གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུ་རྣམ་དག་མ་འགྱོ་བའི་ དོན་ཚན་༡༥ མངའ་ཞབས་མཆོག་ལུ་ཕུལ་ནི།

༢༠/༧/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལུ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་དང་ བཀོད་ཚོགས་འཐུས་མི་ཚུ་གིས་ དུས་ཡུན་ཆུ་ཚོད་༥ དེ་ཅིག་གི་རིང་ གྲོས་བསྡུར་འབད་བའི་ཤུལ་ལུ་ བཙག་འཐུའི་སྐབས་ ཚུལ་མིན་དང་ ངན་ལྷད་བྱུང་ཡོད་པའི་ དོན་ཚན་༡༥ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ནི་སྦེ་ གྲོས་ཐག་བཅད་ཅི།
གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ།


དེ་ཡང་ དོན་ཚན་༡༥ ཕུལ་མིའི་ ངོས་ལེན་བཀའ་རྒྱ་མ་གནང་ཚུན་ཚོད་ ཚོགས་པའི་འདེམས་ངོ་༡༥ བཙག་འཐུ་གྲུབ་ཡོད་མི་ཚུ་ སྤྱི་ཚོགས་ནང་ ལྡོག་ཕྱོགས་ཀྱི་ འགན་འཁྲི་འབག་མ་ཆོགཔ་སྦེ་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ བློ་འདོད་བཀོད་མི་ལུ་ གནས་ནི་སྦེ་ གྲོས་འཆམ་བྱུང་ཡི།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ལུ་ བཤད་མིའི་ནང་ བཙག་འཐུ་གྲུབ་མི་ འདེམས་ངོ་ཚུ་གིས་ ལྡོག་ཕྱོགས་ཀྱི་ འགན་འཁྲི་འབག་མི་འབག་གི་ དབང་ཚད་དེ་ ཁྱེད་མི་སེར་གྱི་ ཕྱག་ལུ་ཨིན་ཟེར་ཨིན་པས།
ཚོགས་པའི་ཞལ་འཛོམས་ ཉིན་གྲངས་གཉིས་ཀྱི་རིང་ འཚོགས་པའི་སྐབས་ དོན་ཚན་༡༥ ཐོ་བཀོད་འབད་ཡོད་མི་ལས་ གཡུས་སྒོ་ཚུ་ནང་ལས་ཕར་ རྒྱལ་པོའི་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སྲིད་དོན་ནང་ འབྲེལ་གཏོགས་འབད་མི་དང་ བཙག་འཐུའི་དུས་ཚོད་ནང་ མི་སེར་ཚུ་ལུ་ མི་རྩིས་དང་ སའི་སྐྱིད་སྡུག་གནང་ཐོག་ལས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ རྒྱུད་བསྐུལ་འབད་ཡོད་པའི་ གནད་དོན་ཚུ་ཚུད་ནུག།
དེ་མ་ཚད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་པ་དེ་ མངའ་བདག་རྒྱལ་པོའི་ ཚོགས་པ་ཨིནམ་སྦེ་ འདེམས་ངོ་ལ་ལུ་གིས་བསྐུལ་བསྒྲགས་འབད་ཡོདཔ་མ་ཚད་ ལ་ལུ་གིས་ ཁོང་ཆ་ཁྱབ་ མི་དབང་མཆོག་གི་ བཀའ་རྒྱ་དང་འཁྲིལ་ ཚོགས་པ་དེ་ནང་ འདེམས་ངོ་སྦེ་ ཐོན་ཡོད་པའི་སྐོར་ སླབ་མི་ཚུ་ བཀོད་ཡོདཔ་ཨིན་པས།
གཞན་ཡང་ འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་གྱིས་ མི་སེར་དམངས་གཙོ་ཚོགས་པ་དེ་ རྒྱལ་བརྒྱུད་ཀྱི་ གཙུག་སྡེ་སྲུང་སྐྱོབ་ཀྱི་དོན་ལུ་ གཞི་བཙུགས་འབད་ཡོད་པའི་ ཚོགས་པ་ཨིན་ཟེར་ སླབ་ཡོད་པའི་ ཁ་ཉེས་བཀལ་མི་ཚུ་ཡང་ དོན་ཚད་དེ་ནང་ཚུད་ནུག།
དེ་བཟུམ་སྦེ་ མི་སེར་དམངས་གཙོ་ཚོགས་པ་གིས་ མི་དབང་མངའ་བདག་རྒྱལ་པོའི་ཁྱད་དབང་ལུ་ ལགཔ་རྐྱབ་སྟེ་ མི་སེར་ཚུ་ལུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་དང་ སའི་སྐྱིད་སྡུག་གནང་ནི་ དེ་ལས་ དམག་མི་ཚུ་ལུ་ཡང་ རྒྱུད་བསྐུལ་དང་ སེམས་ལྷུ་ཡོད་མི་ཚུ་ཡང་ ཐོ་བཀོད་ནང་ ཚུད་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ནང་ གསང་བའི་ཚོགས་རྒྱན་དང་འབྲེལ་བའི་ གནད་དོན་ནང་ ཚོགས་རྒྱན་ས་ཁོངས་དག་པ་ཅིག་ནང་ ཚོགས་པའི་འདེམས་ངོ་དང་ འདེམས་ངོའི་ངོ་ཚབ་ཚུ་ ཚོགས་རྒྱན་འཕྲུལ་ཆས་བསྡམ་པའི་སྐབས་ ལྟ་རྟོག་འབད་མ་བཅུག་པའི་སྐོར་དང་ དྲག་ཁག་༣ གྱི་ དམག་མི་དང་ ཁོ་རའི་བཟའ་ཚང་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཚུལ་མིན་དབང་ཤུགས་ཐོག་ལས་ ཚོགས་པ་གཞན་ལུ་བཙུགས་བཅུག་ཡོད་པའི་ ཉོགས་བཤད་ཚུ་ཡང་ དོན་ཚན་དེ་ནང་ བཀོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དམག་སྡེའི་འགོ་དཔོན་ཚུ་དང་ ས་གནས་གཞུང་གི་འགོ་དཔོན་ཚུ་ཡང་ བཙག་འཐུའི་ནང་ འབྲེལ་གཏོགས་ཐོག་ བསྐུལ་བསྒྲགས་འབད་ཡོད་པའི་ གནད་དོན་ཚུ་ཡང་ཚུད་ནུག།
ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ བཤད་མིའི་ནང་ དམག་སྡེ་ཚུ་ རྒྱལ་ཁབ་ཀྱི་ མི་སེར་དང་ བསྟན་སྲིད་ཉེན་སྐྱོབ་འབད་མི་ གཙུག་སྡེ་ཅིག་ཨིནམ་ལས་ གལ་སྲིད་ དེ་བཟུམ་མའི་ གཙུག་སྡེ་ཅིག་གིས་ སྲིད་ཚོགས་ཅིག་གི་ ཕྱོགས་གཏོགས་འབད་བ་ཅིན་ ག་ཅི་འབད་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
དོན་ཚན་དེ་ནང་ གནས་སྐབས་གཞུང་གི་གྲོས་དཔོན་ དྲགོས་ཀརྨ་ཨུ་ར་དེ་ ཞི་གཡོགཔ་ཅིག་ཨིནམ་ལས་ སྲིད་དོན་དང་འབྲེལ་མེད་ གནས་དགོཔ་ཨིན་རུང་ སྲིད་འབྲེལ་ནང་ འབྲེལ་གཏོགས་འབད་ཐོག་ལས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་འགལ་བའི་ ལཱ་བྱ་འཐབ་ཡོདཔ་ལས་ དེ་ལུ་ ངོས་ལེན་མཛད་ནི་དེ་ཡང་ མི་དབང་མཆོག་གི་ ཁྱད་དབང་ཨིན་ཟེར་ གཙོ་འཛིན་གྱིས་ བཤད་ཅི།
བཙག་འཐུའི་བསྐུལ་བསྒྲགས་ནང་ རྒྱ་འབྲུག་༢ ཀྱི་མཐུན་ལམ་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ མེདཔ་བཏང་ཡོད་པའི་ ཁ་ཉེས་བཀལ་མི་ཚུ་ཡང་ ཚ་གྱང་ཅན་གྱི་ གནད་དོན་ཅིག་སྦེ་ བཀོད་ཡོདཔ་ཨིན་པས།
ཁ་ཙ་ ཚོགས་པའི་ནང་ལས་ མི་དབང་མཆོག་གི་ སྐུ་མདུན་ལུ་ བཅར་ནིའི་དོན་ལུ་ མི་ངོ་༢༠ འབད་མི་ སྡེ་ཚན་ནང་ བཙག་འཐུ་གྲུབ་པའི་ འདེམས་ངོ་༥ དང་ ཕོ་སྐྱེས་རྒས་ཤོས་༥ ཨམ་སྲུ་༥ ན་གཞོན་༥ གདམ་འཐུ་འབད་ཡོདཔ་ད་ དེ་ཚུ་གིས་ ཞུ་ཡིག་དང་གཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment