གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་ནང་ཐོ་བཀོད་འབད་མི་ཚུ་ ཞི་གཡོག་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཆོག་ནི།

༢༥/༧/༢༠༡༣   ཞི་གཡོག་སྔོན་འགྲོའི་ཆོས་རྒྱུགས་ནང་ སྲིད་ཚོགས་ཀྱི་ འབྲེལ་གཏོགས་ཅན་གྱི་ཐོ་བཀོད་འབད་མི་ཚུ་གིས་ བཅའ་མར་གཏོགས་ཆོག་ནི་ཨིན་རུང་ འདེམས་ངོ་སྦེ་དོ་འགྲན་འབད་མི་ཚུ་ ཁྲིམས་ལུགས་ལྟར་དུ་ གནས་དགོ་ནི་ཨིན་པས།
༉ སྲིད་དོན་ཚོགས་པ་ཚུ་ནང་ འཐུས་མི་འབད་ཐོ་བཀོད་འབད་མི་ འབྲུག་གི་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སློབ་ཕྲུག་ན་གཞོན་ཚུ་གིས་ ཞི་གཡོག་གི་ སྔོན་འགྲོའི་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཆོག་ནི་ཨིན་པས།


སྔོན་འགྲོ་ཆོས་རྒྱུགས་ཀྱི་དོན་ལུ་ ཐོ་བཀོད་ཀྱི་ཚེས་གྲངས་མཇུག་ར་སྤྱི་ཟླ་༧ པའི་ཚེས་༢༣ ལུ་ཨིནམ་ད་ སྲིད་ཚོགས་ཚུ་ནང་ ཐོ་བཀོད་འབད་མི་ མཐོ་རིམ་སློབ་ཕྲུག་དང་ གཞན་ཡང་ སྤྱི་ཟླ་༧ པའི་༢༣ ལུ་ ཚུན་གྱི་བར་ན་ ཐོ་བཀོད་འབད་མ་ཚུགས་པར་ལུས་མི་ མཐོ་རིམ་སློབ་ཕྲུག་ཚུ་ལུ་ ཐོ་བཀོད་ཀྱི་དུས་ཚོད་དེ་ སྤྱི་ཟླ་༧ པའི་ཚེས་༣༠ འི་ནང་འཁོད་ལུ་ སྔོན་འགྲོའི་ཆོས་རྒྱུས་ཀྱི་དོན་ལུ་ ཐོ་བཀོད་འབད་དགོཔ་སྦེ་ བདུན་ཕྲག་༡ ཕར་འགྱངས་འབད་ཡོདཔ་ལས་ ག་ར་གིས་ཐོ་བཀོད་འབད་དེ་ ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཚུགས་ནི་ཨིན་པས།
ཞི་གཡོག་ལྷན་ཚོགས་དང་འཁྲིལཝ་ད་ དེ་སྦེ་ དུས་ཚོད་ཕར་འགྱངས་འབད་མི་དང་ སྲིད་ཚོགས་ནང་ཐོ་བཀོད་འབད་མི་ མཐོ་རིམ་སློབ་ཕྲུག་ཚུ་གིས་ཡང་ སྔོན་འགྲོའི་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཆོགཔ་སྦེ་ མི་དབང་མངའ་བདག་རྒྱལ་པོའི་ བཀའ་ཤོག་ལྟར་དུ་ ཨིན་ཟེར་ཨིན་པས།
ཞི་གཡོག་ལྷོན་ཚོགས་ལས་ པི་རི་ཐི་མཱན་ པར་དཱན་གྱིས་སླབ་མིའི་ནང་ འགོ་ཐོག་ལུ་ སྲིད་ཚོགས་ནང་ ཐོ་བཀོད་ཡོད་མི་ ན་གཞོན་ཚུ་གིས་ ལྷན་ཚོགས་ཡིག་ཚང་ནང་འོང་བའི་སྐབས་ འབད་ཐབས་ག་ནི་ཡང་མ་བྱུང་ཟེར་ཨིན་མི་དེ་ཡང་ ཞི་གཡོག་ཆོས་རྒྱུགས་ཀྱི་ལམ་ལུགས་ཚུ་ བཅའ་ཁྲིམས་དང་ ཁྲིམས་ལུགས་ལུ་ གནས་དགོ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁྲིམས་ལུགས་ལྟར་དུ་སྦེ་ ཞི་གཡོག་ནང་སྲིད་འབྲེལ་མེད་པའི་ གནད་དོན་ཐོག་ ལག་ལེན་འཐབ་དགོ་ནི་དེ་གིས་ སྲིད་འབྲེལ་ཅན་གྱི་ མཐོ་རིམ་མཐར་འཁྱོལ་མི་ སློབ་ཕྲུག་ཚུ་གི་མིང་ཐོ་དེ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཞི་གཡོག་ལྷན་ཚོགས་ལུ་བཏང་ཡོདཔ་ལས་ ཞི་གཡོག་ཆོས་རྒྱུགས་ཀྱི་དོན་ལུ་ ཐོ་བཀོད་འབད་ནི་ལས་ བཀག་ཆ་འབད་བཞག་ཡོདཔ་ཨིན་པས།
ཞི་གཡོག་ལྷན་ཚོགས་ཀྱི་ སྲིན་དོན་ཚོགས་པ་ཚུ་གི་གྲལ་ལས་ཡང་ ན་གཞོན་སློབ་ཕྲུག་ཚུ་ལུ་ གོ་སྐབས་བྱིན་ཐབས་ཀྱི་ ཞུ་བསྐུལ་ཐོག་ བརྒྱུད་འཕྲིན་ལྷོད་ཡོདཔ་ཨིན་རུང་ སྲིད་ཚོགས་དེ་ཚུ་ལུ་ཡང་ ཁྲིམས་ལུགས་དང་འཁྲིལཝ་ད་ བྱ་སྟབས་བདེ་མིན་གྱི་ གནད་དོན་ཡོད་ལུགས་ཚུ་ དོགས་སེལ་འབད་ཡི་ཟེར་ཨིན་པས།
སློབ་ཕྲུག་ཚུ་གིས་ མི་དབང་མཆོག་ལུ་བཅར་ཡོདཔ་བཞིན་དུ་ མི་དབང་མཆོག་གིས་ སྐྱིད་སྡུག་ཀྱི་ཐོག་ལས་ གོ་སྐབས་གནང་ཡོད་མི་ལུ་བརྟེན་ གོ་སྐབས་ཐོབ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་རུང་ སྲིན་ཚོགས་ནང་ འདེམས་ངོ་འབད་ བཅའ་མར་གཏོགས་མི་ཚུ་ལུ་འབད་བ་ཅིན་ གོ་སྐབས་མེདཔ་ཨིན་ཟེར་ ཞི་གཡོག་ལྷན་ཚོགས་ཀྱིས་ ཁ་གསལ་སྦེ་བཤད་ཡོདཔ་ཨིན་པས།
མ་གཞི་ ཞི་གཡོག་ནང་འཛུལ་ཞུགས་འབད་ནི་ཨིན་པ་ཅིན་ སྲིད་དོན་ནང་བཅའ་མར་གཏོགས་མི་ཚུ་གིས་ དགོངས་ཞུ་ཐོག་ ལོ་༣ ལང་དགོཔ་ཨིནམ་ད་ འདེམས་ངོ་སྦེ་བཅའ་མར་གཏོགས་མི་ཚུ་གིས་ དོན་ཚན་འདི་ལུ་གནས་དགོཔ་ཨིན་པས།
འདེམས་ངོ་མེན་པར་ སྲིད་ཚོགས་ནང་འབྲེལ་གཏོགས་འབད་མི་ མཐོ་རིམ་སློབ་ཕྲུག་ཚུ་གི་དོན་ལུ་ དོན་ཚན་དེ་ ལག་ལེན་འཐབ་མ་དགོ་པའི་སྐྱིད་སྡུག་ དུས་ཅི་གི་ ཞི་གཡོག་ཆོས་རྒྱུགས་རྐྱབ་མི་ཚུ་ལུ་མ་གཏོགས་ མ་འོངས་སྲིད་དོན་ནང་ འབྲེལ་གཏོགས་འབད་མི་ཚུ་ ཁྲིམས་ལུགས་ལྟར་དུ་ ལག་ལེན་འཐབ་འོང་ཟེར་ཨིན་པས།
འདི་བཟུམ་གྱི་ གོ་སྐབས་ཐོབ་ཞིནམ་ལས་ ཁ་ཙ་ཕྱི་རུ་ཚུན་ལུ་ སྲིན་དོན་ནང་ཐོ་བཀོད་འབད་དེ་ གོ་སྐབས་ཐོབ་མ་ཚུགས་པར་ལུས་མི་ སློབ་ཕྲུག་༣༠ དེ་ཅིག་གིས་ ཐོ་བཀོད་འབད་ཡོདཔ་ད་ ད་རུང་ ཐོ་བཀོད་འབད་མ་ཚུགས་པར་ལུས་མི་ཡོད་པ་ཅིན་ སྤྱི་ཟླ་༧ པའི་ཚེས་༣༠ ཚུན་ དུས་ཚོད་ཡོད་པའི་ཁར་ སྔོན་འགྲོའི་ཆོས་རྒྱུགས་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment