གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་འཛགས་མི་དེ་གིས་ ས་གནས་ཀྱི་ མི་ཚུ་ལུ་གནོད་ཉེན།


ཆུ་འཛགས་མི་དེ་གིས་ ས་གནས་ཀྱི་ མི་ཚུ་ལུ་གནོད་ཉེན།
ཤེས་རབ་བསྟན་འཛིན།

༉ ཐིམ་ཕུ་བར་སྦིས་ས་ ཉི་ཟེར་སྒང་ལྷ་ཁང་གི་འོག་ལུ་ ཞིང་ཆུའི་ཆུ་དུང་གི་ མཐུད་མཚམས་ཚུ་ལས་ ཆུ་འཛགས་མི་ལུ་བརྟེན་ ས་ཁོངས་དེ་གི་འོག་ལུ་ཡོད་མི་ སྒྲིང་ཁྱིམ་༢ ལུ་ གནོད་ཉེན་བྱུང་སྟེ་ཡོདཔ་མ་ཚད་ ཁྱིམ་དེ་གི་ལྟག་ལུ་ཡོད་པའི་ སྤོ་ཏོག་དེ་ཡང་ ས་རུད་ཆད་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།

སྒྲིང་ཁྱིམ་གྱི་ཇོ་བདག་ བསོད་ནམ་རྡོ་རྗེ་གིས་ སླབ་མིའི་ནང་ དཀའ་ངལ་བྱུང་སྟེ་ ལོ་ངོ་༤ དེ་ཅིག་ ཡར་སོཔ་ལས་ ཧེ་མའི་རྒཔོ་དང་ ཚོགས་པ་ཚུ་ལུ་ སྙན་ཞུ་ག་དེམ་ཅིག་ར་འབད་རུང་ ངོས་ལེན་འབད་མ་བཏུབ་པའི་ཁར་ ལོ་༣ དེ་ཅིག་གི་ཧེ་མར་ ཆུ་འཛགས་མི་ལུ་བརྟེན་ ཤིང་སྦོམ་ཅིག་ཡང་ འགྱེལ་སོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དཀའ་ངལ་དེ་གི་སྐོར་ལས་ ཐིམ་ཕུ་རྫོང་ཁག་ནང་ སྙན་ཞུ་འབད་མི་དང་འཁྲིལ་ འཕྲལ་ཁམས་ཅིག་ཁར་ རྫོང་བདག་གིས་ ཉམས་བཅོས་འབད་རུང་ དཀའ་ངལ་དེ་ བསལ་མ་ཚུགས་ཟེར་ཨིན་པས།
བར་སྦིས་སའི་ཚོགས་པ་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ མོ་གིས་ གནད་དོན་དེ་གི་སྐོར་ལས་ རྒཔོ་ལུ་སྙན་ཞུ་འབད་ཡོདཔ་ལས་ རེས་གཟའ་མིག་དམར་ལུ་ ཞལ་འཛོམས་ཅིག་ འཚོག་ནི་གི་ ལས་འཆར་ཡོད་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment