གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མཆོག་གི་སྐུ་མདུན་ལུ་ བཅར་ཚུགས་ནི་དེ་གིས་ སེམས་དགའ་ཡོདཔ།

༢༢/༧/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་༢༠ འབད་མི་སྡེ་ཚན་ཅིག་གིས་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་བཅར་ཡོདཔ་བཞིན་དུ་ མི་དབང་མཆོག་གིས་ བཀའ་སློབ་བཟང་པོ་གནང་མི་དང་བསྟུན་ ཚོགས་པའི་འདེམས་ངོ་༡༥ གིས་ ལྡོག་ཕྱོགས་ཀྱི་ འགན་འཁྲི་འབག་སྟེ་ སྤྱི་ཚོགས་ནང་ ཕྱག་ཞུ་ནི་སྦེ་ ཐག་བཅད་ནུག།
ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་བཅར་མི་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཚུ།


མི་དབང་མཆོག་གིས་ ཚོགས་པའི་དོན་ཚན་༡༥ པོ་དེ་ འབྲེལ་ཡོད་གཙུག་སྡེ་ཚུ་ལུ་ གཏང་ཞིནམ་ལས་ དབྱེ་ཞིབ་མཛད་ནི་ཨིན་ཟེར་ གསུངས་གནང་མི་ལུ་བརྟེན་ མི་དབང་མཆོག་གི་ སྐུ་མདུན་ལུ་བཅར་མི་ག་ར་ ངལ་རངས་དང་ ཡིད་ཆེས་བྱུང་ཡི་ཟེར་ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་ གནས་ཚུལ་ཞལ་འཛོམས་ནང་ བཤད་ཅི།
སྤྱི་ཟླ་༧ པའི་ཚེས༡༩ ལུ་ འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ རྒྱབ་སྐྱོར་པ་ཚུ་གིས་ དུས་ཅི་སྤྱི་ལོ་༢༠༡༣ གྱི་བཙག་འཐུ་དེ་ ཚུལ་དང་མཐུན་ཏོག་ཏོ་ཅིག་མ་འགྱོ་ཟེར་ བསམ་འཆར་བཀོད་མི་ ལེ་ཤ་ཐོན་མི་དང་བསྟུན་ ཉོགས་བཤད་དང་ ངད་ལྷད་ཀྱི་གནད་དོན་༡༥ དེ་ཅིག་ གསལ་བཀོད་ཐོག་ལས་ རྒྱབ་སྐྱོར་པ་ཚུ་གིས་ མི་དབང་མཆོག་ལུ་ མཐོ་གཏུགས་ཞུ་དགོཔ་སྦེ་ སླབ་མི་དང་བསྟུན་ ཚོགས་པའི་འཐུས་མི་༢༠ ཀྱིས་ མི་དབང་མཆོག་གི་ཞབས་སར་ བཅར་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཐིམ་ཕུའི་འགོ་འདྲེན་པ་ དར་མགོ་ཚེ་རིང་གིས་ བཤད་མིའི་ནང་ ཚོགས་པའི་རྒྱབ་སྐྱོར་པ་ཆ་མཉམ་གྱིས་ མི་དབང་མཆོག་གི་ ཞབས་སར་བཅར་ནི་སྦེ་ སླབ་ཡོདཔ་ཨིན་རུང་ གཙོ་འཛིན་དང་ བཀོད་ཚོགས་ཀྱི་འཐུས་མི་ཚུ་གིས་ མི་དབང་མཆོག་གི་ཞབས་སར་ མི་མང་ག་ར་བཅར་མ་དགོཔ་སྦེ་ འཐུས་མི་༢༠ གདམ་འཐུ་འབད་དེ་ ཁ་ཙ་ མི་དབང་མཆོག་གི་ཞབས་སར་ བཅར་ནི་གི་ གོ་སྐབས་གནངམ་བཞིན་དུ་ ཞལ་མཇལ་གསུང་ཐོས་ཀྱི་ གོ་སྐབས་ཐོབ་ཅི་ཟེར་ཨིན་པས།
ལྷག་པར་དུ་ མི་དབང་མཆོག་གིས་ ཚོགས་པའི་དོན་ཚན་༡༥ པོ་དེ་ བཙག་འཐུ་ལྷན་ཚོགས་ལུ་ གནང་ཞིནམ་ལས་ མ་བཏུབ་བཏུབ་སྦེ་ བསྐྱར་ཞིབ་འབད་ཞིནམ་ལས་ དབྱེ་ཞིབ་གནང་འོང་ཟེར་ གསུངས་མི་ལུ་བརྟེན་ ཚོགས་པའི་འཐུས་མི་དང་ རྒྱབ་སྐྱོར་པ་ཚུ་ ངལ་རངས་བྱུང་ཡོདཔ་མ་ཚད་ བློ་བདེ་ཡི་ཟེར་ཨིན་པས།
མི་དབང་མཆོག་གིས་ དོན་ཚན་༡༥ དང་འབྲེལ་བའི་གནད་དོན་ཚུ་ དབྱེ་ཞིབ་གནང་ནི་ཨིན་ཟེར་ གསུངས་གནང་མི་ལུ་བརྟེན་ ཚོགས་པའི་འདེམས་ངོ་༡༥ པོ་དེ་ཡང་ ལྡོག་ཕྱོགས་ཀྱི་ འགན་ཁུར་འབག་ནི་སྦེ་ བཀོད་ཁྱབ་ཞལ་འཛོམས་ནང་ ཐག་བཅད་ཡོདཔ་བཞིན་དུ་  དམངས་གཙོའི་རིང་ལུགས་ནང་ ཕྱག་ལེགས་ཤོམ་སྦེ་ར་ ཞུ་ནི་གི་ ཁས་ལེན་ཡོད་ཟེར་ཨིན་པས།
ཚོགས་པའི་རྒྱབ་སྐྱོར་པ་དང་ འཐུས་མི་ཚུ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ བཙག་འཐུའི་གྲུབ་འབྲས་ལུ་ ངོས་ལེན་མེད་པར་ ཉོགས་བཤད་བཀོདཔ་མེན་ཟེར་ཨིནམ་ད་ བཙག་འཐུ་འབད་ཚར་ཏེ་ གྲུབ་འབྲས་གསལ་སྟོན་འབད་ཚར་ཡོདཔ་ལས་ དེ་དང་འབྲེལ་བའི་ བྱ་སྒོའི་རིམ་པ་ཚུ་ ལག་ལེན་འཐབ་དགོཔ་ཨིན་རུང་ གཙོ་བོ་ར་ བཙག་འཐུའི་སྐབས་ལུ་ ཁྲིམས་མཐུན་གྱི་གནས་སྟངས་ཐོག་ འདྲ་མཉམ་དང་དྲང་བདེན་མེད་པའི་ གནད་དོན་ལེ་ཤ་ཐོན་མི་ཚུ་ མ་འོངས་པ་ལུ་ཡང་ འབྱུང་མི་བཅུག་ནིའི་དོན་ལུ་ དབང་འཛིན་ཚུ་གིས་ ངོས་ལེན་མཛད་དགོ་པའི་ དྲན་བསྐུལ་ཞུཝ་ཨིན་ཟེར་ཨིན་པས།
སྤུ་ན་ཁ་གི་ ཚོགས་པའི་རྫོང་ཁག་འགོ་འདྲེན་པ་ བསོད་ནམས་འབྲུག་པ་གིས་ སླབ་མིའི་ནང་ ཚོགས་པའི་རྒྱབ་སྐྱོར་པ་དང་ འཐུས་མི་ཚུ་ལུ་ མ་བཏུབ་མི་དེ་ར་ བཙག་འཐུའི་བྱ་རིམ་ནང་ ཚུལ་མིན་དང་ ངན་ལྷད་ཀྱི་གནས་སྟངས་ལེ་ཤ་ བྱུང་ནི་དེ་གིས་ཨིན་ཟེར་ཨིནམ་ད་ དེ་མེན་པ་ཅིན་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ལུ་ ཚོགས་པ་བཙག་འཐུ་ལས་ ཕམ་མི་དེ་ལུ་ སྙན་ཞུ་ག་ནི་ཡང་ མེད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ བྱང་ཐིམ་ཕུ་གི་འདེམས་ངོ་ ཀུན་དགའ་ཚེ་རིང་གིས་ སླབ་མིའི་ནང་ མ་གཞི་ ཚོགས་པ་གིས་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ ངན་ལྷད་དང་འབྲེལ་བའི་ཉོགས་བཤད་ཚུ་ བཀོད་ཡོདཔ་ཨིན་རུང་ ད་རེས་ དོན་ཚན་༡༥ ཐོ་བཀོད་འབད་མི་དེ་ ཚུན་མིན་དང་ ངན་ལྷད་ཀྱི་གནས་སྟངས་ལུ་བརྟེན་ མ་འོངས་པ་དང་ད་ལྟོ་ རྒྱབ་ཁབ་ནང་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ ཉེན་འཚུབ་ཅན་གྱི་གནས་སྟངས་ ག་ཅི་བཟུམ་ར་བྱུང་ནུག་ག་ གནད་དོན་དེ་ཚུ་གཅིག་ཁར་སྦེ་ བལྟ་བའི་སྐབས་ལུ་ ཤེས་ཚུགས་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
གནད་དོན་དེ་ཚུ་ དབྱེ་ཞིབ་ཐོག་ལས་ མ་འོངས་པ་ལུ་ དེ་བཟུམ་མའི་ གནད་དོན་ཚུ་ བཀག་ཐབས་འབད་དགོཔ་དེ་ ཁག་ཆེ་ཟེར་ ཁོ་གིས་བཤད་ཅི།
ཚོགས་པ་གིས་ ལྡོག་་ཕྱོགས་ཀྱི་འགན་འཁྲི་འབག་དགོཔ་ཨིན་མི་དང་འབྲེལ་ ཁ་ཙ་ ཚོགས་པའི་བཀོད་ཁྱབ་ཞལ་འཛོམས་ཅིག་ འཚོགས་ཡོདཔ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་ གདམ་འཐུ་འབད་ནི་གི་ གནད་དོན་ཚུ་ཡང་ གྲོས་བསྡུར་ཐོག་ འཐུས་མི་ཚུ་གིས་ སོ་ནམ་བློན་པོ་བགྲེསཔ་ ཌོག་ཊར་པདྨ་རྒྱ་མཚོ་ གདམ་འཐུ་འབད་ཡོད་པའི་ ལོ་རྒྱུས་གོཝ་ཨིན་རུང་ ད་ལྟོ་ གཏན་འཁེལ་མ་འགྱོ་བས།
ཀུན་དགའ་ཚེ་རིང་གིས་ ལྡོག་ཕྱོགས་འགོ་ཁྲིདཔ་ གཏན་འཁེལ་བཟོ་ཞིནམ་ལས་ དུས་ཚོད་དང་བསྟུན་ མི་མང་ལུ་ གསལ་བསྒྲགས་འབད་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment