གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཁམས་གནས་སྡུད་སྦྱོང་བརྡར་འགོ་འབྱེད།


༉ ཁ་ཙ་ ཐིམ་ཕུ་ཏཱཇ་བཀྲིས་ཟ་ཁང་ནང་སྦེ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ ཁྲི་འཛིན་ཡང་ཨིན་མི་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འབྲུག་གི་དོན་ལུ་ གལ་གནད་ཅན་ཅིག་ཨིན་མི་ ས་ཁམས་དང་འབྲེལ་བའི་ གནས་སྡུད་བསྡུ་སྒྲིག་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་ལས་རིམ་དེ་ འགོ་འབྱེད་གནང་ཡོདཔ་ད་ ཐའི་ལེནཌ་གི་ ཚན་རིག་དང་ འཕྲུག་རིག་ལྷན་ཁག་དང་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་༢ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ ཉིན་གྲངས་༥ གི་ གྲོས་བསྡུར་ལམས་རིམ་ནང་ འབྲུག་གི་འགོ་དཔོན་ཚུ་ལུ་ ས་ཆ་དང་འབྲེལ་བའི་ ས་ཁྲ་བཟོ་ནི་དང་ ས་ཆའི་གནས་སྡུད་ཚུ་གི་སྐོར་ལས་ སྦྱོང་བརྡར་བྱིན་ནི་ཨིན་པས།
འགོ་འབྱེད་རྟེན་འབྲེལ་སྐབས་ ཐའི་ལེནཌ་གི་ ཚན་རིག་དང་ འཕྲུག་རིག་ལྷན་ཁག་འོག་གི་ ཇི་ཨའི་ཨེསི་ཊི་ཌི་ཨེ་གི་ བཀོད་ཁྱབ་མདོ་ཆེན་ ཌོག་ཊར་ཨ་ནཱོནཌ་ ཨིསི་ནིཌ་བོངསི་གིས་ བློན་ཆེན་མཆོག་ལུ་ འཕྲལ་ཁམས་ཅིག་ཁར་ འཕྲུལ་སྐར་ཐོག་ལས་བཏབ་མི་ ཐིམ་ཕུའི་ལུང་གཤོང་གི་ པར་ཁྲམ་ཕུལ་ཡོད་པའི་གནས་ཚུལ།

No comments:

Post a Comment