གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༡༣ ལང་མི་ སློབ་ཕྲུག་བུམོ་ཅིག་གིས་ ཨ་ལུ་སྐྱེས་ཡོདཔ།


ཨ་ལུའི་ཨ་པ་གིས་ ཨ་ལུ་ལུ་ ངོས་ལེན་མི་འབད་དོ་ཡོདཔ་ཨིན་པས།
ཡེ་ཤེས་སྒྲོལ་མ།

སྤེན་པ་ ཟླཝ་༣ པའི་༢༣། ༉ སྤྱི་ཟླ་༣ པའི་ཚེས་༡༥ གི་ ནུབ་ཕྱེད་དེ་ཅིག་ཁར་ བདེ་བ་ཐང་དམག་སྡེའི་ སྨན་ཁང་ནང་  སྐྱེས་ལོ་༡༣ ལང་མི་ བུམོ་ཅུང་ཅིག་གིས་ ཨ་ལུ་བུམོ་༡ སྐྱེས་ཡོདཔ་ཨིན་པས།
སློབ་གྲྭའི་གནས་ཐོ་དང་ བུམོ་མོ་རའི་ཨའི་གིས་ སླབ་མི་དང་འཁྲིལཝ་ད་ བདེ་བ་ཐང་ཁྲོམ་ལས་ ཀི་ལོ་མི་ཊཪ་༣༠ གི་ས་ཁར་ཡོད་པའི་ གཡུས་ཚན་ནང་ལས་ཨིན་མི་ བུམོ་དེ་ ན་ཧིང་ མི་སྡེ་སློབ་གྲྭ་ཆུང་བ་ཅིག་ནང་ དཔེ་ཆ་ལྷབ་སྡོད་པའི་སྐབས་ གཟུགས་ཁར་ ཨ་ལུ་ཆགས་ཡོདཔ་ཨིན་པས།

སྨན་ཁང་གི་ མོ་ནད་མཁས་མཆོག་ ཌོག་ཊར་ཡུ་ཡུ་ ལ་བ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བུམོ་དེ་ལུ་ ཨ་ལུ་སྐྱེས་ནིའི་དོན་ལུ་ ན་ཟུག་ཡུན་རིངམོ་སྦེ་ རྐྱབ་མི་ལུ་བརྟེན་ གཤག་བཅོས་འབད་དགོཔ་ བྱུང་ཡི་ཟེར་ཡོདཔ་ད་ མོ་གི་བུ་ཚང་ནང་ རྨ་ཐོན་ནུག་ཟེར་ཨིན་པས།
བུམོ་དེ་ མོ་གི་ཁྱིམ་ལས་ ཐག་རིང་སར་ཨིན་མི་ མི་སྡེ་སློབ་གྲྭ་ཆུང་བའི་ནང་ བཟའ་ཉལ་ཁང་གི་ མཐུན་རྐྱེན་མེདཔ་ལས་ སློབ་གྲྭའི་ཉེ་འདབས་ལུ་ གནས་སྐབས་ཀྱི་ སྦ་སྒོར་ཅིག་ནང་ མོ་རའི་ནུ་གཅུང་དང་ ནུམོ་གང་གཅིག་ཁར་ དཔེ་ཆ་ལྷབ་སཏེ་ སྡོད་པའི་སྐབས་ལུ་ བསམ་གྲུབ་ལྗོངས་མཁར་ལུ་ སི་ལི་ཀཱོན་བཟོ་གྲྭ་འཕྲུལ་ཁང་ནང་ ལཱ་འབད་མི་ གྲོང་གསེབ་ཀྱི་ ཕོ་སྐྱེས་ཅིག་གིས་ ན་ཧིང་ སྤྱི་ཟླ་༦ པའི་ནང་ མོ་ལུ་ དབང་བཙོང་ལུས་འབྲེལ་འབད་ཡོདཔ་ཨིན་པས།
བུམོ་དེ་གི་གཟུགས་ཁར་ ཨ་ལུ་ཆགས་ཏེ་ ཟླཝ་༥ གི་ཤུལ་ལུ་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་རུང་ དོགས་པ་ཅན་དེ་ དོ་དམ་འོག་ལུ་ བདུན་ཕྲག་༢ བཞག་ཞིནམ་ལས་ ལོག་བཏང་ཡོདཔ་ཨིན་པས།
ཉམས་རྒུད་པའི་ཨའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྩོད་དོན་དེ་གི་སྐོར་ལས་ མོ་རའི་བུམོ་དེ་ ཨ་ལུ་སྐྱེས་ཞིནམ་ལས་རྐྱངམ་གཅིག་ བློ་སླབ་ནི་སྦེ་ བཞག་ཡོདཔ་ཨིན་རུང་ ད་ལྟོ་འབདཝ་ད་ ཕོ་སྐྱེས་དེ་གིས་ ཨ་ལུ་དེ་ ངོས་ལེན་འབད་མི་བཏུབ་པས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ མོ་རའི་ བུམོ་གི་གཟུགས་ཁར་ ཨ་ལུ་ཆགས་ཡོདཔ་ ཤེས་པའི་ཤུལ་ལུ་ ཨམ་སྲུ་གཞན་ཅིག་དང་ གཉེན་རྐྱབ་ཡོདཔ་ལས་ མོ་གི་གཟུགས་ཁ་ཡང་ ཨ་ལུ་ཆགས་ཏེ་ ཟླཝ་༢ ལང་ནུག་ཟེར་ཨིན་པས།
སྤུན་ཆ་༥ འི་གྲས་ལས་ རྒན་ཤོས་ཨིན་མི་ ཉམས་རྒུད་པ་བུམོ་དེ་གིས་ ཨོམ་མགུ་ཏོག་ཚཝ་མས་ཟེར་སླབ་སྟེ་ ཨ་ལུ་ལུ་ ཨོམ་བྱིན་མི་ཚུགས་དོ་ཡོདཔ་ལས་ ད་ལྟོ་མོ་རའི་ ཨའི་གིས་ ཨོམ་བྱིན་དོ་ཡོདཔ་ད་ ཨའི་དེ་ལུ་ཡང་ ཟླཝ་ཕྱེད་དང་༢ ལང་མི་ ཨ་ལུ་ཅིག་ཡོདཔ་ཨིན་པས།
ཨིན་རུང་ ཨའི་གིས་འབད་བ་ཅིན་ མོ་རའི་བུམོ་གི་ ཨ་ལུ་དེ་ མོ་ར་གིས་ མཐའ་སྐྱོང་འབད་ཐོག་ལས་ བུམོ་དེ་ ལོག་སློབ་གྲྭ་ནང་ དཔེ་ཆ་ལྷབ་པར་ གཏང་ནི་ཟེར་ཨིན་པས།
ཉམས་རྒུདཔ་དེ་གིས་ བཤད་མི་དང་འཁྲིལཝ་ད་ མོ་ར་ དཔེ་ཆ་ལྷབ་ནི་གི་ སྤྲོ་བ་ཡོད་དེ་འབད་རུང་ སློབ་གྲྭ་ནང་ ལོག་འགྱོ་ནི་ལུ་ གཡང་ཟཝ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་ སློབ་གྲྭ་ནང་ ལོག་འཛུལ་ཞིནམ་ལས་ དཔེ་ཆ་འཕྲོ་མཐུད་དེ་ ལྷབ་དགོཔ་སྦེ་ སླབ་ཡོད་རུང་ ད་ལྟོ་ མནོ་བསམ་བཏང་པའི་བསྒང་ཡོད་ཟེར་ཨིན་པས།
བདེ་བ་ཐང་སྨན་ཁང་ནང་ ལོ་ན་མ་སྨིན་པའི་བུམོ་གིས་ ཨ་ལུ་སྐྱེས་བའི་གནད་དོན་དེ་ དང་པ་འོང་ཟེར་ སྨན་ཁང་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment