ་ནི་ཨིན།

    ReplyDelete
  2. ཨུ་ཛོ་རོང་བསམ་ཁར་གྱི་འདེམས་ངོ་ ནོར་བུ་དབང་ཕྱུག་འདི་ བློན་པོ་གྱི་འགོ་གནས་བསྐོ་བཞག་འབད་མ་ད་ཟེར་ཞུ་ནི་། ག་ཆབ་ཟེར་ཞུཝ་ཅིན་ ད་རེས་ཀྱི་བཙག་འཐུ་སྐབས་ ངན་ལྷོད་ཀྱི་ལ་མངམ་འབད་མི་ ངོ་མ་ཁོ་ཨིནམ་ལས་ ཁོ་བློན་པོ་འགོ་གནས་བསྐོ་བཞག་འབདཝ་ཅིན་ རྒྱལ་ཁབ་མགུ་རྒྱུགས་སློགས་པར་ག་ཏེ་ཡང་འགྱོ་མི་དགོ་ཟེར་ཞུ་ནི་། ཨིན་རུང་ཚོགས་པའི་གཙོ་འཛིན་གྱི་ཤར་ཕྱོགས་རྫོང་ཁག་ནང་བློན་པོ་ ༥ ཨིན་ཅི་མིན་ཅི་བསྐོ་བཞག་འབད་ནི་ཨིན་ཟེར་ཁས་བླང་སྦ་ཡོདཔ་ལས་ ཤར་ཕྱོགས་རྫོང་ཁག་ནང བློན་པོ་ ༥ བསྐོ་བཞག་སྦེ་འོང་མནོ་བའི་རེ་བ་ཡོད་ཟེར་ཞུ་ནི་། ཡེ་ཤེས་དབང་ཕྱུག་བཀྲིས་སྒང་ཁྲོམ་།

    ReplyDelete