གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཟའ་སྐར་འཕྲོད་སྦྱོར།


 རང་ཟླ་༤ པའི་ཚེས་༡༡ སྤྱི་ལོ་༢༠༡༣ ཟླ་༥ པའི་ཚེས་༢༡།
 རེས་གཟའ་ལྷག་པ། སྐར་མ་དབོ། ཉིནམ་ལྕགས་རྟ། རྟེན་འབྲེལ་མིག་གཟུགས། འཕྲོད་སྦྱོར་ཆུ་རླུང་ཕྲད་པ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་ལེགས་ཤོམ་མེདཔ་ལས་ དུས་རྒྱུན་གྱི་ལཱ་དང་བྱ་བ་ཚུ་ མ་གཏོགས། རབ་གནས་འབད་ནི་དང་ ཚོང་ལཱ་གསརཔ་འགོ་བཙུག་ནི་དང་ རྟེན་འབྲེལ་བརྩི་ནི་ སྡོད་གནས་སྤོ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ས་ཞིང་དང་ཁང་ཁྱིམ་ཕྱི་ཁར་བཙོང་ནི་ཚུ་ མི་བཏུབ་པས།

རང་ཟླ་༤ པའི་ཚེས་༡༢ སྤྱི་ལོ་༢༠༡༣ ཟླ་༥ པའི་ཚེས་༢༢
རེས་གཟའ་ཕུར་བུ། སྐར་མ་མེ་བཞི། ཉིནམ་ཆུ་ལུག། རྟེན་འབྲེལ་ཚོར་བ། འཕྲོད་སྦྱོར་རླུང་གཉིས་ཕྲད་པ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་ལེགས་ཤོམ་ཡོདཔ་ལས་ རབ་གནས་འབད་ནི་དང་ ལྷ་སྲུང་གསོལ་ནི་ ཕྱྭ་འགུགས་རྐྱབ་ནི་ དགེ་སློང་ནང་འཛུལ་ནི་ དཔེ་ཆ་ལྷབ་ནི་འགོ་བཙུག་ནི་ གོ་གནས་གསར་བསྐོ་འབད་ནི་དང་ རྟེན་འབྲེལ་བརྩི་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ སྡོད་གནས་སྤོ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ཚུ་ ལེགས་ཤོམ་ཡོད་རུང། ཚོང་ལཱ་གསརཔ་འགོ་བཙུགས་ནི་དང་ ཁྱིམ་ཐོག་བཀབ་ནི་ཚུ་ མི་བཏུབ་པས། མཁའ་འགྲོའི་རྒྱུ་ལམ་ དུས་འཁོར་དང་ དབྱངས་འཆར་གཉིས་ཆ་ར་ལས་ བྱང་ཤར་ཁ་ཐུག་ལུ་ཕོགཔ་ཨིན་པས། 
རང་ཟླ་༤ པའི་ཚེས་༡༣ སྤྱི་ལོ་༢༠༡༣ ཟླ་༥ པའི་ཚེས་༢༣།
རེས་གཟའ་པ་སངས། སྐར་མ་ནག་པ། ཉིནམ་ཤིང་སྤྲེལ། རྟེན་འབྲེལ་སྲེད་པ། འཕྲོད་སྦྱོར་ས་རླུང་ཕྲད་པ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་ ལེགས་ཤོམ་མེདཔ་ལས་ དུས་རྒྱུན་གྱི་གསོལ་མཆོད་ཕུལ་ནི་ཚུ་ མ་གཏོགས། རབ་གནས་འབད་ནི་དང་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ སྡོད་གནས་སྤོ་ནི་  རླུང་དར་འཕྱར་ནི་ ཁྱིམ་གསར་ནང་འཛུལ་ནི་ ཚུ་མི་བཏུབ་པས།



རང་ཟླ་༤ པའི་ཚེས་༡༤ སྤྱི་ལོ་༢༠༡༣ ཟླ་༥ པའི་ཚེས་༢༤

རེས་གཟའ་སྤེན་པ། སྐར་མ་ས་རི། ཉིནམ་མེ་བྱ། རྟེན་འབྲེལ་ལེན་པ། འཕྲོད་སྦྱོར་ས་རླུང་ཕྲད་པ། ཉིནམ་འདི་ཁར་གཟའ་སྐར་འཕྲོད་སྦྱོར་ངནམ་ལས་ དུས་རྒྱུན་གྱི་གསོལ་མཆོད་ཕུལ་ནི་ཚུ་ མ་གཏོགས། རབ་གནས་འབད་ནི་དང་ ཁྱིམ་ཐོག་བཀབ་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ མཁར་ལས་ས་བརྐོ་རྡོ་སློག་འབད་ནི་ ས་ཐག་རིང་སར་འགྲོ་འགྲུལ་འབད་ནི་ཚུ་ མི་བཏུབ་པས།


རང་ཟླ་༤ པའི་ཚེས་༡༥ སྤྱི་ལོ་༢༠༡༣ ཟླ་༥ པའི་ཚེས་༢༥
རེས་གཟའ་ཉི་མ། སྐར་མ་ས་ག ཉིནམ་ས་ཁྱི་ སྦྲུལ་གྱི་༡ ནས་ཉི་མ་ལྕགས་ཕག། རྟེན་འབྲེལ་སྲིད་པ། འཕྲོད་སྦྱོར་མེ་གཉིས་ཕྲད་པ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཁར་ དུས་ཆེན་ལྔ་འཛོམས་ཀྱི་ཉིནམ་ཁྱད་པར་ཅན་ཡང་ཕོགཔ་ལས་ དད་ཅན་གྱི་སྐྱེ་གསར་ཕོ་མོ་ཡོངས་ཀྱིས་ རྣམ་དཀར་དགེ་བའི་ལཱ་ ཕྱག་མཆོད་སྦྱིན་གཏོང་ལ་སོགས་པའི་ཚོགས་འཁོར་བསྐོར་ནི་དང་ རྣམ་རྒྱལ་སྟོང་མཆོད་བཏང་ནི་ དར་འཕྱར་ནི་ ལྷ་ཁང་དང་ མཆོད་རྟེན་ཚུ་བསྐོར་བ་རྐྱབ་ནི་ དཀར་མེ་སྟོང་མཆོད་ཕུལ་ནི་ཚུ་ལེགས་ཤོམ་ཡོད་རུང། ཁྱིམ་ཐོག་བཀབ་ནི་དང་ ཁྱིམ་གསར་པའི་ནང་འཛུལ་ནི་ སྡོད་གནས་སྤོ་ནི་ཚུ་མི་བཏུབ་པས། མཁའ་འགྲོའི་རྒྱུ་ལམ་ དུས་འཁོར་ལས་ ཉིན་ཕྱེད་ཚུན་ཤར་ལྷོ་དང་ དབྱངས་འཆར་ལས་ལྷོ་ ཉིན་ཕྱེད་ལས་ དུས་འཁོར་དང་དབྱངས་འཆར་གཉིས་ཆ་ར་ལས་ ལྷོ་ནུབ་ཁ་ཐུག་ལུ་ཕོགཔ་ཨིན་པས།









No comments:

Post a Comment