གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་རིམ་༥ པ་༦ པ་༨ པའི་ སློབ་ཕྲུག་བསྡོམས་༡༤༡ གིས་ རྫོང་ཁའི་ཆོས་རྒྱུགས་ལོག་རྐྱབ་ནི།

༢༠/༧/༢༠༡༣   ༉ མོང་སྒར་རྫོང་ཁག་ ཀུ་རི་ཆུ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་རིམ་༥ པ་༦ པ་༨ པའི་ སློབ་ཕྲུག་བསྡོམས་༡༤༡ དེ་ཅིག་གིས་ ལོ་ཕྱེད་ཆོས་རྒྱུགས་ཀྱི་དོན་ལུ་ རྫོང་ཁའི་ཆོས་རྒྱུགས་ ལོག་རྐྱབ་དགོ་ནི་ཨིན་པས།
དེ་ཡང་ ཁ་ཙ་ སློབ་གྲྭ་དེ་ནང་གི་ རྫོང་སློབ་ཅིག་གིས་ ཨ་ལུ་ཚུ་གི་ ལོ་ཕྱེད་ཆོས་རྒྱུགས་ཀྱི་ རྫོང་ཁའི་ཆོས་ཚན་གྱི་ དྲི་ལན་ཤོག་གུ་ཚུ་ བྱང་སྟོར་ཤོར་ཡོདཔ་ལས་ ཕམ་ཚུ་དང་ སློབ་གྲྭའི་བདག་སྐྱོང་གི་བར་ན་ ལོ་ཕྱེད་ཀྱི་ཆོས་རྒྱུགས་དེ་ ལོག་རྐྱབ་བཅུག་ནི་སྦེ་ གྲོས་ཐག་བཅད་མི་ལུ་བརྟེན་ཨིན་པས།

སློབ་ཕྲུག་གི་ཕམ་ཚུ་གིས་ ལགཔ་སེང་ཐོག་ལས་ རྫོང་ཁའི་ཆོས་རྒྱུགས་ ལོག་རྐྱབ་དགོ་པའི་ཞུ་བ་འབད་བའི་བསྒང་།


སློབ་དཔོན་དེ་གིས་ སློབ་ཕྲུག་ཚུ་གི་ རྫོང་ཁ་ཆོས་ཚན་གྱི་ དྲི་ལན་ཡིག་ཤོག་ཚུ་ སློབ་དཔོན་མོ་ར་ ཐིམ་ཕུ་ལུ་ ཞལ་འཛོམས་ཅིག་ནང་ བྱ་ཐབས་མེད་པར་ བཅའ་མར་གཏོགས་དགོཔ་ཐོན་མི་ལུ་བརྟེན་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ མི་མང་སྐྱེལ་འདྲེན་བཱསི་ནང་ འགྱོ་བའི་སྐབས་ལུ་ བུམ་ཐང་ལུ་ལྷོདཔ་ད་ ནུབ་མོ་ བཱསི་གི་ཐོག་ཁར་ལས་ བྱང་ཡོདཔ་ཨིན་པས།
གནད་དེ་གི་གི་སྐོར་ལས་ སྤྱི་ཟླ་༧ པའི་ཚེས་༢ ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ ཅ་ཆས་ཚུ་ ལོག་ཐོབ་ཡོདཔ་ད་ དེ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ སློབ་གྲྭ་ནང་བསྐྱལ་མི་ ཡི་གུ་དང་འཁྲིལ་བ་ཅིན་ ཁོང་གིས་ གནད་དོན་དེ་གུ་ ཞིབ་དཔྱད་འབད་བའི་སྐབས་ལུ་ འབྲེལ་བ་ཡོད་པའི་མི་དེ་ བདའ་ཟུན་འབད་དེ་ རྒྱུ་དངོས་ཚུ་ ལོག་ཐོབ་ཡོདཔ་ད་ ལ་ལུ་ཅིག་ མི་ངོ་མ་ཤེས་མི་ཚུ་ལུ་ སྤྲོད་ནུག་ཟེར་ཨིནམ་ད་ ཨིན་རུང་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།
སློབ་ཕྲུག་གི་ ཕམ་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ སྟབས་མ་བདེཝ་དེ་ ག་ལུ་ར་འབྱུང་སྲིད་ནི་ཨིནམ་ལས་ སློབ་དཔོན་ལུ་ ཁ་གཏང་དགོཔ་མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ ཨ་ལུ་ཚུ་གི་དོན་ལུ་ ཆོས་རྒྱུགས་ལོག་རྐྱབ་ནིའི་ གོ་སྐབས་འཐོབ་ཚུགས་པ་ཅིན་ སེམས་དགའ་ནི་མས་ཟེར་ཨིནམ་ད་ དེ་གིས་ ཨ་ལུའི་ལྕོགས་གྲུབ་དང་ ཤེས་ཡོན་རྒྱ་བསྐྱེད་གཏང་ནི་ལུ་ཡང་ ཕན་ཐོགས་ཚུགས་ཟེར་ཨིན་པས།
ཆོས་རྒྱུགས་ཀྱི་སྐོར་ལས་ སློབ་དཔོན་ཚུ་ལུ་ བྱ་སྟབས་བདེཝ་མེད་པ་ཅིན་ ཕམ་ཚུ་ སྟབས་མ་བདེཝ་མི་འོང་ཟེར་ཨིནམ་ད་ ཨ་ལུ་ཚུ་གིས་འབད་རུང་ གཅིག་ཤུལ་གཉིས་སྦེ་ ཆོས་རྒྱུགས་རྐྱབ་ནིའི་ གོ་སྐབས་འཐོབ་ཚུགས་པ་ཅིན་ ཡོན་ཏན་རྒྱ་བསྐྱེད་འབད་ཚུགས་ནི་མས་ཟེར་ ཨ་ལུའི་ཕམ་ རྡོ་རྗེ་གིས་ སླབ་ཨིན་པས།
སློབ་གྲྭའི་དབུ་འཛིན་ པདྨ་འཕྲིན་ལས་ཀྱིས་འབད་རུང་ དེ་བཟུམ་གྱི་ སྟབས་མ་བདེཝ་ཐོན་མི་ལུ་ ཕམ་ཚུ་གིས་འབད་རུང་ བཟོད་པ་བཞེས་དགོ་ཟེར་ཨིནམ་ད་ སློབ་དཔོན་ཚུ་གིས་འབད་རུང་ ཨ་ལུ་ཚུ་གི་མཐའ་དོན་ལུ་ རྩ་འགེངས་ཏེ་ར་ ཕྱག་ཞུ་དོ་ཡོདཔ་ལས་ ད་ལས་ཕར་ བདེ་ཐབས་བསྒྲིག་གནང་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་གཞི་ སློབ་དཔོན་ཚུ་གིས་ དེ་བཟུམ་གྱི་ཤོག་གུ་ཚུ་ སློབ་གྲྭའི་ཕྱི་ཁར་འབག་མི་ཆོག་ཟེར་ཨིནམ་ད་ དེ་ཚེ་ སློབ་དཔོན་དེ་ རྒྱལ་ཡོངས་ཀྱི་དོན་ལུ་ སློབ་རིམ་༣ པའི་ ཆོས་རྒྱུགས་ཀྱི་དྲི་བ་བཟོ་ནིའི་དོན་ལུ་ ཐིམ་ཕུ་ལུ་འགྱོ་བའི་ ལམ་ཁར་བྱང་སྟོར་ཤོར་ནུག་ཟེར་ཨིན་པས།
དེ་ཡང་ ཁོ་གིས་ སླབ་མིའི་ནང་ སློབ་དཔོན་དེ་ལུ་ མ་གཞི་ སྣུམ་འཁོར་ཡོད་རུང་ དེ་ཚེ་ མི་མང་སྐྱེལ་འདྲེན་བཱསི་ནང་ འགྱོ་དགོཔ་ཐོན་མི་དེ་ཡང་ མོ་རའི་རྨགཔ་དེ་ཡང་ སློབ་གྲྭ་དེ་ནང་གི་ སློབ་དཔོན་ཨིནམ་ལས་ དེ་བསྒང་ ལོ་ཕྱེད་ཆོས་རྒྱུགས་མཇུག་མ་བསྡུ་བར་ཡོདཔ་ལས་ མོ་རའི་སྣུམ་འཁོར་ནང་ འགྱོ་མ་ཚུགས་པར་ བྱ་ཐབས་ར་མེད་པར་ བཱསི་ནང་འགྱོ་དགོཔ་ཐོན་ནུག་ཟེར་ཨིནམ་ད་ དེ་ཡང་ དུས་ཚོད་མེདཔ་ལས་བརྟེན་ཨིན་ཟེར་ཨིན་པས།
རྒྱལ་པོའི་ཞིང་ལུ་སྡོད་མི་ ལ་ལུ་ཅིག་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ སྟབས་མ་བདེཝ་སྦོམ་འབྱུང་སྲིད་ནི་ཨིན་མི་དེ་ཡང་ སྣུམ་འཁོར་བཱསི་གི་ དེད་གཡོགཔ་དང་ ལས་རོགསཔ་ཚུ་གིས་ དོས་གླ་མཐོ་སུ་ལེན་ནིའི་བརྩི་མ་གཏོགས་ ཁུར་ཆ་བདག་འཛིན་འབད་ནི་མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ཁོང་གིས་ སླབ་མིའི་ནང་ ད་ལས་ཕར་ དེ་བཟུམ་གྱི་ གནས་སྟངས་དེ་ མི་འཐོན་ནིའི་དོན་ལུ་ སྣུམ་འཁོར་བཱསི་གི་ཇོ་བདག་ཚུ་གིས་འབད་རུང་ ལས་རོགསཔ་ཚུ་ལུ་ ལམ་འགྲུལ་པ་ཚུ་གི་ ཁུར་ཆ་ཚུ་ བདག་འཛིན་འབད་དགོ་པའི་སྐོར་ལས་ སླབ་དགོཔ་མ་ཚད་ ནུབ་མོ་བཱསི་བཞག་སའི་ ས་ཁོངས་ནང་ཡང་ སྲུང་རྒྱབ་བཙུགས་དགོཔ་འདུག་ཟེར་ཨིན་པས།
ཨིན་རུང་ སློབ་རིམ་༥ པ་དང་༦ པ་ དེ་ལས་༨ པའི་ སློབ་ཕྲུག་༡༤༡ གིས་ རྫོང་ཁའི་ཆོས་རྒྱུགས་དེ་ ལོག་སྟེ་ སྤྱི་ཟླ་༧ པའི་ཚེས་༢༢ ལས་༢༤ གི་བར་ན་ རྐྱབ་ནི་སྦེ་ ཁ་འཆམ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment