གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པི་ བཀག་ཆ་ལུ་བརྟེན་ བྱ་སྟབས་མ་བདེཝ་སྦོམ་ཐོན་ཡོདཔ།


བསྟན་འཛིན་རྣམ་རྒྱལ།

༉ སྤྱི་ཟླ་༣ པའི་ཚེས་༢༩ ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱ་གར་གྱི་ཏི་རུ་ རུ་པི་བྱིན་མ་ཆོག་པའི་ གསལ་བསྒྲགས་འབད་མི་དང་འཁྲིལ་ དངུལ་ཁང་ཚུ་གིས་ བཀག་ཆ་འབད་རུང་ རུ་པི་འཐོབ་ནི་གི་ རེ་བ་བསྐྱེད་མི་ ལས་མགྲོན་པ་བརྒྱ་ལས་བཅད་དེ་ དངུལ་ཁང་ཚུ་གི་གདོང་ཁར་ གྱལ་བསྣར་སྡོད་པའི་མཐོང་སྣང་བྱུང་ཡི།

དེ་གི་གྲས་ལས་ གཅིག་ ཁག་འབགཔ་ཁམས་པ་དེ་ཨིནམ་ད་ ཁོ་གིས་ འབྲུག་གི་དངུལ་ཁང་རྙིངམ་གི་གདོང་ཁར་ དུས་ཡུན་ཆུད་ཚོད་༡ དེ་ཅིག་གི་རིང་ སྒུག་སྡོད་པའི་མཐའ་མར་ དབུགས་འགམ་སྟེ་ ལོག་སོང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ མ་དངུལ་ས་ཡ་༡༠ དེ་ཅིག་གནས་མི་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ ལཱ་འགོ་བཙུགས་ཏེ་ ཟླ་༢ དེ་ཅིག་ མ་སོངམ་ལས་ར་ རུ་པི་མ་མང་པའི་ དཀའ་ངལ་ཐོན་ནི་དེ་གིས་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བཟོ་སྐྲུན་ཅ་ཆས་ག་ར་ རྒྱ་གར་གྱི་ཁྲོམ་ ཇའི་སྒང་ལས་ ནང་འདྲེན་འབདཝ་ད་ རུ་པི་ངེས་པར་དུ་ དགོ་པས་ཟེར་ཨིནམ་ད་ འདས་པའི་བདུན་ཕྲག་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཟླཝ་རེ་ལུ་ རུ་པི་༥༠,༠༠༠ ལས་བརྒལ་ལེན་མ་ཆོགཔ་ བཟོ་བའི་སྐབས་ ལྕགས་དུམ་ཊག་༡ ཡང་ ཐོབ་མ་ཚུགས་པའི་ཁར་ ད་ལས་ཕར་ བྱིན་མ་ཆོགཔ་ བཟོ་མི་དེ་གིས་ ཧེང་སྐལ་ར་ ལཱ་འབད་མ་ཚུགས་པའི་ དཀའ་ངལ་འཐོན་ནི་མས་ཟེར་ཨིན་པས།
ད་རུང་ སྐྱེས་ལོ་༣༡ ལང་མི་ ཨྱོན་ནོར་བུ་གིས་ ཁོ་རའི་ ཨའི་སྨན་བཅོས་འབད་ནིའི་དོན་ལུ་ རྒྱ་གར་བེ་ལོར་ལུ་ བསྐྱལ་དགོཔ་ཡོད་རུང་ ཁ་ཙ་ རུ་པི་མ་ཐོབ་ནི་དེ་གིས་ ཚ་གྱང་ལང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རུ་པི་མ་ཐོབ་པར་སྡོད་པའི་བར་ན་ ཨའ་ིཤི་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས། 
རུ་པི་དེ་ ནམ་ལས་ལོག་ཐོབ་བཟོ་ནི་ཨིན་ན་ དངུལ་ཁང་ག་ལུ་ཡང་ ཤེས་རྟོགས་མེདཔ་ད་ འབྲུག་དངུལ་ཁང་ལྟེ་བ་གིས་འབད་བ་ཅིན་ གསལ་བསྒྲགས་མ་འབདཝ་ཚུན་ བཀག་ཆ་འབད་དགོ་ཟེར་ཨིན་པས།
སྒེར་སྡེའི་ནང་ལཱ་འབད་མི་ ཚེ་དབང་བསམ་གྲུབ་ཀྱིས་ རུ་པིའི་དཀའ་ངལ་ཐོན་ཏེ་ ཟླ་༡ དེ་ཅིག་སོང་རུང་ ཐབས་ལམ་ག་ཅི་ཡང་ བཏོན་ནི་མིན་འདུག་ཟེར་ བཤད་པའི་ཁར་ གཞུང་དང་འབྲེལ་ཡོད་ལས་སྡེ་ཚུ་གིས་ དཀའ་ངལ་ལེགས་ཤོམ་སྦེ་ བརྟག་ཞིབ་འབད་དེ་ ཐབས་ཤེས་བཏོན་དགོཔ་ ན་འཐན་རན་ཆི་ཡི་ཟེར་ཨིན་པས། 
རུ་པིའི་དཀའ་ངལ་ཐོན་པའི་ཤུལ་ལས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ མི་རེ་གིས་ ཉིནམ་རེ་ལུ་ རུ་པི་༡༠,༠༠༠ རེ་ ལེན་ཆོགཔ་ལས་ འདས་པའི་བདུན་ཕྲག་༢ ཀྱི་ནང་ མི་སྟོང་ལས་བཅད་དེ་ རུ་པི་ལེན་མི་ཐོན་ཡོད་མི་དེ་ཡང་ མང་ཤོས་ཅིག་གིས་ མ་འོངས་པའི་དོན་ལུ་ གསོག་འཇོག་འབད་ནིའི་དོན་ལུ་ཨིནམ་ད་ ལ་ལུ་གིས་འབད་བ་ཅིན་ ཚུལ་མིན་ཐོག་ལས་ ས་མཚམས་ས་གོ་ཚུ་ནང་ རུ་པིའི་གོང་ཡར་སེང་ཐོག་ལས་ བཙོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དབང་འཛིན་གྱི་འགོ་དཔོན་ ཀརྨ་གིས་འབད་བ་ཅིན་ བཀག་ཆ་འབད་མི་དེ་ གལ་སྲིད་ དངུལ་ཁང་ནང་ཡོད་པའི་ རུ་པི་ག་ར་ བྱིན་བཏང་པ་ཅིན་ གསོག་འཇོག་འབད་མི་ རྫོགས་ནིའི་ཉེན་ཁ་ཡོདཔ་བཞིན་དུ་ དེ་གིས་ རྒྱ་གར་ལས་ ནང་འདྲེན་འབད་ནི་ཡོད་པའི་ ཉེར་མཁོ་བའི་ཅ་ཆས་ ཚྭ་དང་ས་སྣུམ་ དེ་ལས་ ཆུམ་ཚུ་ཡང་ ནང་འདྲེན་འབད་མ་ཚུགས་པའི་ དཀའ་ངལ་འཐོན་འོང་ཟེར་ཨིན་པས།
རུ་པི་འི་དཀའ་ངལ་ངོ་མ་ར་ སྤྱི་ལོ་༢༠༡༡ ལུ་ རྒྱ་གར་ལས་ ཅ་ཆས་ནང་འདྲེན་འབད་མི་དེ་ ལོག་ལྟབ་ཀྱིས་ ཡར་སེང་སོང་ཡོདཔ་བཞིན་དུ་ ལོ་དེ་ནང་ རི་པི་དུང་ཕྱུར་༢༩ གི་ ཅ་ཆས་ནང་འདྲེན་འབད་མི་ལུ་བརྟེན་ཨིན་པས།
དེ་ལས་ གནད་དོན་གཞན་ རྒྱལ་ཁབ་ཀྱི་ གློག་མེ་ལས་འགུལ་གྱི་ ལཱ་འབད་ནིའི་དོན་ལུ་ རྒྱ་གར་གཞུང་ལས་ སྐྱིན་ཚབ་དང་ བུ་ལོན་སྤྲོད་མི་ལུ་བརྟེན་ཨིནམ་ད་ དེ་ཡང་ ཟླཝ་༣ དེ་ཅིག་གི་ཧེ་མར་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཡུ་ཨེསི་ཌོ་ལར་ས་ཡ་༢༠༠ བཙོང་ཐོག་ལས་ རུ་པི་དུང་ཕྱུར་༡༠ ཉོ་མི་དེ་ རྒྱ་གར་གཞུང་གི་ དངུལ་ཁང་ལུ་ སྐྱིན་ཚབ་སྤྲོད་མི་དེ་གིས་ ད་ཚུན་གྱི་བར་ན་ སྐྱིན་ཚབ་དང་ ཅ་ཆས་མཁོ་སྒྲུབ་འབད་མིའི་རིན་ རུ་པི་དུར་ཕྱིར་༡༤ དེ་ཅིག་སྤྲོད་ཡོདཔ་ཨིན་པས།
དཔལ་འབྱོར་མཁས་མཆོག་ ཀརྨ་འབྲུག་པ་གིས་འབད་བ་ཅིན་ ད་རེས་ དེ་བཟུམ་མའི་ དཀའ་ངལ་ཐོན་མི་དེ་ གཞུང་དང་ མི་སེར་གྱིས་ ཁྱིམ་ཚང་རྒྱལ་ཁབ་ལུ་ རྒྱ་ཆེཝ་སྦེ་ རེ་མི་ལུ་བརྟེན་ཨིནམ་ད་ ད་ལས་ཕར་ཡང་ དེ་བཟུམ་སྦེ་ར་ རེ་སྡོད་པ་ཅིན་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་ལུ་ ཐོ་ཕོག་ནིའི་ཉེན་ཁ་ཡོད་པའི་ཁར་ རྒྱལ་ཁབ་ཀྱི་ དངུལ་ཀྲམ་གྱི་ གནས་གོང་ཡང་ མར་འབབ་འགྱོ་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment