༢༢/༧/༢༠༡༣ ༉ ད་རིས་ རང་ཟླ་༦ པའི་ཚེས་༡༥ ལས་ འགོ་བཙུགས་ཏེ་ ཉིན་གྲངས་༤༥ འི་རིང་ མོང་སྒར་ སྐྱིད་བདེ་མཁར་ལུང་རྟོགས་ཆོས་ཀྱི་དགའ་ཚལ་བཤད་གྲྭ་དང་ བཀང་ལུང་ཟངས་མདོག་དཔལ་རི་ ཐུབ་བསྟན་ཆོས་འཁོར་གླིང་བཤད་གྲྭ་ནང་ དབྱར་གནས་འཚོགས་ནི་ཨིན་པས།
དབྱར་གནས་དེ་ཡང་ རང་སོའི་ཆོས་སྡེ་ཁག་གི་ བཤད་གྲྭའི་དབུ་འཛིན་ཚུ་གིས་ དབུ་བཞུགས་ཐོག་ལས་ དགེ་སློང་དང་ དགེ་ཚུལ་ ཞལ་གྲངས་ བརྒྱ་ལས་བཅད་མི་ཚུ་གིས་ བཅའ་མར་གཏོགས་གནང་ནི་ཨིནམ་ད་ མོང་སྒར་ སྐྱིད་བདེ་མཁར་ལུང་རྟོགས་ཆོས་ཀྱི་དགའ་ཚལ་བཤད་གྲྭ་ནང་འབད་བ་ཅིན་ དགེ་སློང་ཞལ་གྲངས་༨༥ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ནི་ཨིན་པས།
དབྱར་གནས་སྐབས་ལུ་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་གི་ དད་ཅན་སྐྱ་སེར་ཕོ་མོ་ཡོངས་ཀྱིས་ རང་སོའི་འབྱོར་པ་དང་བསྟུན་གསོལ་ཇ་དང་ དགུང་ཚིགས་ལ་སོགས་པ་ཚུ་ དྲང་དོ་ཡོདཔ་ད་ མོང་སྒར་ལུ་ཡང་ ཁྲོམ་གྱི་ཚོང་པ་དང་ ཞི་གཡོགཔ་ དེ་ལས་ སྒེར་པ་སོ་སོའི་ རང་སོའི་འབྱོར་པ་དང་འཁྲིལ་ སྦྱིན་བདག་འབད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བཀང་ལུང་ལུ་འབད་རུང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་དོ་ཡོདཔ་མ་ཚད་ ཤར་ཕྱོགས་རྫོང་ཁག་༦ ལས་ དད་ཅན་མང་རབས་ཅིག་གིས་ གསོལ་ཇ་དང་ དགུང་ཚིགས་ཚུ་ དྲང་པར་འགྱོ་དོ་ཡོདཔ་ཨིན་པས།
སྐྱིད་བདེ་མཁར་བཤད་གྲྭའི་སློབ་དཔོན་ བཀྲིས་བསྟན་འཛིན་གྱིས་ ཀུན་གསལ་ལུ་བཤད་མིའི་ནང་ དབྱར་གནས་ཀྱི་སྐབས་ལུ་ དགེ་སློང་ཚུ་གིས་ གཙོ་བོ་ར་ དམ་ཆོས་འདུལ་བའི་ བསླབ་གཞི་བཅུ་བདུན་ལས་ སྟོན་པའི་དབྱར་གནས་ཀྱི་ཆོ་ག་དང་ དྲོ་པ་ སོ་ཐར་གྱི་སྡོམ་པ་ དེ་ལས་ ཉིན་མ་ བྱང་སེམས་ཀྱི་སྡོམ་པ་དང་ ཕྱི་རུ་ གསང་སྔགས་ཀྱི་སྡོམ་པ་ཚུ་ བླང་ནི་ཡོད་ཟེར་ཨིན་པས།
དེ་མ་ཚད་ སྤྱིར་སེམས་ཅན་ཐམས་ཅད་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ཀྱི་ཞི་བདེ་ དེ་ལས་ རྒྱལ་བློན་འབངས་༣ སྐུ་ཚེ་ཞབས་པད་བརྟན་ཐབས་དང་ འབྱུང་བཞིའི་རྐྱེན་ངན་ཚུ་ བཟློག་ཐབས་ལུ་དམིགས་ཏེ་ མ་ཎི་དུང་སྒྲུབ་དང་ གུ་རུ་རིན་པོའི་ཆེའི་ ཚིག་བདུན་གསོལ་འདེབས་འབུམ་ དགེ་བསྙེན་གསོལ་ཁ་འབུམ་དང་ གཞན་ཡང་ བཟློག་པ་ཚེ་སྒྲུབ་དང་ སྒྲོལ་མ་འབུམ་ དེ་ལས་ གཤིན་པོའི་དོན་ལུ་ སྨོན་ལམ་ཚུ་ཡང་ ཆོས་སྡེ་ཁག་ཚུ་ནང་ གནང་དོ་ཡོདཔ་ཨིན་པས།
བཤད་གྲྭའི་སློབ་དཔོན་ བཀྲིས་བསྟན་འཛིན་གྱིས་ བཤད་མིའི་ནང་ སྤྱིར་བཏང་དབྱར་གནས་ཟེར་མི་དེ་ གནམ་བྱཱར་གྱི་དུས་ཚོད་ལུ་ དགེ་སློང་ཚུ་ ཕར་ཚུར་མ་བྱོན་པར་ ཕྱོགས་བཞི་མཚམས་བཞི་བཅད་པའི་ ས་ཁོངས་ནང་བཞུགས་མི་དེ་ལུ་ གོ་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་ བདག་ཅག་གི་སྟོན་པ་ གྲོང་ཁྱེར་མཉན་ཡོད་ནང་ བཞུགས་པའི་སྐབས་ལུ་ དགེ་སློང་ཚུ་ འཚོ་བ་བསོད་སྙོམས་ལུ་བྱོནམ་ད་ མུ་སྟེགས་པ་ཚུ་གིས་ ཤཱཀྱ་ཐུབ་པའི་ཉན་ཐོས་དེ་ཚུ་ གནམ་བྱཱར་འབུབ་གྱོག་མོ་ཐོན་པའི་ དུས་ཚོད་ལུ་ཡང་ ཙང་ཙ་སྡོད་ནི་མིན་འདུག་ཟེར་བའི་ འཕྱར་ཁ་བཏངམ་ལས་ ཕྱི་ལྟར་དུ་ འཕྱར་ཁ་བཟློག་ཐབས་དང་ ནང་ལྟར་དུ་ དགེ་སློང་ཚུ་ བསླབ་པ་ཐོས་བསམ་དང་ སྤང་བ་བསམ་གཏན་གྱི་བྱ་བ་ལུ་ བརྩོན་ནིའི་གོ་སྐབས་ཅིག་ ཨིན་ཟེར་ཨིན་པས།
དེ་མ་ཚད་ དབྱར་གནས་ཀྱི་སྐབས་ལུ་ བསྟན་པའི་སྦྱིན་བདག་ཚུ་གིས་ཡང་ དགེ་འདུནམ་ཚུ་ལུ་ ཞབས་ཏོག་བསྙེན་བཀུར་ཕུལ་ཏེ་ བསོད་ནམས་བསགས་པའི་ དུས་ཚོད་བཟང་པོ་ཅིག་ཨིན་ཟེར་ཨིནམ་ད་ དབྱར་གནས་བསྲུང་ནི་དེ་ ལོ་ངོ་༣༠༠༠ དེ་ཅིག་གི་ཧེ་མ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ནང་པའི་ཆོས་ཀྱི་ལམ་སྲོལ་ཚུ་གི་གྲས་ལས་ རྙིང་ཤོས་ཅིག་དང་ བྱིན་རླབས་ཆེ་ཤོས་ཅིག་ཨིན་པས།
འབྲུག་ལུ་ དབྱར་གནས་བསྲུང་ནི་དེ་ ཧེ་མ་ ཞབས་དྲུང་རིན་པོ་ཆེ་དང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཚུ་ བཞུགས་པའི་སྐབས་ལས་ར་ གཞུང་གྲྭ་ཚང་གི་ གནམ་བྱཱར་གྱི་བཞུགས་གནས་ བཀྲིས་ཆོས་རྫོང་ནང་སྦེ་ དབྱར་གནས་འཚོགས་ནིའི་སྲོལ་ འགོ་བཙུགས་ཡོདཔ་ད་ དེ་གི་ཤུལ་ལས་ ཐིམ་ཕུ་ རྟ་མགོ་ཆོས་དབྱིངས་ཕོ་བྲང་དང་ ལྕགས་རི་རྡོ་རྗེ་གདན་ལ་སོགས་པའི་ ཆོས་སྡེ་ཁག་ཚུ་ནང་ཡང་ དར་ཁྱབ་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལོ་དག་པ་ཅིག་གི་ ཧེ་མ་ལས་ཚུར་ བཀང་ལུང་ཟངས་མདོག་དཔལ་རི་ ཐུབ་བསྟན་ཆོས་འཁོར་གླིང་བཤད་གྲྭ་དང་ མོང་སྒར་སྐྱིད་བདེ་མཁར་བཤད་གྲྭ་ནང་ཡང་ དབྱར་གནས་ཀྱི་སྲོལ་ འགོ་བཙུགས་གནང་ཡོད་པའི་གནས་ཚུལ།
![]() |
བཀང་ལུང་ཟངས་མདོག་དཔལ་རི་ ཐུབ་བསྟན་ཆོས་འཁོར་གླིང་བཤད་གྲྭ་ནང་ དབྱར་གནས་ཚོགས་པའི་བསྒང་། |

མོང་སྒར་ལས་ བདེ་ཆེན་ཚེ་རིང་།
No comments:
Post a Comment