གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་པའི་སྡེ་ཚན་ ཐིམ་ཕུ་ཁྲོམ་སྡེ་གིས་ གཱོལ་༢ བཙུགས་ཏེ་ རྒྱལ་མི་ལུ་ ལྟདམོ་ལྟ་མི་ཚུ་ སེམས་དགའ་ཡོདཔ།

༢༤/༧/༢༠༡༣   ༉ འབྲུག་པའི་ཕུཊ་བཱོལ་རྩེད་འགྲན་པའི་སྡེ་ཚན་ ཐིམ་ཕུ་ཁྲོམ་སྡེ་གིས་ བར་མཚམས་ཀྱི་དུས་ཚོད་མ་ཚང་བའི་ཧེ་མར་ བང་ལ་དེཤ་ བི་ཇེ་ཨེམ་སི་ སྡེ་ཚན་ལུ་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ད་ བང་ལ་དེཤ་སྡེ་ཚན་ཚུ་ སེམས་དང་མ་ལྡནམ་ལས་ འགོ་འདྲེན་འཐབ་མི་ལུ་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་།


དེ་ཡང་ རྩེད་འགྲན་དེ་ སྡེ་ཚན་༢ ཆ་རའི་ཁ་ཐུག་ལས་ གནས་སྐབས་དང་ རིག་རྩལ་ཚུ་ གཅིག་བ་གཅིག་དྲགཔ་སྦེ་ རྩེད་འགྲན་འབདཝ་ད་ ལྟདམོ་ལྟ་མི་ཚུ་གིས་མ་ཚད་ འགོ་འདྲེན་འཐབ་མི་འགོ་དཔོན་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་ཡང་ སྤྲོ་བ་སྦོམ་བྱུང་ཡོདཔ་བཞིན་དུ་ ན་གཞོན་ཚུ་གིས་འབད་རུང་ སྤྲོ་བ་ཐེབས་ལེན་ཏེ་ ལྟདམོ་ལྟ་བར་ ཉིནམ་རེ་ཆད་མེད་པར་ འོང་དོ་ཡོདཔ་ཨིན་པས།
དེ་སྦེ་ སྡེ་ཚན་༢ ཀྱིས་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་སྡོད་པའི་བར་ན་ར་ ཐིམ་ཕུ་ཁྲོམ་སྡེ་ སྡེ་ཚན་ལས་ ཟླ་བ་རྒྱལ་མཚན་གྱིས་ སྐར་མ་༢༠ འི་ནང་ གཱོལ་དང་པམ་བཙུགས་ཡོདཔ་བཞིན་དུ་ སྐར་མ་༢༤ གྱི་རྒྱབ་ལས་ ཀརྨ་ཆོས་གྲུབ་ཀྱིས་ ད་རུང་ གཱོལ་༢ པམ་དེ་བཙུགས་ཏེ་ སྡེ་ཚན་གྱིས་ གཱོལ་བཙུགས་མི་ལུ་ དགའ་ཚོར་སྐྱེད་དེ་སྡོད་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་མེན་ཟེར་སླབ་སྟེ་ དྲང་དཔོན་འབད་མི་ལུ་ ཁ་ཉེས་བཀལཝ་ཨིན་པས།
ཨིན་རུང་ དྲང་དཔོན་གྱིས་ གཱོལ་ཨིན་ཟེར་ རྟགས་བཀལ་བའི་ཤུལ་ལུ་ བར་མཚམས་ངལ་གསོ་ལེན་ཡོདཔ་ད་ བར་མཚམས་ངལ་གསོ་ལས་ ལོག་ རྩེད་འགྲན་འགོ་བཙུགས་ཞིནམ་ལས་ བང་ལ་དེཤ་སྡེ་ཚན་གྱིས་ དོ་འགྲན་འབད་དེ་ འབྲུག་པའི་སྡེ་ཚན་ལུ་ གཱོལ་༡ བཙུགས་ཚུགས་ཚུགས་ལུ་ དོ་འགྲན་སྦོམ་ར་ འབད་དགོཔ་བྱུང་ཡོདཔ་ཨིན་པས།
དེ་ཡང་ སྐར་མ་༧༧ ལངམ་ད་ བི་ཇེ་ཨེམ་སི་ལས་ ཨེམ་དྲི་ ཨ་མི་ནུར་ ར་ཧ་ན་གིས་ གཱོལ་བཙུགས་ཡོདཔ་ད་ དེ་གི་ཤུལ་ལས་ འབྲུག་པའི་སྡེ་ཚན་གྱིས་ རྩ་འགེངས་ཏེ་ གཱོལ་ཐེབས་བཙུགས་ནི་ལུ་ བརྩོན་ཤུགས་སྦོམ་སྦེ་ར་བསྐྱེད་པའི་འབྲས་བུ་དེ་ སྐར་མ་༨༧ ལུ་ བྱུང་ ཡོདཔ་ལས་ སྡེ་ཚན་གྱིས་ སྐུགས་༣ ཐོབ་ཅི།
འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྡེ་ཚན་༢ ཆ་རའི་ ཁ་ཐུག་ལས་ དོ་འགྲན་ལེགས་ཤོམ་འབད་དེ་ རྩེད་འགྲན་འབད་མི་ལུ་ རྗེས་སུ་ཡིད་རངས་ཡོད་པའི་ཁར་ འབྲུག་པའི་སྡེ་ཚན་ ཐིམ་ཕུ་ཁྲོམ་སྡེ་གིས་ རྒྱལ་ཁ་ཐོབ་སྟེ་ སྐུགས་༣ ཐོབ་མི་ལུ་ དགའ་ཚོར་ཡོདཔ་མ་ཚད་ ད་ལས་ཕར་ཡང་ རྩེད་འགྲན་ཚུ་ནང་ ལེགས་ཤོམ་སྦེ་རྩེད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
བང་ལ་དེཤ་སྡེ་ཚན་གྱི་ འཛིན་སྐྱོང་པ་གིས་འབད་བ་ཅིན་ འབྲུག་པའི་སྡེ་ཚན་གྱིས་ གཱོལ་༢ བཙུགས་མི་དེ་ ཁྲིམས་དང་འགལ་བ་ཨིན་རུང་ དྲང་དཔོན་འབད་མི་གིས་ ཕྲང་མ་བཏུབ་ལས་ འགོ་འདྲེན་འཐབ་མི་ལུ་ ཉོགས་བཤད་ཡི་གུ་བཙུགས་ནི་ཟེར་ སླབ་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་སྡེ་ཚན་གྱི་ འཛིན་སྐྱོང་པ་ ཡེ་ཤེས་ཚེ་རིང་གིས་འབད་བ་ཅིན་ གཱོལ་ཚུ་ག་ར་ ངེས་བདེན་ཨིནམ་མ་ཚད་ རྩེད་འགྲན་པ་ལས་ རྒྱལ་ཁ་ཐོབ་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ སླབ་ཨིན་པས།
སྡེ་ཚན་ཀ་པ་ལས་ འབྲུག་པའི་སྡེ་ཚན་ ཡིད་འཛིན་དང་ ནེ་པཱལ་ཨེལ་ཨེཆ་ཨེམ་མཱ་ནན་ སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིནམ་ད་ འགོ་ཐོག་རྩེད་འགྲན་ནང་ ཡིད་འཛིན་གྱིས་ ཨ་རམ་བཌ་ ཁྱི་ར་ སཱང་ག་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།


No comments:

Post a Comment