གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ རྒྱ་གར་ལུ་ ལེགས་སྨོན་ལྟ་སྐོར།

༢༦/༧/༢༠༡༣   ༉ སྤྱི་ཚོགས་གཉིས་པའི་ བཙག་འཐུའི་ཤུལ་ལས་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཕྱེད་ཀ་ལྷགཔ་ཅིག་ ད་རེས་ རྒྱ་གར་རྒྱལ་ཁབ་ནང་ གཞུང་འབྲེལ་ལྟ་སྐོར་དང་པ་འབད་བའི་བསྒང་ཡོདཔ་ཨིན་པས།


དེ་ཡང་ རྒྱ་གར་གཞུང་གི་ མགྲོན་བརྡའི་ཐོག་ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གྱིས་ འཐུས་མི་༡༤ འབད་མི་ སྡེ་ཚན་ཅིག་ འགོ་ཁྲིད་འབད་དེ་ ཉིན་གྲངས་༨ ཀྱི་དོན་ལས་ སོང་ཡོདཔ་ཨིན་པས།
རྒྱ་འབྲུག་གི་ སྤྱི་ཚོགས་གཉིས་ཀྱི་བར་ན་ བརྗེ་སོར་འབད་བའི་བསྒང་ཡོད་མིའི་ ཆ་ཤས་ཅིག་ཨིན་མི་ ལེགས་སྨོན་ལྟ་སྐོར་དེ་ འབྲུག་དང་རྒྱ་གར་གྱི་ མཐུན་ལམ་ལྷག་པར་དུ་ རྩ་བརྟན་བཟོ་ཐབས་ལུ་ཨིན་པས།
འཐུས་མི་སྡེ་ཚན་གྱིས་ ལོག་ས་བྷ་ཟེར་མི་ མི་སེར་གྱི་ ཚོགས་ཁང་གི་ ཚོགས་དཔོན་དང་ ཕྱི་འབྲེལ་བློན་པོ་དང་ མཇལ་ཕྲད་ཞུ་ནི་ཨིནམ་མ་ཚད་ ཉིན་གྲངས་༣ འབད་མི་ གྲོས་བསྡུར་ཞལ་འཛོམས་ཅིག་ནང་ཡང་ བཅའ་མར་གཏོགས་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment