གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནད་གཞི་ཨེཌསི་བཀས་ཐབས་འབད་ནི་དེ་ དོ་འགྲན་ཅན་སྦེ་ར་གནས་ཡོདཔ།


ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ མི་༢༧༠ ལུ་ ནད་གཞི་ཨེཌསི་/ཨེཆ་ཨའེ་བི་ཐོབ་མི་ལས་༤༨ ཤི་སོཔ་ཨིན་པས།
མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕཡུག་མཆོག་གིས་
 ཨམ་སྲུ་ཚུ་དང་ ཞལ་འདྲིས་གནང་པའི་བསྒང་།
བུམ་ཐང་ལས་ བཀྲིས་བསྟན་འཛིན།

༉ གསོ་བའི་ལྷན་ཁག་གིས་ ད་ཚུན་གྱི་བར་ན་ རྒྱལ་ཁབ་ཀྱི་ ཁྲོམ་སྡེ་ཚུ་ནང་ མི་སྡེ་གསོ་བའི་ཞབས་ཏོག་ལྟེ་བ་ཚུ་ གཞི་བཙུགས་འབད་དེ་ཡོདཔ་མ་ཚད་ གདུག་ཅན་གྱི་ནད་གཞི་ཨེཌསུ/ཨེཆ་ཨའེ་བི་གི་སྐོར་ལས་ མི་མང་ལུ་ གོ་བརྡ་ཚུ་ སྤེལ་བཞིན་དུ་ཡོད་རུང་ ནད་གཞི་ཐོབ་མིའི་ གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་ལུ་བརྟེན་ གསོ་བའི་ལྷན་ཁག་ལུ་ དོ་འགྲན་དང་ ཚ་གྱང་ཅན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།

དེ་ཡང་ ཁ་ཙ་ འཛམ་གླིང་སྤྱི་ཚོགས་མི་འབོར་མ་དངུལ་གྱི་ ཞབས་ཏོག་སྐུ་ཚབ་ མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་ དབུ་བཞུགས་ཐོག་ལས་ བུམ་ཐང་ཆོས་འཁོར་རྒེད་འོག་གི་ མི་སེར་དང་ ལྕམ་མཁར་ཁྲོམ་ཁར་ཡོད་མི་ ཚོང་དཔོན་ཚུ་བརྩིས་ཏེ་ མི་སེར་༥༠༠ ལྷགཔ་ཅིག་ལུ་ ནད་གཞི་ཨེཌསི་/ཨེཆ་ཨའེ་བི་དང་ ཁྱིམ་ནང་གི་རྩུབ་སྤྱོད་ དེ་ལས་ མི་སྡེའི་དཀའ་ངལ་ཚུ་གི་སྐོར་ལས་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་སར་ དབང་འདུས་ཆོས་གླིང་སྨན་ཁང་གི་ ཌོག་ཊར་རྟ་མགྲིན་བཟང་པོ་གིས་ གསལ་བཤད་འབད་ཡི།
ཌོག་ཊར་རྟ་མགྲིན་བཟང་པོ་གིས་ ནད་གཞི་ཨེཌསི་གི་ རྒྱབ་ཁུངས་སྐོར་ལས་ གསལ་བཤད་འབདཝ་དང་འབྲེལ་ རྒྱལ་ཁབ་ནང་ ནད་གཞི་ཐོབ་མི་ འགོ་དང་པ་ སྤྱི་ལོ་༡༩༩༣ ལུ་ ངོས་འཛིན་བྱུང་ཞིནམ་ལས་ཚུར་ ད་རེས་ནངས་པ་ མི་གྲངས་༢༧༠ ལུ་ ནད་གཞི་ཨེཌསི་གི་རྒྱུ་ ཨེཆ་ཨའེ་མི་ནད་འབུབ་ཐོབ་ཡོད་མི་ལས་ ནདཔ་༥༦ ད་ལྟོ་ སྨན་བཅོས་འབད་བའི་བསྒང་ཡོདཔ་མ་ཚད་༤༨ ཨེཌསི་ཐོབ་སྟེ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།
ནད་གཞི་ཐོབ་མི་ཚུ་གི་གྲས་ལས་ མི་༢ ཕྱི་རྒྱལ་ལུ་ སོང་ཡོདཔ་ད་ ནད་ཐོབ་མི་ ཡོངས་བསྡོམས་ལས་ བརྒྱ་ཆ་༣༠ ནང་གི་ཨམ་དང་ བརྒྱ་ཆ་༡༣ ཕྱིའི་མི་ཁུངས་ཨིན་རུང་ བརྒྱ་ཆ་༨༧ དེ་ ལཱ་གཡོག་ག་ཅི་ནང་འབད་རུང་ འཇོན་ཐངས་ཅན་གྱི་གྲངས་སུ་ཚུད་མི་ སྐྱེས་ལོ་༢༠ དང་༤༩ གི་བར་ན་ འབད་མི་ཚུ་ཨིནམ་ལས་ གཞུང་གི་གོང་འཕེལ་ལས་དོན་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་ད་ མི་ཚུ་ལུ་ ནད་གཞི་དེ་གི་སྐོར་ལས་ གོ་བརྡ་ག་དེམ་ཅིག་སྤྲོད་རུང་ བསྒྱུར་བཅོས་སྦོམ་ཅིག་མེདཔ་ལས་ མནོ་བསམ་གཏང་ཐངས་དེ་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ ཌོག་ཊར་རྟ་མགྲིན་བཟང་པོ་གིས་ གསལ་བཤད་འབད་ཡི།
ནད་གཞི་ཐོབ་མིའི་གྲངས་སུ་ ཕོ་སྐྱེས་༡༣༥ དང་ ཨམ་སྲུ་༡༣༥ ཡོདཔ་ད་ ཌོག་ཊར་རྟ་མགྲིན་བཟང་པོ་གིས་ ནད་གཞི་ཐོབ་མི་ཚུ་ལས་ བརྒྱ་ཆ་༩༡ དེ་ བཀག་ཐབས་ག་ནི་ཡང་མ་འབད་བར་ ལུས་འབྲེལ་འབད་མི་ལུ་བརྟེན་ ཐོབ་ནུག་ཟེར་བཤད་ཅི། 
འགོ་དཔོན་ཚུ་གིས་ ནད་གཞི་ཨེཌསི་དང་ བཟའ་ཚང་རྩུབ་སྤྱོད་ཀྱི་སྐོར་ལས་ གོ་བརྡའི་ལས་རིམ་ཚུ་ རྒྱང་མཐོང་ཚུ་ནང་ གསལ་བསྒྲགས་འབད་ཡོད་རུང་ དཀའ་ངལ་ཚུ་ བྱུང་བཞིན་དུ་ཡོད་ཟེར་བཤད་ཅི།
ཚོང་དཔོན་ཅིག་ཨིན་མི་ པདྨ་ཟླ་བ་གིས་ ནད་གཞི་ཨེཌསི་ཐོབ་མི་ དག་པ་ཅིག་གིས་ རྒྱང་མཐོང་ནང་ ཐོན་ཡོད་རུང་ ཐོབ་མི་གཞན་ཚུ་གིས་ གསང་བའི་ཐོག་ལས་ སྡོད་མི་ལུ་བརྟེན་ མི་མང་ལུ་ ནད་གཞི་དེ་ ཁྱབ་སྤེལ་འབད་ནི་གི་ ཉེན་ཁ་འདུག་ཟེར་ སླབ་མིའི་ལན་ལུ་ ཡུ་ཨེན་ཨེཕ་པི་ཨེ་གི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ ནད་གཞི་ཐོབ་མི་ཚུ་ལུ་ ཁོང་རའི་དབང་ཆ་ཡོདཔ་ལས་ ཁོང་གིས་ གདོང་ཁར་ཐོན་བཅུག་ནི་གི་ དབང་ཚད་མེདཔ་ལས་ གཙོ་བོ་ར་ རང་གིས་རང་ལུ་ དམ་ཚིག་བསྟེན་སྡོད་དགོ་ཟེར་ཨིན་པས།
དེ་ལས་ ཨམ་སྲུ་ཚུ་ལུ་ ཨ་ལུ་སྐྱེས་བའི་སྐབས་དང་ སྐྱེས་ཚར་བའི་ཤུལ་ལས་ དེ་ལས་ ཨ་ལུ་ཆགས་པའི་སྐབས་ ཉེན་ཁ་སྦོམ་ཡོདཔ་ལས་ ཨ་ལུ་སྐྱེ་ནིའི་དོན་ལུ་ སྨན་ཁང་ནང་ར་ འོང་དགོཔ་ཁག་ཆེ་བའི་སྐོར་ལས་ཡང་ གསལ་བཤད་འབད་ཡི།
ཨམ་སྲུའི་ལྕོགས་གྲུབ་དང་ ཡར་སྐྱེད་ལས་སྡེའི་ འགོ་དཔོན་ཚུ་གིས་ཡང་ ལས་སྡེ་གིས་ ཁྱིམ་ནང་རྩུབ་སྤྱོད་དང་འབྲེལ་བའི་ དཀའ་ངལ་བྱུང་མི་ ཨམ་སྲུ་ཚུ་ལུ་ ག་དེ་སྦེ་ གྲོགས་རམ་འབད་དོ་ཡོདཔ་ཨིན་ན་དང་ ཁོང་རའི་ དབང་ཆའི་སྐོར་ལས་ གོ་བརྡ་ཚུ་སྤྲོད་ཅི།
མི་དབང་རྒྱལ་ཡུམ་མཆོག་གིས་ གོ་བརྡའི་ལས་རིམ་ནང་ སྤུངས་འཛོམས་འབད་མི་ ཨམ་སྲུ་ཚུ་ལུ་ མངལ་ནད་སར་བི་ཀཱལ་ཀེན་སར་འཐོབ་ནིའི་ ཉེན་ཁ་ཡོདཔ་ལས་ ཨམ་སྲུ་ཚུ་གིས་ དུས་མཐུན་བརྟག་དཔྱད་འབད་བར་ སྨན་ཁང་ནང་ འགྱོ་དགོ་པའི་སྐོར་ལས་ བཀའ་སློབ་གནང་ཡོད་པའི་གནས་ཚུལ།

No comments:

Post a Comment