གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་གི་ མདའ་རྩེད་འགྲན་བསྡུར་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ།


བཀྲིས་ཕུན་ཚོགས།

ཕུན་ཚོགས་གླིང་ལུ་ ཕྱི་རྒྱལ་གྱི་ མདའ་གཞུ་ལག་ལེན་འཐབ་ཐོག་ལས་ རྩེད་འགྲན་འབད་མི་ མདའ་རྩེད་ཀྱི་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ བསོད་ནམས་སྟོབས་རྒྱས་དང་ བསོད་ནམས་རྒྱ་མཚོ་ དེ་ལས་ བློ་གྲོས་རྒྱ་མཚོ་སྡེ་ཚན་༣ གྱི་བར་ན་ རྩེད་ནི་ཨིན་པས།

དེ་ཡང་ ཡང་འཕེལ་གྱི་ལམ་ལུགས་ཐོག་ འགོ་འདྲེན་འཐབ་མི་རྩེ་འགྲན་གྱི་མཐའ་བཅད་འགྲན་བསྡུར་འོག་མ་དེ་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ མཇུག་བསྡུ་ཡོདཔ་ད་ མ་གཞི་ མཐའ་བཅད་འགྲན་བསྡུར་དེ་ ཁ་ཙ་ནུབ་མོར་ རྩེད་འགྲན་འབད་ནི་ཨིན་རུང་ བྱ་སྟབས་མ་བདེཝ་ཐོན་མི་ལུ་བརྟེན་ དུས་ཚོད་ཕར་འཕུལ་རྐྱབ་དགོཔ་ཐོན་སོ་ཡི་ཟེར་ ཕུན་ཚོགས་གླིང་མདའ་རྩེད་ཚོགས་པའི་དྲུང་ཆེན་ ཟླ་བ་གིས་ སླབ་ཨིན་པས།
ཟླ་བ་གིས་འབད་བ་ཅིན་ མཐའ་བཅད་འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་མི་ སྡེ་ཚན་གྱི་ མདའ་རྩེདཔ་རེ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༨,༠༠༠ རེ་དང་ ཨང་གཉིས་པ་ཐོན་མི་ མདའ་རྩེདཔ་རེ་ལུ་ དངུལ་ཀྲམ་༦,༥༠༠ རེ་ དེ་ལས་ ཨང་༣ པ་ཐོན་མི་ མདའ་རྩེདཔ་ཚུ་ལུ་ དངུལ་ཀྲམ་༤,༥༠༠ རེ་ བྱིན་ནི་ཟེར་ཨིན་པས།
ད་རུང་ མདའ་རྩེད་འགྲན་བསྡུར་འགོ་བཙུགས་པའི་ཉིནམ་ལས་ མཐའ་བཅད་འགྲན་བསྡུར་ཚུན་ཚོད་ བཀག་རེག་མཐོ་ཤོས་ཕོག་མི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༥,༠༠༠ དང་ དོ་སྦྱེལ་མཐོ་ཤོས་དང་ ཉིནམ་༡ གི་ བཀག་རེག་མཐོ་ཤོས་ དེ་ལས་ སྒོར་ཐིག་གུ་ བཀག་རེག་མཐོ་ཤོས་ཕོག་མི་ཚུ་ལུ་ཡང་ གསོལ་རས་དངུལ་ཀྲམ་༥,༠༠༠ རེ་ ཡོདཔ་ཨིན་པས།
སྤྱི་ཟླ་༢ པའི་ཚེས་༢༧ ལས་འགོ་བཙུགས་མི་ ལོ་བསྟར་གྱི་ མདའ་རྩེད་འགྲན་བསྡུར་དེ་ནང་ ས་གནས་ཁག་ཚུ་ལས་ སྡེ་ཚན་༡༧ གྱིས་ བཅའ་མར་གཏོགས་ཡོདཔ་ད་ རྩེད་འགྲན་དེ་ཡང་ ཕྱི་རུའི་ཆུ་ཚོད་༦.༣༠ ལས་ འགོ་བཙུགས་ཏེ་ ནུབ་མོའི་ཆུ་ཚོད་༡༡ རེ་ ཚུན་ འབད་ཡོད་པའི་གནས་ཚུལ།

No comments:

Post a Comment