༡༩/༧/༢༠༡༣ ༉ འཕྲལ་ཁམས་གཅིག་ཁར་ བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ལུ་ ཁྲིམས་སྲུང་འགག་པའི་ཆ་རོགས་འབད་མི་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ལྟོ་ཚང་ཚུ་ལུ་ ཁྲིམས་སྲུང་འགག་པའི་གཙོ་འཛིན་གྱིས་ ཆ་རོགས་འབད་མི་དེ་ལུ་ བཀའ་དྲིན་ཡོད་ལུགས་ཚུ་གི་སྐོར་ལས་བཤད་དེ་ ལག་ཁྱེར་བྱིན་ཡོདཔ་མ་ཚད་ ད་ལས་ཕ་ར་འབད་རུང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ལྟོ་ཚང་ ཡར་སེང་འབད་ནི་ལུ་ དམིགས་གཏད་བསྐྱེད་ནི་ཟེར་ཨིན་པས།
རྒྱལ་གཞུང་འབྲུག་གི་འགག་སྡེའི་ ལྟོ་ཚང་ཟེར་མི་ ལས་རིམ་དེ་ སྤྱི་ལོ་༢༠༡༢ ཟླ་༩ པའི་ཚེས་༡ ཁྲིམས་སྲུང་གི་ཉིནམ་ བརྩི་སྲུང་དང་འབྲེལ་ཏེ་ གཞི་བཙུགས་འབད་བའི་སྐབས འཐུས་མི་༡༡ གིས་ འགོ་བཙུགས་ཡོདཔ་ད་ དུས་ཅི་ ཁྲིམས་སྲུང་གི་ལྟོ་ཚང་ མི་ངོ་༡༩ ཡོདཔ་ཨིན་པས།
རྒྱལ་གཞུང་འབྲུག་གི་ལྟོ་ཚང་ཟེར་མི་ལས་རིམ་ གཞི་བཙུགས་འབད་དགོ་པའི་དམིགས་ཡུལ་གཙོ་བོ་ར་ མི་སེར་དང་ ཁྲིམས་སྲུང་འགག་པའི་བར་ན་ འབྲེལ་མཐུན་བཟོ་ནི་དང་ མི་སྡེ་ཉེན་སྲུང་དང་ལྡནམ་བཟོ་ནི་ དེ་ལས་ སྲུང་སྐྱོབ་འབད་ནི་གི་དོན་ལུ་ཨིན་པས།
དེ་མ་ཚད་ ཁྲིམས་སྲུང་གི་ཞབས་ཏོག་ཚུ་ མི་སྡེ་ལུ་སྤྲོད་ཐབས་ལུ་དང་ ཁྲིམས་སྲུང་འགག་པ་ལུ་ བློ་གཏད་བསྐྱེད་ཚུགསཔ་བཟོ་ནི་ ཁྲིམས་སྲུང་འགག་པ་དང་ མི་སྡེ་མཉམ་འབྲེལ་འབད་ཐབས་ལུ་ཨིན་པས།
ཁྲིམས་སྲུང་འགག་པའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ལྟོ་ཚང་ ན་ཧིང་གཞི་བཙུགས་འབད་བའི་སྐབས་ལུ་ འཐུས་མི་༡༡ གིས་ འགོ་བཙུགས་ཡོདཔ་ཨིན་རུང་ ད་ལས་ཕར་གྱི་དམིགས་གཏད་དེ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ལྟོ་ཚང་གི་འཐུས་མི་༡༠༠༠ བཙུགས་ནི་ཟེར་ཨིནམ་ད་ ཐིམ་ཕུ་རྐྱངམ་གཅིག་ནང་ར་ འཐུས་མི་༢༠༠ དེ་ཅིག་ དགོ་པས་ཟེར་ཨིན་པས།
འཐུས་མི་གཞན་༨༠༠ པོ་དེ་ རྫོང་ཁག་གཞན་༡༩ གི་དོན་ལུ་ཨིན་ཟེར་ཨིན་པས།
ཐིམ་ཕུ་རྐྱངམ་གཅིག་ནང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ལྟོ་ཚང་གི་འཐུས་མི་༢༠༠ སྦེ་བཞག་དགོ་མི་དེ་ ཐིམ་ཕུ་ས་ཁོངས་ནང་ ས་གནས་ཐདམ་ཐད་ཁར་ མི་སྤུངས་འཛོམས་འབད་སའི་ས་ཁོངས་འབད་ནི་དེ་གིས་ ཁྲིམས་འགལ་གྱི་ལཱ་འབད་མི་ གྱངས་ཁ་མང་ནི་དེ་གིས་ཨིན་ཟེར་ ཁྲིམས་སྲུང་འགག་པའི་གཙོ་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ ཁྲིམས་སྲུང་འགག་པ་བཙུགས་ནི་དེ་ བཙུགས་ཚུགས་ཟེར་ཨིནམ་ད་ དེ་འབདཝ་ད་ ད་རེས་ནངས་པ་ མི་སེར་ཚུ་དང་འབྲེལ་བ་འཐབ་ནི་དེ་ སྒྲིག་གོ་ནང་ཡོད་མི་ ཁྲིམས་སྲུང་འགག་པ་དང་ཕྱདཔ་ད་ འགག་སྡེ་ལྟོ་ཚང་ སློབ་ཕྲུག་ཚུ་དྲག་པས་ཟེར་ཨིན་པས།
རྒྱལ་གཞུང་འབྲུག་གི་འགག་སྡེའི་ལྟོ་ཚང་གི་ འཐུས་མི་མང་ཤོས་ཅིག་ར་ ཨ་ལུའི་ཕམ་ཨིནམ་ལས་བརྟེན་ འཐུས་མི་ཚུ་ གནམ་ཕྱི་རུ་ལྟ་སྐོར་ནང་འགྱོ་བའི་སྐབས་ ཁྲོམ་ཁར་ ཨ་ལུ་ཚུ་གིས་ ཁྲིམས་འགལ་འབད་སར་མཐོངམ་ཅིག་ར་ རང་གི་ཨ་ལུ་དེ་ཡང་ གནམ་ཕྱི་རུ་ ཕྱི་ཁ་ལས་ཕར་ མི་བཏང་ཟེར་མནོ་སྟེ་ མ་བཏང་པ་ཅིན་ ཁྲིམས་སྲུང་གི་ལྟོ་ཚང་༡༩ གི་ ཨ་ལུ་ཚུ་ཡང་ ཁྲོམ་ཁར་བཤལ་ནི་ལས་འཛེམ་ཚུགས་ནི་མས་ཟེར་ སྐྱིབ་ཅུ་རྣམ་རྒྱལ་གྱིས་ སླབ་ཨིན་པས།
རྒྱལ་གཞུང་འབྲུག་གི་འགག་སྡེའི་ འཐུས་མི་ཅིག་ཨིན་མི་ རྟ་མགྲིན་གྱིས་ བཤད་མི་དང་འཁྲིལཝ་ད་ ལས་རིམ་དེ་ནང་ བཅའ་མར་གཏོགས་མི་དེ་གིས་ ཁྲིམས་ཀྱི་སྐོར་ལས་ ཧ་གོ་ཚུགསཔ་མ་ཚད་ རང་གི་མི་ཚེ་ནང་ འབད་བཏུབ་དང་ མ་བཏུབ་ག་ཅི་ཨིན་ན་དང་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་ཚུ་ ག་ཅི་ར་འབད་དགོཔ་ཨིན་ན་ ཤེས་ཚུགས་པས་ཟེར་ཨིན་པས།
རྟ་མགྲིན་གྱིས་འབད་བ་ཅིན་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ལྟོ་ཚང་ཚུ་གིས་ མི་སེར་གཞན་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་མ་ཚུགས་ཏེ་འབད་རུང་ འཐུས་མི་༡༠༠༠ པོ་དེ་གིས་ རང་གིས་རང་ལུ་གོ་བ་སྤྲོད་དེ་ བྱ་ངན་འབད་ནི་ལས་ འཛེམ་ཚུགས་པ་ཅིན་ དེ་གིས་ར་ བཏུབ་པས་ཟེར་ཨིན་པས།
ཨིན་རུང་ ན་ཧིང་དང་ཕྱདཔ་ད་ དུས་ཅི་གི་ལོ་ནང་ ཁྲིམས་འགལ་གྱི་ལཱ་འབད་མི་༥༦༩ མར་བབས་སོང་མི་དེ་ ཁྲིམས་སྲུང་འགག་པའི་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིན་ཟེར་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
![]() |
རྒྱལ་གཞུང་འབྲུག་གི་འགག་སྡེའི་ འགོ་དཔོན་ཚུ་དང་ ལྟོ་ཚང་ཚུ། |

ཡེ་ཤེས་སྒྲོལ་མ།
No comments:
Post a Comment