གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་པའི་འདེམས་ངོ་རེ་བཙག་འཐུ་གྲུབ་རུང་ གཞུང་སྐྱོང་ཐོབ་མི་ལུ་ ཧ་ལས་དགོཔ་བྱུང་ཡོདཔ།

༡༨/༧/༢༠༡༣   ༉ སྤ་རོ་རྫོང་ཁག་གི་ མི་སེར་ཚུ་གིས་ འགོ་ཐོག་བཙག་འཐུ་དང་ དབྱེ་བ་མེདཔ་སྦེ་ར་ སྤྱིར་བཏང་བཙག་འཐུའི་ནང་ཡང་ འདེམས་ངོ་༢ ཡོད་མི་ལས་ གཅིག་མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་དང་ གཅིག་འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བཙག་འཐུ་འབད་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་པའི་ཤུལ་ལུ་ བསྒུགས་སྡོད་པའི་བསྒང་།


མ་གཞི་ སྤ་རོ་གི་མི་སེར་མང་ཤོས་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱིར་བཏང་བཙག་འཐུ་གི་ གྲུབ་འབྲས་ཐོན་པའི་སྐབས་ལུ་ ཁོང་ར་ ཧ་ལས་དགོཔ་བྱུང་ཡི་ཟེར་ཨིན་མི་དེ་ཡང་ ཁོང་གི་མནོ་བསམ་ལས་འབད་བ་ཅིན་ ཚོགས་པ་གཉིས་ཀྱི་ འདེམས་ངོ་རེ་རེ་ བཙག་འཐུ་འགྲུབ་ནི་ཨིན་རུང་ གཞུང་སྐྱོང་གི་གོ་སྐབས་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ར་ ཐོབ་འོང་ཟེར་བའི་ རེ་བ་བསྐྱེད་ཅི་ཟེར་ཨིན་པས།
སྤ་རོ་ཁྲོམ་ལས་ སྐྱེས་ལོ་༤༦ ལང་མི་ རྡོ་རྗེ་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༧ པའི་ཚེས་༡༣ གྱི་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ སྤ་རོ་དང་ གཞན་མི་རྫོང་ཁག་གི་ འགྲེམ་ཐོག་ཚོགས་རྒྱན་གྱི་ གྲུབ་འབྲས་ཐོན་པའི་སྐབས་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ཁོངས་༣༨ ནང་ རྒྱལ་ཁ་ཐོབ་པའི་སྐབས་ ཡ་མཚན་ཅན་ལུ་གྱུར་ཡི་ཟེར་ཨིན་པས།
གཞུང་སྐྱོང་གི་གོ་སྐབས་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ཐོབ་པའི་ཤུལ་ལུ་ ལྡོག་ཕྱོགས་ཚོགས་པ་ནང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་༢༠ ལས་༢༡ དེ་ཅིག་ འཐོབ་འོང་མནོ་བའི་རེ་བ་བསྐྱེད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་མི་ལུ་ མ་དགའཝ་རྩ་ལས་མེད་ཟེར་ཨིན་པས། མི་སེར་ལུ་དགོཔ་དེ་ར་ རྒྱལ་ཁབ་ཀྱི་ཞི་བདེ་ཨིནམ་ལས་ ཚོགས་པ་ག་གིས་ར་རྒྱལ་ཁ་ཐོབ་རུང་ གཞུང་དང་མི་སེར་ལུ་ ཞི་བདེ་དང་ ཉེན་སྲུང་བྱིན་ཚུགས་པ་ཅིན་ ཁྱད་པར་ཅིག་ག་ཅི་ཡང་ མི་བྱུང་ཟེར་ཨིན་པས།
སྤ་རོ་བྱང་ས་ལས་ སྐྱེས་ལོ་༤༣ ལང་མི་ ཚེ་དབང་རིག་འཛིན་གྱིས་འབད་བ་ཅིན་ མི་སེར་གྱི་འགན་ཁུར་དེ་ར་ ལྕོགས་གྲུབ་ཅན་གྱི་འདེམས་ངོ་དང་ རང་གི་འདེམས་ཁོངས་ལུ་ ཕན་ཐོགས་ཚུགས་པའི་འདེམས་ངོ་ བཙག་འཐུ་འབད་ནི་དེ་ཨིནམ་ལས་ དྲོ་པའི་ཆུ་ཚོད་༨ ལས་ ཁོ་གིས་ གྱལ་བཅར་སྡོད་ཞིནམ་ལས་ གསེར་གྱི་གོ་སྐབས་ལག་ལེན་འཐབ་ཐོག་ལས་ ཁོ་ར་གིས་ མནོ་མི་ འདེམས་ངོ་ལུ་ ཚོགས་རྒྱན་བཙུགས་ཚུགས་ནི་དེ་གིས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
ཚོགས་པ་གཉིས་ཡོད་མི་ནང་ལས་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཀྱི་ འགན་ཁུར་ག་གིས་ར་འབག་སྟེ་འབད་རུང་ གཞུང་དང་མི་སེར་གྱི་ མཐའ་དོན་ལུ་ཨིནམ་ལས་ རྒྱབ་འགལ་བཟུམ་སྦེ་ མི་མཐོང་མས་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ཀྱི་ དམངས་གཙོ་རིང་ལུགས་དེ་ སྒྲིང་སྒྲིང་བཟོ་ནི་དང་ བཙག་འཐུ་གི་བྱ་རིམ་ཚུ་ བར་ཆད་ག་ཅི་ཡང་མེད་པར་ འབད་ནི་ལུ་དམིགས་པ་བསྐྱེད་དེ་ཨིནམ་ལས་ བཙག་འཐུ་དེ་ར་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
སྤ་རོ་ཤར་པ་ལས་ ཨམ་སྐལ་བཟང་སྒྲོལ་མ་གིས་འབད་བ་ཅིན་ ཧེ་མ་ འབྲུག་རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ འགོ་དང་པ་ འགོ་བཙུགས་པའི་སྐབས་ གཞུང་སྐྱོང་གི་ཕྱག་འགན་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ འབག་སྟེ་ཡོད་རུང་ མི་སེར་ཚུ་གིས་ གོ་སྐབས་༢ པམ་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་ བྱིན་ཡོད་མི་ལུ་ལྟཝ་ད་ སྤྱི་ལོ་༢༠༡༨ ནང་ བཙག་འཐུ་༣ པ་ འགོ་འདྲེན་འཐབ་པའི་སྐབས་ ལྕོགས་གྲུབ་ཅན་གྱི་ཚོགས་པ་ག་ཨིན་ན་ མི་སེར་ཚུ་གིས་ ལེགས་ཤོམ་སྦེ་ དབྱེ་བ་ཕྱེ་ཚུགས་པའི་ གོ་སྐབས་བཟང་པོ་ ཐོབ་ཡོདཔ་ལས་ ལེགས་པའི་ལམ་ཕྱོགས་ལུ་ཞུགས་ཡོད་པའི་ བརྡ་མཚོན་སྟོནམ་མས་ཟེར་ སྐལ་བཟང་སྒྲོལ་མ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment