གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབུབ་རིན་བསྡུར་ས་ཁོངས་ནང་ གནས་སྐབས་ཚོང་ཁང་ཚུ་གི་ ཁེ་སའི་འབྱུང་ཁུངས་ཅིག་ཨིནམ།

༢༥/༧/༢༠༡༣   ༉ དབྱར་རྩྭ་དགུན་འབུབ་ རིན་བསྡུར་ག་ཏེ་འབད་ས་ལུ་ གནས་སྐབས་ཀྱི་སྒར་བཅགས་ཏེ་ ཚོང་ཁང་བཙུགས་ཐོག་ལས་ ཚོང་རྐྱབ་མི་ཚུ་གིས་ འབུབ་ཚོང་འབྲེལ་འཐབ་མི་ཚུ་ལས་ མ་དངུལ་བཟོ་ཚུགས་པའི་ གོ་སྐབས་ལེགས་ཤོམ་ཅིག་ཨིན་པས།
ས་གནས་ཁར་ ཚོང་བཙོང་མི་དང་ ཉོ་མི་ བརྒྱ་ལས་བཅད་དེ་འཛོམས་དོ་ཡོད་པའི་ཁར་ གོ་ལ་དང་ འཕྲུལ་ཆས་ཀྱི་རིགས་ བཟའ་ཁང་ དེ་ལས་ བཟོ་ཆས་ཀྱི་རིགས་ བཙོང་མི་ལེ་ཤ་སྤུངས་འཛོམས་འབད་འི་སྐབས་ གྲྭ་ཚང་དགོན་སྡེ་དང་ རབ་སྡེ་ཚུ་ནང་ ལོ་བསྟར་གྱི་ ཚེས་བཅུ་འགོ་འདྲེན་འཐབ་པའི་སྣང་བ་ཡང་ ཤར་དོ་ཡོདཔ་ཨིན་པས།

འབུབ་ཚོང་འབྲེལ་འཐབ་མི་ཚུ་གིས་ གནས་སྐབས་ཀྱི་ སྒར་བཅགས་སྡོད་པའི་མཐོང་སྣང་།


ད་རེས་ཀྱི་བདུན་ཕྲག་ནང་ དབང་འདུས་ཕོ་བྲང་ སྲས་ཕུག་དང་ སྒང་སྟེང་ དེ་ལས་ དྭངས་ཆུ་རྒེད་འོག་ཚུ་ནང་ དབྱར་རྩྭ་དགུན་འབུབ་ཀྱི་ གོང་ཚད་རིན་བསྡུར་འབད་བའི་སྐབས་ ཚོང་ཁང་བཙུགས་མི་ རྫོང་ཁག་༢༠ ག་རའི་ནང་ལས་ འོང་དོ་ཡོདཔ་ཨིན་རུང་ མང་ཤོས་ཅིག་ རྫོང་ཁག་འདི་ནང་མི་གི་མི་ཚུ་ཨིན་པས།
རིན་བསྡུར་འབད་ས་ ཚོང་རྐྱབ་ནིའི་གོ་སྐབས་ལེན་མི་དེ་ འབུབ་བཙོང་མི་ཚུ་གིས་ ཉོ་ཚོང་འབད་ནི་དེ་གིས་ཨིནམ་ད་ དེ་བསྒང་ ཁོང་མང་ཤོས་ཅིག་གིས་ ཉུང་ཤོས་དངུལ་ཀྲམ་ འབུམ་དང་ ས་ཡ་གི་བར་ན་ ཐོབ་ནི་དེ་གིས་ འབུབ་བཙོང་མི་ཚུ་གིས་ ཉོ་ཚོང་རྒྱ་སྦོམ་སྦེ་ར་ རྐྱབ་ཨིན་པས།
སྐྱེས་ལོ་༣༡ ལང་མི་ ཀུན་ལེགས་རྒྱལ་མོ་གིས་སླབ་མིའི་ནང་ ཁོང་འབུབ་འཐུ་མི་ཚུ་ལུ་ མ་དངུལ་འཐོབ་ནིའི་གོ་སྐབས་དེ་ འབུབ་བཙོང་བའི་བསྒང་ཨིནམ་ལས་ དངུལ་ཀྲམ་ཐོབ་མི་ལས་ ཉོ་ཚོང་དུམ་གྲ་རེ་ མ་འབད་པ་ཅིན་ ཏི་རུ་དེ་ དེམ་ཅིག་སྦེ་ར་ རྫོགསཔ་མས་ཟེར་ཨིན་པས།
གོ་ལའི་ཚོང་སྒྱུར་འཐབ་མི་ པུར་ན་མ་ཡ་གིས་ སླབ་མིའི་ནང་ འབུབ་རིན་བསྡུར་འབད་བའི་སྐབས་ ཚོང་འབྲེལ་འཐབ་པ་ཅིན་ ཁེ་སང་ཡང་ མངམ་ཐོབ་ཚུགས་པས་ཟེར་ཨིནམ་ད་ ཚོང་མགྲོན་པ་ཚུ་ལུ་ འབུབ་བཙོང་མིའི་དངུལ་ ལེགས་ཤོམ་ཐོབ་ཡོདཔ་ལས་ མཁོ་ཆས་ཉོ་འབག་ནི་ལུ་ དོགས་ཟོན་ མི་བསྐྱེད་པས་ཟེར་ཨིན་པས།
མོ་བཟུམ་སྦེ་ མལ་ཆའི་ཚོང་འབྲེལ་འཐབ་མི་ཅིག་གིས་འབད་རུང་ མ་གཞི་ ཚོང་འབྲེལ་དེ་ ལེགས་ཤོམ་འགྱོ་ནིའི་གོ་སྐབས་ཡོད་རུང་ སྒར་བཅགས་སའི་ས་གོ་ ལེགས་ཤོམ་ ཐོབ་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ ཚོང་པ་ཚུ་གིས་ གཞུང་ལུ་ཁྲལ་བཏབ་མི་དང་འཁྲིལ་ ས་གོ་ཐོབ་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིནམ་ད་ རྒེད་འོག་བདག་སྐྱོང་གིས་ ས་ཁོངས་བགོ་བཀྲམ་འབད་དེ་ འཐུས་ དུམ་གྲ་རེ་བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།
ཚོང་རྐྱབ་མི་ དཔལ་མོ་གིས་སླབ་མིའི་ནང་ ད་རེས་ནངས་པ་ ས་གནས་ག་ཏེ་ར་འགྱོ་རུང་ ཚོང་ཉོ་མི་ལས་ཡང་ བཙོང་མི་མང་དོ་ཡོད་པའི་ཚོར་སྣང་བྱུང་དོ་ཡོདཔ་ལས་ ཁེ་སང་ལེགས་ཤོམ་ཐོབ་ མ་ཚུགས་པའི་དཀའ་ངལ་འདུག་ཟེར་ཨིནམ་ད་ ཚོང་པ་ཚུ་གིས་ ཅ་ཆས་མང་ཤོས་ཅིག་ གཏན་འཇགས་ཀྱི་ཚོང་ཁང་ནང་ བཙོང་མ་ཚུགས་པ་ལུས་མི་ཚུ་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
རྒེད་འོག་ཡིག་ཚང་ནང་ ལཱ་འབད་མི་ཞི་གཡོགཔ་ཚུ་གིས་སླབ་མིའི་ནང་ ཕྱི་རུ་ མི་ཚུ་ ཆང་འཐུང་སྟེ་ འཐབ་རྫིང་འབད་བའི་དཀའ་ངལ་ཚུ་ ཐོན་དོ་ཡོདཔ་ལས་ མི་སྡེ་ལུ་ བྱ་སྟབས་མ་བདེཝ་ཡང་ ཐོནམ་མས་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment