གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ལུ་ ཉིནམ་༡ ནང་ མི་༢ ལུ་གྱི་གསོབ་ཡོདཔ།

༢༧/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢༤ གི་ཕྱི་རུ་ ཐིམ་ཕུ་ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་རྩ་བར་ སྐྱེས་ལོ་༡༨ ལང་མི་ བུཚ་ཅིག་ལུ་ གྱི་གསོབ་སྟེ་ རྨ་སྐྱོན་སྦོམ་སྦེ་ བཏོན་ཡོད་མིའི་ནང་ འབྲེལ་བ་ཡོད་པའི་ དོགས་ཅན་ཕོ་སྐྱེས་གཉིས་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པའི་ གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ དོགས་ཅན་གཉིས་ལས་༡ སྤྱི་ཟླ་༧ པའི་ཚེས་༢༥ འི་ཕྱི་རུ་ཆུ་ཚོད་༩.༤༥ དེ་ཅིག་ཁར་ འཛིན་བཟུང་འབད་ཡོདཔ་ད་ ཕོ་སྐྱེས་གཞན་དེ་ དེ་ཚེ་དྲོ་པའི་ཆུ་ཚོད་༣.༣༠ དེ་ཅིག་ཁར་ འཛིན་བཟུང་འབད་ཚུགས་ཅི་ཟེར་ཨིན་པས།
སྐྱེས་ལོ་༡༩ ལང་མི་ དོགས་ཅན་དེ་ ད་ལྟོ་་ཐིམ་ཕུ་ལུ་ གང་འབྱུང་དེད་གཡོག་སློབ་སྦྱོང་སྤེལ་ཁང་ནང་ དེད་གཡོག་པའི་ སྦྱོང་བརྡར་འབད་དོ་ཡོདཔ་ད་ སྐྱེས་ལོ་༢༦ ལང་མི་ དོགས་ཅན་གཞན་དེ་ ཐིམ་ཕུ་ལུ་ སྒེར་སྡེ་ཅིག་ནང་ ལཱ་འབད་མི་ཅིག་ཨིན་པས།
རྨ་སྐྱོན་བྱུང་མི་ བུཚ་དེ་ ལྟ་བཤལ་ལམ་སྟོན་པའི་ སྦྱོང་བརྡར་འབད་མི་ཅིག་ཨིན་མས་ཟེར་ ཁྲིམས་སྲུང་འགག་པའི་ གནས་ཚུལ་བཤད་མི་ཚུ་གིས་ སླབ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་སྡོད་མི་ མི་ཚུ་གིས་ ཁྲིམས་སྲུང་འགག་པའི་ བརྒྱུད་འཕྲིན་ཨང་གྲངས་༡༡༣ ནང་ བཏང་ཐོག་ལས་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཉམས་རྒུདཔ་བུཚ་དེ་གི་ ཨོལ་ལྐོག་དང་ ཕྱག་ལྟག་ལུ་ གྱི་གསོབ་མི་ལུ་བརྟེན་ རྨ་སྐྱོན་སྦོམ་བཏོན་ཡོདཔ་ལས་ ད་ལྟོ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ནདཔ་ཚབས་ཆེན་བཞག་ཁང་ནང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ གནོད་སྐྱོན་བྱུང་མི་དེ་ སྨན་ཁང་ནང་ མ་བསྐྱལ་བའི་ཧེ་མར་ ཁོ་རའི་ཕམ་ཚུ་ལུ་ བརྒྱུད་འཕྲིན་བཏང་ཡི་ཟེར་ཨིནམ་ད་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ ལག་ཆ་ག་ཅི་ཡང་ མ་ཐོབ་རུང་ རྨ་སྐྱོན་རྐྱབ་མི་ལུ་ལྟཝ་ད་ གྱི་ཅུང་ལག་ལེན་འཐབ་འཐབ་བཟུམ་ཅིག་འདུག་ཟེར་ སླབ་ཨིན་པས།
ཨིན་རུང་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ར་ཡོདཔ་ཨིན་པས།
དེ་ཚེ་ནུབ་མོར་ ཐིམ་ཕུ་ཧོང་ཀོང་མར་ཀེཌ་གི་ ས་ཁོངས་ནང་ཡང་ མི་༡ ལུ་ རྨ་སྐྱོན་བཏོན་ཡོད་རུང་ གནས་སྟངས་ཚབས་ཆེན་མེདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ ཁྲིམས་འགལ་གྱི་ ལཱ་འབད་ནི་དེ་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ ཨ་ཙི་ཅིག་ མར་བབས་སོང་ནུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment