གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་གྱི་མི་སྡེ་ དྲན་ཤེས་ཅན་བཟོ་ནིའི་ཐབས་ལམ།


ཕྱགས་སྙིགས་ཀྱི་ སྒྲིག་གཞི་ལུ་ མ་གནས་མི་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༥༠༠ ལས་༢༠,༠༠༠ ཚུན་བཀལ་ནི།
ཕྱེ་སེར་མ་རྐྱབ་པར་བཀོག་མི་ ཕྱགས་སྙིགས་ཚུ།

བཀྲིས་ཕུན་ཚོགས།

ད་ལས་ཕར་ ཐིམ་ཕུ་ཁྲོམ་སྡེའི་ནང་ སྡོད་མི་ཚུ་གིས་ ཕྱགས་སྙིགས་ག་ལྷོད་སར་དང་ ཕྱི་སེལ་མ་རྐྱབ་པར་ མ་བཀོ་བའི་ཧེ་མར་ མནོ་བསམ་ཐེབས་ཅིག་ གཏང་དགོཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༨ ལས་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་ ཕྱགས་སྙིགས་སྔོན་འགོག་དང་ འཛིན་སྐྱོང་སྒྲིག་གཞི་༢༠༡༢ ཅན་མ་དེ་ ལག་ལེན་འཐབ་ནི་ཨིནམ་ལས་ ཕྱགས་སྙིགས་འཛིན་སྐྱོང་ཚུལ་ལྡན་མ་འབད་མི་ཚུ་ལུ་ ཉེས་བྱ་ཚུ་ བཀལ་ནི་ཨིན་པས།
ཉེས་བྱ་ཚུ་ཡང་ ཕྱགས་སྙིགས་དབྱེ་སེལ་རྐྱབ་སྟེ་ བཀོ་ནི་གི་ ཕྱགས་ཧོད་ཚུ་ མཁོ་སྤྲོད་འབད་ཡོད་མི་ ས་ཁོངས་ཚུ་ནང་ ལག་ལེན་འཐབ་ནི་ཨིནམ་ད་ མི་ཚུ་གིས་ ཕྱགས་སྙིགས་ཚུ་ག་ར་ སླ་བསྲེས་ཏེ་ བཞག་པ་ཅིན་ ཉེས་བྱ་དངུལ་ཀྲམ་༥༠༠ རེ་ བཀལ་ནི་དང་ ཐེངས་༢ པའི་ནང་ ཉེས་བྱ་ལོག་ལྟབ་ བཀལ་ནི་ཨིན་པས།
དེ་བཟུམ་སྦེ་ མི་མང་འཛོམས་སའི་ ས་ཁོངས་ཚུ་ནང་ ཕྱགས་སྙིགས་བཀོ་མི་དང་ ཆབ་གསང་བཏང་མི་ དེ་ལས་ དབང་འཛིན་ལས་ གནང་བ་མེད་པར་ ཕྱགས་སྙིགས་བསྡུ་ལེན་འབད་མི་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༡༠༠ རེ་བཀལ་ནི་དང་ ངོས་འཛིན་མེད་པའི་ས་གོ་ཚུ་ནང་ ཕྱགས་སྙིགས་བླུགས་མི་དང་ སྡོད་ཁྱིམ་དང་ ཚོང་འབྲེལ་ས་ཁོངས་ཚུ་ནང་ ཕྱགས་སྙིགས་བཀོག་བཞག་ཡོདཔ་ མཐོང་པ་ཅིན་ ས་ཁོངས་ཀྱི་ བདག་དབང་བཟུང་མི་ལུ་ ཉེས་བྱ་དངུལ་ཀྲམ་༥༠༠ རེ་བཀལ་ནི་ཨིན་པས།
སྒྲིག་གཞི་དང་འཁྲིལཝ་ད་ རང་སོའི་ཚོང་མགྲོན་པ་ཚུ་གི་དོན་ལུ་ ཧོད་མེད་མི་ ཚོང་པ་དང་ ཁྲོམ་ལམ་དང་ མི་ལམ་ཚུ་ནང་ དབང་འཛིན་ལས་ གནང་བ་མེད་པར་ ཚོང་བཙོང་མི་ དེ་ལས་ འབབ་ཆུ་དང་ གཙང་ཆུ་ བཙོག་གཡུར་ཚུ་ནང་ ཕྱགས་སྙིགས་བཀོ་མི་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༡,༠༠༠ རེ་ ཕོག་ནི་ཨིན་པས།
དེ་ལས་ བཟོ་གྲྭ་འཕྲུལ་ཁང་ལས་ཐོན་མི་ ཕྱགས་སྙིགས་ཚུ་ ངོས་འཛིན་མེད་པའི་ ས་ཁོངས་ཚུ་ནང་ བཀོ་ས་མཐོང་པ་ཅིན་ ཉེས་བྱ་དངུལ་ཀྲམ་༢༠,༠༠༠ རེ་དང་ བཟོ་སྐྲུན་གྱི་ ལཱ་མཇུག་བསྡུ་ཞིནམ་ལས་ ཁྲོམ་ལམ་ འཁོར་ལམ་ དེ་ལས་ མི་ལམ་ཚུ་ནང་ བཟོ་སྐྲུན་ཅ་ཆས་ལྷག་ལུས་ཚུ་ སྤུངས་བཞག་མི་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ རེ་བཀལ་ནི་ཨིན་པས།
ཉེན་ཁ་ཅན་གྱི་ ཕྱགས་སྙིགས་ཚུ་ ཐོ་བཀོད་མ་འབད་བའི་ཁར་ གནང་བ་མེད་པའི་ ས་ཁོངས་ཚུ་ནང་ བླུགས་མི་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༢༠,༠༠༠ བཀལ་ནི་དང་ གལ་སྲིད་ མི་ཅིག་གིས་ མི་མང་ལུ་ གོ་བ་ཕྱི་འགྱུར་ བྱིན་པ་ཅིན་ ཉེས་བྱ་དངུལ་ཀྲམ་༥,༠༠༠ རེ་ཕོག་ཟེར་ སྒྲིག་གཞི་ནང་བཀོད་ནུག།
རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱི་ ཁྲིམས་དོན་འགོ་དཔོན་ ཀུན་བཟང་གིས་ སླབ་མིའི་ནང་ སྒྲིག་གཞི་དེ་ ལོ་ངོ་༤ གི་ ཧེ་མ་ལས་ ཟིན་འགོད་འབད་ནི་ འགོ་བཙུགས་མི་དེ་ཡང་ རྒྱལ་ཁབ་ནང་ དཔལ་འབྱོར་གོང་འཕེལ་འགྱོ་མི་དང་བསྟུན་ ཕྱགས་སྙིགས་འཛིན་སྐྱོང་འབད་མ་ཚུགས་པའི་ དཀའ་ངལ་ཚུ་ སེལ་ཐབས་ལུ་ཨིན་པས།
མོ་གིས་ སྒྲིག་གཞི་ལག་ལེན་འཐབ་དགོ་མི་དེ་ཡང་ ཕྱགས་སྙིགས་ཚུ་ སྔོན་འགོག་དང་ མར་ཕབ་ དབྱེ་སེལ་ སླར་སྤྱོད་ དེ་ལས་ མཐའ་འཁོར་གནས་སྟངས་ལུ་ གནོད་པ་མེད་པའི་སྒོ་ལས་ འཛིན་སྐྱོང་འཐབ་ནི་ལུ་དམིགས་ཏེ་ཨིན་ཟེར་ སླབ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ མཐའ་འཁོར་གནས་སྟངས་གཙོ་འཛིན་འགོ་དཔོན་ པདྨ་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་དང་ ཉེས་བྱ་བཀལ་ནི་ལུ་ སྒྲིག་གཞི་ཅིག་མེདཔ་ལས་ ལཱ་ག་དེམ་ཅིག་འབད་རུང་ མཐར་འཁྱོལ་ཅན་ཅིག་ བྱུང་མ་ཚུགས་ཟེར་ཨིན་པས།
ཐིམ་ཁྲོམ་ནང་ལས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་དོན་ལུ་ སྣུམ་འཁོར་ཊཱག་༥༠ ལྷགཔ་ཅིག་ཡོདཔ་མ་ཚད་ ཕྱགམ་འཕྱག་མི་༢༦ ལྷགཔ་ཅིག་དང་ ཞིབ་དཔྱོདཔ་༦ དེ་ཅིག་ཡོདཔ་ཨིན་པས།
ལས་འཛིན་གྱིས་ ཕྱགས་སྙིགས་འཛིན་སྐྱོང་གི་སྐོར་ལས་ མི་མང་ལུ་ གོ་བརྡའི་ལས་རིམ་ ལན་ཐེངས་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་ཡོད་པའི་ཁར་ སྒེར་སྡེ་ཚུ་ལུ་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་ གནང་བ་སྤྲོད་རུང་ ལྷན་ཐབས་སྦོམ་ བྱུང་མ་ཚུགས་ཟེར་ཨིན་པས།
སྒྲིག་གཞི་དེ་ཡང་ འདས་པའི་རྒྱལ་ཡོངས་ཚོགས་འདུའི་ནང་ ཆ་འཇོག་གྲུབ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment