གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་བྱེདཔ་༦༣ ལུ་ ནད་གཞི་ཧེ་པི་ཊའི་ཊིས་ཁ་པ་ ཐོབ་ཡོད་པའི་ངོས་འཛིན།

༢༣/༧/༢༠༡༣   ༉ འཕྲལ་ཁམས་གཅིག་ཁར་ གསོ་བའི་ལྷན་ཁག་གིས་ འགོ་འདྲེན་ཐོག་ལས་ རྒྱལ་ཁབ་ཀྱི་ གློག་མེ་ལས་འགུལ་སྦོམ་ཤོས་ཨིན་མི་ སྤུ་ན་གཙང་ཆུ་དང་ མང་སྡེ་ཆུ་ དེ་ལས་ དར་དཀར་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་ལུ་ གསོ་བའི་བརྟག་དཔྱད་འབད་བའི་སྐབས་ ལས་བྱེདཔ་༦༣ ལུ་ ནད་གཞི་ཧེ་པི་ཊའི་ཊིས་ཁ་པ་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།


གསོ་བའི་ལྷན་ཁག་འོག་གི་ ཨེཆ་ཨའེ་བི་སྡེ་ཚན་གྱི་ ལས་རིམ་འགོ་དཔོན་ རྣམ་རྒྱལ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ གློག་མེ་ལས་འགུལ་༣ ནང་ལས་ ལས་བྱེདཔ་༥༠༧༥ ལུ་ གསོ་བའི་བརྟག་དཔྱད་ཚུ་ སྤྱི་ཟླ་༥ པ་དང་༦ པའི་ནང་ འབད་ཡི་ཟེར་ཨིན་པས།
གསོ་བའི་བརྟག་དཔྱད་ཟེར་ སླབ་པའི་སྐབས་ལུ་ ནད་གཞི་ཨེཆ་ཨའེ་བི་དང་ བི་ཨེམ་ཨའི་ ཁྲག་ཤུགས་ གུ་རམ་གྱི་ནད་གཞི་དང་ གཞན་མི་ ནད་གཞི་ཆུང་བ་ཚུ་ བརྟག་དཔྱད་འབད་ཡི་ཟེར་ རྣམ་རྒྱལ་གྱིས་ སླབ་ཨིན་པས།
གསོ་བའི་བརྟག་དཔྱད་ཀྱི་ ལས་རིམ་དེ་ཡང་ རྒྱལ་ཡོངས་ཨེཌསི་བཀག་ཐབ་ལམ་རིམ་གྱིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དེ་གི་དམིགས་ཡུལ་ཡང་ གཟུགས་ཁམས་སྒྲིང་སྒྲིང་བཞག་ཐབས་ལུ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གསོ་བའི་བརྟག་དཔྱད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ལུ་ འབྲུག་པའི་ལས་བྱེདཔ་ད་ ཕྱི་མི་ལས་བྱེདཔ་ག་ར་ལུ་ བརྟག་དཔྱད་འབད་ཡོདཔ་མ་ཚད་ གློག་མེ་ལས་འགུལ་གྱི་ ལས་བྱེདཔ་མེན་མི་ གསོ་བའི་བརྟག་དཔྱད་འབད་ནི་གི་ བློ་འདོད་ཡོད་མི་ཚུ་ལུ་ཡང་ འབད་བྱིན་ཡི་ཟེར་ཨིན་པས།
ལས་རིམ་འགོ་དཔོན་གྱིས་འབད་བ་ཅིན་ གསོ་བའི་བརྟག་དཔྱད་ལས་རིམ་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཡོདཔ་མ་ཚད་ དུས་ཚོད་དང་འཁྲིལ་ཏེ་ཡང་ འབད་ནི་ཡོད་ཟེར་ཨིན་པས།
ཧེ་པི་ཊའི་ཊིས་ནད་གཞི་དེ་ འབྲུག་མི་ཚུ་ལུ་ ཡོངས་གྲགས་ཅན་གྱི་ ནད་གཞི་ཅིག་ཨིནམ་མ་ཚད་ འཛམ་གླིང་ནང་མི་ས་ཡ་༢༤༠ དེ་ཅིག་ ནད་གཞི་དེ་ ཐོབ་སྟེ་ཡོདཔ་ཨིན་པས།
ཧེ་པི་ཊའི་ཊིས་ཁ་པ་ སྨན་བཅོས་འབད་ནི་གི་ སྨན་ཁབ་དེ་ སྤྱི་ལོ་༡༩༨༢ དེ་ཅིག་ལས་ཡོདཔ་ཨིན་རུང་ འབྲུག་རྒྱལ་ཁབ་ནང་ སྤྱི་ལོ་༡༩༩༦ ནང་རྐྱངམ་གཅིག་ངོ་སྤྲོད་འབད་ཡི་ཟེར་ ལས་རིམ་འགོ་དཔོན་ རྣམ་རྒྱལ་ཚེ་རིང་གིས་སླབ་ཨིན་པས།
ཧེ་པི་ཊའི་ཊིས་ཁ་པ་ ཡོད་མི་ནདཔ་ཚུ་གི་ མཆིན་པ་ལུ་གནོད་པ་བྱུང་དོ་ཡོདཔ་མ་ཚད་ ནད་གཞི་ཡོད་མི་ནདཔ་ལས་ ཁྲག་དང་ གཞན་མི་ཚུ་ལུ་ འབྲེལ་བ་བྱུང་མི་ལུ་བརྟེན་ གཞན་ལུ་འབུ་དོ་ཡོདཔ་ཨིན་པས།
ཨིན་རུང་ སྨན་ཁབ་དེ་གིས་ བརྒྱ་ཆ་༩༥ དེ་གཅིག་ སྨན་བཅོས་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment