གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲནམ་ཅུམ་གྱིས་ མི་༣ ནདཔ་ཐོན་ཡོདཔ།

༢༠/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༨ ཀྱི་ཕྱི་རུ་ ཐིམ་ཕུ་ལུ་སྡོད་མི་ བཟའ་ཚང་ནང་མི་༣ གྱིས་ ཨ་རྟག་དང་མ་འདྲ་བའི་སྲནམ་ཅུམ་ རིང་ཚད་སེན་ཊི་མི་ཊར་༣༠ འབད་མི་ཅིག་ བཟའ་བའི་ཤུལ་ལུ་ ཁ་ལས་སྐྱུགས་པའི་ཁར་ ཨ་བ་བཤལ་ དེ་ལས་ མགུ་ཡུ་འཁོར་ཏེ་ ནདཔ་ཐོན་ཡོདཔ་ཨིན་པས།
སྲནམ་ཅུངམ་དེ་ ཕྱི་ཁ་ལས་ལྟཝ་ད་ ཨ་རྟག་བཟའ་མི་ སྲནམ་ཅུམ་ཚུ་དང་ ཅོག་འཐདཔ་སྦེ་ མཐོངམ་ཨིན་རུང་ སྦོམ་ཚད་ཀྱི་ཐད་ཁར་ མ་འདྲཝ་སྦེ་ཡོདཔ་ཨིན་པས།



སྲནམ་ཅུམ་བཟའ་ཞིནམ་ལས་ ནད་ཐོན་མི་ཅིག་ ཀི་དེབ་ཚོང་ཁང་ནང་ལཱ་འབད་མི་ སྐྱེས་ལོ་༢༤ ལང་མི་ ཉི་མ་བཟང་མོ་ཨིནམ་ད་ མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་རའི་རྨགཔ་གིས་ སྲནམ་ཅུམ་དེ་ སོ་ནམ་བརྒྱ་འཁོར་ཚོད་བསྲེ་ཁྲོམ་ནང་ལས་ ཀི་ཇི་རེ་ལུ་ དངུལ་ཀྲམ་༡༠༠ རེ་སྤྲོད་དེ་ ཉོ་འབག་འོང་བའི་ཤུལ་ལས་ དེ་ཚེ་ཕྱི་རུ་ ཚོདམ་བཙོ་སྟེ་ བཟའ་ཡི་ཟེར་ཨིན་པས།
སྲནམ་ཅུམ་དེ་ བཟའ་བའི་སྐབས་ལུ་ དྲིམ་མ་འདྲཝ་ཅིག་བསྣམས་ནི་དེ་གིས་ ལེ་ཤ་མ་བཟའ་རུང་ མོ་རའི་རྨགཔ་དང་ ནུམོ་གིས་ ཧ་ལམ་ཅིག་ ཟ་ཡི་ཟེར་ ཉི་མ་བཟང་མོ་གིས་ སླབ་ཨིན་པས།
ནུབ་མོའི་ཆུ་ཚོད་༩ དེ་ཅིག་ཁར་ ལྟོ་བཟའ་ཚར་ཞིནམ་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་ཤུལ་ལས་ མོ་གི་ནུམོ་དོ་ ཁ་ལས་སྐྱུགས་ ཨ་བ་བཤལ་ དེ་ལས་ མགུ་ཏོ་ན་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ད་རུང་ དུས་ཡུན་དུམ་གྲ་ཅིག་གི་རྒྱབ་ལས་ མོ་གི་རྨགཔ་ཡང་ ན་ནི་འགོ་བཙུགས་ཡོདཔ་མ་ཚད་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ལུ་ ཉི་མ་བཟངམོ་ མོ་ར་ཡང་ ནདཔ་ཐོན་སོ་ཡི་ཟེར་ཨིན་པས།
དེ་ལས་ ཁོང་ར་བཟང་ཚང་ཚུ་ བཞེས་སྒོ་ནང་ དུག་ཚུད་ཚུདཔ་མེན་ན་ཟེར་མནོ་སྟེ་ དྲོ་པ་ ཧ་སག་ལས་ར་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གློ་བུར་སྨན་ཁང་ནང་ བརྟག་དཔྱད་ཀྱི་དོན་ལུ་ སོང་ཡི་ཟེར་ཨིན་པས།
སྨན་ཟ་རུང་ དྲག་ནི་མེདཔ་ལས་ མི་ཤི་ག་ཟེར་བའི་ ཚ་གྱང་ལང་ཡི་ཟེར་ ཉི་མ་གིས་ སླབ་ཅི།
ད་རེས་ སོ་ནམ་བརྒྱ་འཁོར་ཚོད་བསྲེ་ཁྲོམ་གྱི་ ཚོད་བསྲེ་ཚུ་ སྤ་རོ་དང་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ རྩི་རང་ དེ་ལས་ ཧཱ་ལས་ འབག་འོང་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment