གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལམ་མཁའ་འགྲོ་གིས་ གཟུགས་སྟོབས་སྒྲིང་སྒྲིང་བཞག་ཚུགས་ནི།


ཤར་ཕྱོགས་པའི་ཁ་སྐད་ནང་ ལམ་མཁའ་འགྲོ་ཟེར་སླབ་མི་ ཙི་ཙི་དམངམོ།

སྤེན་པ་ ཟླཝ་༣ པའི་༢༣། ༉ སྤྱི་ཟླ་༣ པའི་ཚེས་༢༠ ལུ་ ཕུན་ཚོགས་གླིང་ ཀར་བེ་ཊར་ལུ་ ཙི་ཙི་དམརམོ་སྦོམ་ཅིག་ ཤི་ཡོདཔ་མཐོང་མི་དེ་ བེང་གཱལ་མཱོ་ནི་ཊར་ཟེར་མི་ ཙི་ཙི་དམརམོ་གི་ རིགས་ཅིག་ཨིན་མས་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་ཡོདཔ་ད་ ཕོ་བཤུད་སེམས་ཅན་གྱི་ རིགས་ཅིག་ཨིན་མིའི་ ལྷ་པ་ལས་མཇུག་མ་ཚུན་ རིང་ཚད་ཕིཊ་༥ དེ་ཅིག་ ཐོན་ཡོདཔ་ཨིན་པས།

ནགས་ཚལ་འགོ་དཔོན་ རམ་བྷ་དུར་གྱིས་ སླབ་མིའི་ནང་ ཕུན་ཚོགས་གླིང་གི་ རི་འགོ་ཚུ་ནང་ མཐོང་ནི་ཡོད་མི་ ཙི་ཙི་དམརམོ་གི་ཤ་དེ་ བཟའ་བཏུབ་ནི་དེ་གིས་ རྒྱ་འབྲུག་གི་ས་མཚམས་ཁར་ སྡོད་མི་ཚུ་གིས་ གསད་ནི་འདུག་ཟེར་ཨིན་པས། 
ཁོ་གིས་འབད་བ་ཅིན་ རེས་གཟའ་ལྷག་པ་ལུ་ཤི་མི་ ཙི་ཙི་དམརམོ་དེ་ སྣུམ་འཁོར་གྱིས་ བསྣད་དཔ་འོང་ནི་མས་ཟེར་ཨིན་པས།
ཙི་ཙི་དམརམོ་ལུ་ ཤར་ཕྱོགས་པའི་ཁ་ནང་ ལམ་མཁའ་འགྲོ་ཟེར་ སླབ་དོ་ཡོདཔ་ཨིན་རུང་ ནེ་པ་ལིའི་ཁ་ནང་ གོ་ཧོ་རོ་ཟེར་ སླབ་དོ་ཡོདཔ་ད་ འདི་བཟུམ་མའི་ ཕོ་བཤུད་སེམས་ཅན་དེ་ མང་ཤོས་ར་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་ཚུ་ནང་ མཐོང་དོ་ཡོདཔ་ལས་ ཤའི་དོན་ལུ་ གསད་ནི་ཡོདཔ་ཨིན་པས།
རམ་བྷ་དུར་གྱིས་འབད་བ་ཅིན་ ཙི་ཙི་དམརམོ་གི་ ཤ་བཟའ་བ་ཅིན་ གཟུགས་སྟོབས་སྒྲིང་སྒྲིང་བཞག་ནི་ལུ་ ཕན་ཐོགས་ཡོད་ཟེར་ཨིནམ་ད་ ཙི་ཙི་དམརམོ་དེ་ ཚལ་མ་ནང་ སྡོད་ནི་ཡོད་རུང་ བྱིའུ་ཅུང་དང་ སྒོང་རྡོག་འཚོལ་བར་ མི་སྡོད་སའི་ ས་ཁོངས་ཚུ་ནང་ འཐོན་ནི་ཡོདཔ་མ་ཚད་ ད་རེས་ནངས་པར་ འདོད་སྤྱོད་འབད་ནི་གི་ དུས་ཚོད་ཨིནམ་ལས་ འཕྲལ་འཕྲལ་ར་ ཕར་ཚུར་འགྱོ་སར་ མཐོང་ནི་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment