གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆེ་རིམ་ཅན་གྱི་ མི་ངོ་ཚུ་ལུ་ ཧ་ལམ་ དྲི་ཞིབ་འབད་ཚར་ཡོདཔ།


སྐུ་འཁོར་༥ དང་ སྐྱབས་རྗེ་རྗེ་མཁན་མཆོག་ལུ་ དྲི་བ་ཞུ་ནིའི་དོན་ལས་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས།

རིག་འཛིན་དབང་ཕྱུག།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་ཚུ་ ཚུལ་མིན་གྱི་སྒོ་ལས་ བགོ་བཀྲམ་འབད་མིའི་ནང་ ཁེ་ཕན་ཐོབ་མི་ ཆེ་འབྲིང་ཆུང་གསུམ་ཚུ་ལུ་ དྲི་ཞིབ་འབད་ཚར་ཡོདཔ་ལས་ ད་ལྟོ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་དང་ མི་དབང་སྐུ་འཁོར་༥ ལུ་ དྲི་བ་ཞུ་ནིའི་དོན་ལས་ ཐབས་ལམ་ཚུ་ བཏོན་པའི་བསྒང་ཡོད་པའི་ ལོ་རྒྱུས་གོཝ་ཨིན་པས།

ཚོང་འབྲེལ་ངོ་ཚབ་ཚུ་ སྣུམ་འཁོར་བཙོང་མ་ཚུགས་པའི་དཀའ་ངལ།


ཡེ་ཤེས་སྒྲོལ་མ།

འཕྲལ་ཁམས་ཅིག་ཁར་ དངུལ་འབྲེལ་ལས་ཁང་ཚུ་གིས་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ སྣུམ་འཁོར་གྱི་སྐྱིན་འགྲུལ་ མཚམས་འཇོག་འབད་མི་ལུ་བརྟེན་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་གྱི་ ཚོང་འབྲེལ་ངོ་ཚབ་ཚུ་ སྣུམ་འཁོར་བཙོང་མ་ཚུགས་པའི་ དཀའ་ངལ་ཐོན་ཏེ་ ཡོདཔ་ཨིན་པས།

བུམ་ཐང་ལུ་ ད་རུང་ གློག་མེའི་དཀའ་ངལ་བྱུང་དོ་ཡོདཔ།


བཀྲ་ཤིས་བསྟན་འཛིན།

༉ བུམ་ཐང་ལུང་གཤོང་ནང་ འཕྲལ་ཁམས་ཅིག་ལས་ ད་རུང་ གློག་མེ་ཏན་ཏན་མེད་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ ས་གནས་ཀྱི་མི་ཚུ་ དབུགས་འགམ་བྱུང་དོ་ཡོདཔ་ཨིན་པས།
བུམ་ཐང་ལུ་ གློག་མེ་ཏན་ཏན་མེད་པའི་དཀའ་ངལ་དེ་ ལོ་ངོ་༢༠ དེ་ཅིག་གི་ཧེ་མ་ལས་ བྱུང་ཡོད་མི་དེ་ འདས་པའི་ལོ་ནང་ལས་ དུམ་གྲ་ཅིག་ མར་བབས་སོང་ཡོདཔ་ཨིན་རུང་ ད་རུང་ ལོག་འགོ་བཙུགས་མི་དེ་གིས་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

རུ་པི་ བཀག་ཆ་ལུ་བརྟེན་ བྱ་སྟབས་མ་བདེཝ་སྦོམ་ཐོན་ཡོདཔ།


བསྟན་འཛིན་རྣམ་རྒྱལ།

༉ སྤྱི་ཟླ་༣ པའི་ཚེས་༢༩ ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱ་གར་གྱི་ཏི་རུ་ རུ་པི་བྱིན་མ་ཆོག་པའི་ གསལ་བསྒྲགས་འབད་མི་དང་འཁྲིལ་ དངུལ་ཁང་ཚུ་གིས་ བཀག་ཆ་འབད་རུང་ རུ་པི་འཐོབ་ནི་གི་ རེ་བ་བསྐྱེད་མི་ ལས་མགྲོན་པ་བརྒྱ་ལས་བཅད་དེ་ དངུལ་ཁང་ཚུ་གི་གདོང་ཁར་ གྱལ་བསྣར་སྡོད་པའི་མཐོང་སྣང་བྱུང་ཡི།

ནང་པའི་ཆོས་དང་འབྲེལ་བའི་ བསང་རྫས་དང་ བདུག་སྤོས་ཀྱི་རྒྱབ་ཁུངས།


བསམ་གཏན་ཡེ་ཤེས།

འབྲུག་རྒྱལ་ཁབ་ནང་ ནང་པ་སངས་རྒྱས་པའི་ཆོས་དང་མཐུན་པའི་ ལམ་སྲོལ་དར་ཁྱབ་ཆེ་ཤོས་དང་ ལག་ལེན་རྒྱ་ཆེ་དྲགས་ཡོད་མི་ཅིག་ དུས་རྒྱུན་དུ་ བསང་གཏང་ནི་དེ་ཨིན་པས།

འཕྲལ་མགྱོགས་ར་ གཞུང་འབྲེལ་བཅའ་སྒྲིག་ལམ་སྟོན་དཔེ་དེབ་ཚུ་ རྫོང་ཁག་༢༠ ནང་ བཀྲམ་སྤེལ་འབད་ནི།


བཀྲིས་ཕུན་ཚོགས།

ད་ལས་ཕར་ གཞུང་འབྲེལ་བཅའ་སྒྲིག་ལམ་སྟོན་དཔེ་དེབ་ལུ་བརྟེན་ ཆེ་མཐོའི་འགོ་དཔོན་ཚུ་ རྫོང་ཁག་༢༠ ནང་ གཞུང་དོན་གཟིགས་སྐོར་དང་ སྐུ་མགྲོན་སྦེ་བྱོན་པའི་སྐབས་ བཅའ་སྒྲིག་ཚུ་རྐྱབ་ནིའི་དོན་ལུ་ ཧེ་མ་བཟུམ་སྦེ་ དཀའ་ངལ་མ་བྱུང་པར་ བྱ་སྟབས་བདེ་ནི་ཨིན་པས།

གནས་ཚུལ་མདོར་བསྡུས།


༉ རྩི་རང་གི་ ཁྲིམས་སྲུང་འགག་པ་གིས་ དར་དཀར་ནང་ལས་ཨིན་མི་ ཕོ་སྤུན་གཉིས་ཀྱིས་ དངུལ་ལོར་རྫུས་མ་ཚུ་ རྒྱལ་ཁབ་ནང་འཁོད་ལུ་ ག་དེམ་ཅིག་ བགོ་བཀྲམ་འབད་ཡོདཔ་ཨིན་ན་ གྲངས་འབོར་ངེས་ཏིག་ཧ་གོ་མ་ཚུགས་པར་ཡོད་རུང་ ད་ཚུན་གྱི་བར་ན་  དངུལ་ལོར་༨༩,༠༠༠ དེ་ཅིག་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢༩ ལུ་ དར་དཀར་ནང་སཱུན་ཀོཤ་ལས་ དངུལ་ལོར་རྫུས་མ་༦༦,༠༠༠ ཐོབ་མི་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ བསྐྱལ་ནི་ཨིནམ་ད་ དངུལ་ལོར་རྫུས་མ་ཚུ་ ལག་ལེན་འཐབ་མི་ སྐྱེས་ལོ་༢༢ དང་༢༨ ལང་མི་ ཕོ་སྤུན་༢ པོ་དེ་  སྤྱི་ཟླ་༣ པའི་ཚེས་༡༨ ལུ་ འཛིན་བཟུང་འབད་ཡོདཔ་ད་ དངུལ་ལོར་རྫུས་མ་བཟོ་བཅུག་མི་དེ་ ནུ་གཅུང་ཨིན་པའི་གནས་ཚུལ།

དམངས་གཙོའི་ནང་ ཞི་གཡོགཔ་ཚུ་ལུ་ཡང་ འགན་དབང་ཡོདཔ།


པདྨ་ཆོས་སྒྲོན།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འགོ་འདྲེན་ཐོག་ལས་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ཞལ་འཛོམས་ཁང་ནང་སྦེ་ སྤྱི་ཟླ་༣ པའི་ཚེས་༢༩ ལས་ འགོ་བཙུགས་ཏེ་ འབྲུག་གི་ ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ཟིན་བྲིས་ཀྱི་ ཞུན་དག་བསྐྱར་ཞིབ་ ཐེངས་༦ པ་འབདཝ་དང་འབྲེལ་ ལོ་བསྟར་མི་སྟོབས་ཀྱི་ གྲོས་བསྟུན་ཞལ་འཛོམས་ ཐེངས་དང་པ་ འཚོགས་པའི་བསྒང་ཡོདཔ་ཨིན་པས།

རང་བཞིན་རྐྱེན་ངན་གྱི་ གནས་ཚུལ་འབྲི་ཐངས་སྦྱོང་བརྡར།


ཡེ་ཤེས་སྒྲོལ་མ།

༉ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་དང་ འབྲུག་བརྡ་བརྒྱུད་སྤེལ་ཁང་གཉིས་ཀྱིས་ མཉམ་རུབ་ཐོག་ལས་ རང་བཞིན་རྐྱེན་ངན་གྱི་ གནས་ཚུལ་འབྲི་ཐངས་ཚུ་གི་སྐོར་ལས་ གནས་ཚུལ་བསྡུ་ལེན་པ་༡༥ ལུ་ ཉིན་གྲངས་༥ འི་རིང་ སྦྱོང་བརྡར་འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།

གནས་ཚུལ་མདོར་བསྡུས།


༉ སྤྱི་ཟླ་༣ པའི་ཚེས་༢༨ ལུ་ ངང་ལམ་ གདུང་སམ་རྩི་ས་ལས་འགུལ་གྱི་ བཟོ་གྲྭ་འཕྲུལ་ཁང་གི་ ཉེ་འདབས་ལུ་ རིང་ཚད་མི་ཊར་༤ དང་ ལྗིད་ཚད་ཀེ་ཇི་༡༠༠ དེ་ཅིག་འབད་མི་ སྦུལམོ་ཆེ་ཅིག་ མཐོང་གསལ་བྱུང་མི་དེ་ ནགས་ཚལ་འགོ་དཔོན་ཚུ་གིས་ ཡང་བ་རི་གི་ ནགས་ཚལ་ནང་ ལོག་བཏང་ཡོད་པའི་གནས་ཚུལ།

ཕོ་སྐྱེས་ཅིག་ དོམ་གྱིས་རྨུར་ཡོདཔ།


བཀྲ་ཤིས་བསྟན་འཛིན།

༉ སྤྱི་ཟླ་༣ པའི་ཚེས་༢༩ གི་ཕྱི་རུ་ ཆུ་ཚོད་༧ དེ་ཅིག་ཁར་བུམ་ཐང་ ཆོས་འཁོར་རྒེད་འོག་ བསང་ས་མ་གཡུས་ཚན་ནང་ སྐྱེས་ལོ་༤༠ ལང་མི་ ཕོ་སྐྱེས་ཅིག་ དོམ་གྱིས་རྨུར་ཏེ་ དབང་འདུས་ཆོས་གླིང་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།

སག་སྟེང་གི་ སློབ་ཕྲུག་ཚུ་ གནག་དུང་ནང་ལས་ཐོན་ཡོདཔ།


གློག་མེ་ལྷོད་མི་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ ཕན་ཁྱད་སྦོམ་འབྱུང་ནི་ཨིན་པས།
གློག་མེའི་འགོ་འབྱེད་འབདཝ་ད་ ཁྲུས་གསོལ་གནང་པའི་བསྒང་།

བཀྲིས་སྒང་རྫོང་ཁག་ སག་སྟེང་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་རིམ་༨ པའི་སློབ་ཕྲུག་ ལས་སྐྱིད་ཚེ་རིང་དེ་ ཤུལ་ལས་ མི་སྦོམ་ཅིག་ལུ་ འགྱུར་ནི་གི་ རེ་བ་ཡོད་མི་ལུ་བརྟེན་ ཕྱི་རུའི་ཆུ་ཚོད་༦ ཚུན་མིན་པར་ དེ་བ་མངམ་སྦེ་ ལྷབ་ཚུགས་པ་ཅིན་ཟེར་ ཨ་རྟག་ར་ མནོ་བསམ་བཏང་སྡོད་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།


༉ ཁ་ཙ་ ཝི་ཛཱཌ་དང་ ཨིན་བེ་ཌར་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབདཝ་ད་ ཝི་ཛཱཌ་སྡེ་ཚན་གྱིས་ སྐུགས་༦༨ ཐོབ་སྟེ་ བྱང་ཕྱད་སྡེ་ཚན་ ཕམ་བཏང་ཡོདཔ་ད་ ཨིན་བེ་ཌར་གྱིས་ སྐུགས་༤༢ ལས་བརྒལ་ ཐོབ་མ་ཚུགས་པའི་ གནས་ཚུལ་མདོར་བསྡུས།

ལན་ཐེངས་༢ ཨར་རྐུན་ཤོར་ཡོདཔ།


ཧ་ལམ་ བསྒྲུབ་རན་ཁར་ལྷོད་མི་
སྟོན་པའི་སྐུ་འདྲ།

ཤེས་རབ་བསྟན་འཛིན།

ཐིམ་ཕུ་ བརྒྱ་འཁོར་གླིང་ཁ་ནང་ ཐའི་ལེནཌི་ཆོས་སྡེ་ཚོགས་པ་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༩ གི་ཐོག་ལས་ རིང་ཚད་ཕིཊ་༤༥ འབད་མི་ སྟོན་པའི་སྐུ་འདྲ་ཅིག་ བཞེངས་པའི་བསྒང་ཡོད་པའི་ ས་གོ་ནང་ ད་རེས་བརྩིསཝ་ད་ ལན་ཐེངས་༢ ཨར་རྐུན་ཤོར་ཡོདཔ་ཨིན་པས།
ཆོས་སྡེ་ཚོགས་པའི་ཁྲི་འཛིན་ བླམ་བཱོན་སོང་ ཨུ་པ་ས་མོ་གིས་ སླབ་མིའི་ནང་ སྤྱི་ཟླ་༣ པའི་ཚེས་༣ ལུ་ ཡུ་ཨེསི་ཌོ་ལར་༣,༠༠༠ དང་ དངུལ་ཀྲམ་༡༤༧,༠༠༠ དེ་ལས་ དངུལ་ཀྲམ་༢༥,༠༠༠ དེ་ཅིག་ བྱང་སྟོར་ཤོར་ཡི་ཟེར་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ དངུལ་ལོར་རྫུས་མ་༦༤,༠༠༠ ཐོབ་ཡོདཔ།


ཁ་ཙ་ རྩི་རང་གི་ ཁྲིམས་སྲུང་འགག་པ་གིས་ དར་དཀར་ནང་སཱུན་ཀོཤ་ལས་ ད་རུང་ དངུལ་ལོར་རྫུས་མ་༦༤,༠༠༠ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
དེ་ཡང་ དངུལ་ལོར་རྫུས་མ་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ འཛིན་བཟུང་འབད་མི་ དར་དཀར་ནང་ལས་ སྐྱེས་ལོ་༢༢ དང་༢༨ ལང་མི་ ཕོ་སྤུན་༢ ཀྱིས་ སཱུན་ཀོཤ་ལུ་ བཀོག་བཏང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།

ཚུལ་མིན་གྱི་ཐོག་ལས་ སྨན་ནང་འདྲེན་འབད་མི་༢ འཛིན་བཟུང་།


སྤྱི་ཟླ་༣ པའི་ཚེས་༢༨ ཀྱི་ཉིན་མར་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ ས་སྣུམ་འབག་མི་ སྣུམ་འཁོར་ཊག་ཅིག་ནང་ ཚུལ་མིན་གྱི་སྒོ་ལས་ སྨན་རིགས་ཚུ་ འབག་འོང་མི་ ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།

བེཊ་མིན་ཊཱོན་རྩེད་འགྲན་ མཇུག་བསྡུ་ཡོདཔ།


བུམོ་རྐྱང་འགྲན་གྱི་ མཐའ་བཅད་འགྲན་བསྡུར་ འབད་བའི་བསྒང་།

བཀྲིས་ཕུན་ཚོགས།

ཁ་ཙ་ སྐྱེས་ལོ་༡༩ མན་ཆད་འབད་མི་ བེཊ་མིན་ཊཱོན་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་ནང་ བུཚ་གི་ རྐྱང་འགྲན་སྡེ་ཚན་ནང་ལས་ ཆོས་བཟང་དང་ ཨོ་རྒྱན་རྡོ་རྗེ་གི་བར་ན་ རྩེད་འགྲན་འབདཝ་ད་ ཨོ་རྒྱན་རྡོ་རྗེ་གིས་ སྐུགས་ཐེངས་དང་པ་དང་༢ པའི་ནང་ སྐུགས་༢༡ རེ་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་གི་ བྱང་ཕྱད་ཀྱིས་ སྐུགས་༡༧ ལས་ ཐོབ་མ་ཚུགས།

མོན་པ་ཚུ་གིས་ ལྟ་བཤལ་པའི་ ཁེ་ཕན་ཚུ་ སྤྱོད་དོ་ཡོདཔ།


ཉི་མ་དབང་འདུས།

༉ ཀྲོང་གསར་རྫོང་ཁག་ ན་སྦྱིས་མི་སྡེའི་སྐྱེ་ལྡན་ལྟ་བཤལ་དེ་ ལོ་ངོ་༤ གི་ཧེ་མར་ འགོ་བཙུགས་ཡོད་མི་དེ་ནང་ མི་སྡེ་ཁག་༢ ཚུད་དེ་ཡོད་མི་ལས་ ཁེངས་པ་དང་ཕྱདཔ་ད་ མོན་པའི་མི་སྡེ་གིས་ དང་ལེན་ལེགས་ཤོམ་འབད་ཡོད་པའི་ མངོན་གསལ་བྱུང་ནུག།

སློབ་གྲྭའི་ སོ་ནམ་ལས་འགུལ་ལུ་ གྲོགས་རམ།


ཐའི་ལེནཌི་གི་ རྒྱལ་སྤྱི་གོང་འཕེལ་མཉམ་འབྲེལ་ལས་སྡེའི་
ཡོངས་ཁྱབ་མདོ་ཆེན་ངོ་ཚབ་ སུ་ཅ་ད་ཐའི་ བཱུན་གྱིས་
ཤེས་རིག་དྲུང་ཆེན་ སངས་རྒྱས་བཟང་མོ་ལུ་
དངུལ་འཛིན་ཅེག་ རྩིས་སྤྲོད་འབད་བའི་བསྒང་།

ཤེས་རབ་བསྟན་འཛིན།

སྤྱི་ཟླ་༣ པའི་ཚེས་༢༨ ལུ་ ཐའི་ལེནཌི་རྒྱལ་པོའི་སྲསམོ་ མ་ཧཱ་ ཅག་རི་ ཤི་རིན་ཧཱོན་ལས་འགུལ་ཡིག་ཚང་གིས་ འབྲུག་གི་ སློབ་གྲྭའི་སོ་ནམ་ལས་འགུལ་གྱི་ གྲོགས་རམ་དོན་ལུ་ དངུལ་འཛིན་ཅེག་ ཡུ་ཨེས་ཌོ་ལར་༤༠,༥༤༩.༠༧ གྲོགས་རམ་གནང་མི་དེ་ ཐའི་ལེནཌི་གི་ རྒྱལ་སྤྱི་གོང་འཕེལ་མཉམ་འབྲེལ་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་ངོ་ཚབ་ སུ་ཅ་ད་ཐའི་ བཱུན་གྱིས་ ཤེས་རིག་དྲུང་ཆེན་ སངས་རྒྱས་བཟང་མོ་ལུ་ རྩིས་སྤྲོད་འབད་ཡི།

ས་གནས་ནང་འཁོད་ལུ་ སྣུམ་འཁོར་ལམ་བསལ་ནིའི་ དཔག་ཚད་བསྒྱུར་བཅོས།


ཉི་མ་དབང་འདུས།

ཐིམ་ཕུ་ ལྕང་འབངས་འགྲོའི་ ས་ཁོངས་ནང་ ད་རེས་ ས་གནས་གོང་འཕེལ་འཆར་གཞི་ རྩམ་པའི་བསྒང་ཡོདཔ་བཞིན་དུ་ ད་རེས་ཁམས་ཅིག་ཁར་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ ས་གནས་ནང་འཁོད་ལུ་ སྣུམ་འཁོར་ལམ་བསལ་ནིའི་དཔག་ཚད་ བསྒྱུར་བཅོས་འབད་མི་ལུ་བརྟེན་ སྒྲིང་ཁྱིམ་གྱི་ཇོ་བདག་ཚུ་ སེམས་མ་དགའ་བར་ཡོདཔ་ཨིན་པས།

ལོ་བསྟར་ཚེས་བཅུའི་ འཆམ་ཆས་ཚུ་ མཁོ་སྒྲུབ་འབད་མ་ཚུགས་པའི་དཀའ་ངལ།


བྱ་དཀར་རྫོང་།

བཀྲ་ཤིས་བསྟན་འཛིན།

བུམ་ཐང་ བྱ་དཀར་རབ་སྡེ་གྲྭ་ཚང་ གཞི་བཙུགས་འབད་དེ་ ལོ་ངོ་༡༤ དེ་ཅིག་ ལང་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ལོ་བསྟར་གྱི་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ འཆམ་ཆས་ཚུ་ ལངམ་སྦེ་མེད་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

གླིང་ཁའི་ས་ཁོངས་ནང་ཚུད་མི་ ཨ་ལུ་ཚུ་གི་དོན་ལུ་ སློབ་གཉེར་རྒྱབ་སྐྱོར།


ཉི་མ་དབང་འདུས།

བུམ་ཐང་ཁྲུམ་ཤིང་ལ་ རྒྱལ་ཡོངས་གླིང་ཁ་གིས་ འགོ་འདྲེན་འཐབ་མི་ གྲོང་གསེབ་སློབ་གཉེར་གྲོགས་རམ་གྱི་དོན་ལུ་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་འོག་ལུ་ཡོད་མི་ རང་བཞིན་སླར་འབྱུང་ཐོན་སྐྱེད་དང་ སྐྱེ་ལྡན་ལྟ་བཤལ་སྡེ་ཚན་དང་ འབྲུག་གི་ལྟ་བཤལ་ཚོགས་སྡེ་༢ ཀྱིས་ མ་དངུལ་གྲོགས་རམ་བྱིན་ཡོདཔ་ཨིན་པས།

ཁེ་འཐུས་དང་ བགོ་བཤའི་ཁེ་སང་ བྱིན་མ་ཆོག་པའི་བཀག་ཆ།


བསྟན་འཛིན་རྣམ་རྒྱལ།

ཁ་ཙ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་ཁང་དང་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ སྤྱི་ལོ་༢༠༡༡ གི་ ཁེ་འཐུས་དང་ བགོ་བཤའི་ཁེ་སང་ཚུ་ མ་བྱིན་ཟེར་ གསལ་བསྒྲགས་འབད་ཡོདཔ་ད་ དེ་ཡང་ དབང་འཛིན་གྱིས་ ཁོང་གི་འོང་འབབ་དང་དངུལ་གྱི་གནས་ཚད་ཚུ་ བརྟག་ཞིབ་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

གནས་ཚུལ་མོདར་བསྡུས།


༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ཆོས་སྡེའི་གཙོ་འཛིན་༡༥༨ དང་ མཇལ་ཕྲད་མཛད་གནང་སྟེ་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ ཆོས་པར་སྤེལ་ཐོག་ གཅིག་སྒྲིལ་དང་ མཐུན་ལམ་གོང་འཕེལ་གཏང་དགོ་པའི་ བཀའ་སློབ་བཟང་པོ་གནང་ཡོདཔ་ད་ ཐིམ་ཕུ་ལུ་ ཆོས་སྡེ་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་ ལོ་བསྟར་གྱི་ འདུ་ཚོགས་དང་པའི་ནང་ བཅའ་མར་གཏོགས་མི་ ཆོས་སྡེའི་གཙོ་འཛིན་ཚུ་གིས་ མི་དབང་མངའ་ཞབས་མཆོག་ལུ་ སྐུ་གསུང་ཐུགས་རྟེན་གྱི་ མན་ཌལ་ཕུལ་ཡོད་པའི་གནས་ཚུལ།

ནགས་མེ་སྤར་མི་ཚུ་ བདའ་མ་ཟུན་པ་ཅིན་ མི་སྡེ་ཚུ་ལུ་ ཉེས་བྱ་ཕོག་ནི།


༉ བཀྲིས་བསྒང་རྫོང་ཁག་ ཨུ་མཛོ་རོང་རྒེད་འོག་ནང་ སྤྱི་ཟླ་༣ པའི་ཚེས་༢༤ གི་ ནུབ་མོའི་ཆུ་ཚོད་༩.༣༠ དེ་ཅིག་ཁར་ ནགས་ཚལ་ལུ་ མེ་སྤར་མི་དེ་ བདའ་མ་ཟུན་པ་ཅིན་ རྒེད་འོག་དེ་གི་ མི་སེར་ཚུ་ལུ་ ཉེས་བྱ་བཀལ་ནིའི་དོན་ལས་ རྫོང་ཁག་བདག་སྐྱོང་ཡིག་ཚང་ནང་ འབོ་ནི་ཨིན་པས།

བསམ་རྩེའི་ནགས་མེ་ ཁ་ཙ་བསད་ཚུགས་ཡོདཔ།


སྤྱི་ཟླ་༣ པའི་ཚེས་༢༥ གི་ཕྱི་རུ་ བསམ་རྩེ་རྟ་ལྡིང་རྒེད་འོག་ནང་ ས་མཚམས་ཀྱི་ཕྱི་ཁར་ སྡོད་མི་ཚུ་གིས་ ནགས་ཚལ་ལུ་ མེ་སྤར་བའི་དོགས་པ་ཡོད་མི་ ནགས་མེ་དེ་ ཁ་ཙ་དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ བསད་ཚུགས་ཅི་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

དགེ་ལེགས་ཕུག་ལུ་ཡང་ རུ་པི་སོར་མི་ཚུ་གིས་ ག་ཐོབ་རྐྱབ་དོ་ཡོདཔ།


རུ་པི་བརྗེ་སོར་འབད་ནིའི་དོན་ལུ་ དངུལ་ཁང་གི་ཕྱི་ཁར་སྒུག་སྡོད་མི་
ལས་མགྲོན་པ་ཚུ།

ད་རེས་ནངས་པ་ འབྲུག་གི་དངུལ་ཁང་ཚུ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་བརྗེ་སོར་འབད་ནིའི་དོན་ལུ་ ལས་མགྲོན་པ་ཚུ་གིས་ ག་ཐོབ་རྐྱབ་མི་དེ་ དགེ་ལེགས་ཕུག་ལུ་ཡང་ དབྱེ་བ་ག་ནི་ཡང་མེདཔ་སྦེ་ མཐོང་གསལ་བྱུང་དོ་ཡོདཔ་ཨིན་པས།

འཕྲལ་མགྱོགས་ར་ ཆོས་སྡེ་ཚུ་ནང་ ཆོས་ཚན་རྩ་གཞུང་འགོ་བཙུག་ནི།


བསྟན་འཛིན་རྣམ་རྒྱལ།

༉ རྒྱལ་ཁབ་ནང་འཁོད་ཀྱི་ དགོན་སྡེ་དང་ ལྷ་ཁང་ ཨ་ནེམོ་གྲྭ་ཚང་ དེ་ལས་ སློབ་གྲྭ་ཚུ་ནང་ འཕྲལ་མགྱོགས་ར་ ཆོས་ཚན་རྩ་གཞུང་ འགོ་བཙུག་ནི་ཨིནམ་ད་ དེ་ཡང་ ཆོས་སྒོར་ཞུགས་མི་ཚུ་ ཆོས་སྡེ་ནང་ལས་ འཐོན་འགྱོ་ནི་ལུ་ བཀག་ཐབས་འབད་ནི་དང་ ཆོས་སྡེ་ནང་ འཛུལ་ཞུགས་འབད་ནི་ལུ་ སྤྲོ་བ་བསྐྱེད་བཅུག་ནིའི་དོན་ལུ་ཨིན་པས།

དགོས་མཁོ་ཆེ་དྲགས་མེད་པའི་ ནང་འདྲེན་ཅ་ཆས་ཚུ་ མར་ཕབ་རྐྱབ་དོ་ཡོདཔ།


རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ནང་འདྲེན་ཅ་ཆས་༥,༠༠༠
ལྷགཔ་ཅིག་ལུ་ ཐོ་ཕོག་སྟེ་ཡོདཔ།

ད་རེས་ནངས་པ་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ དཔལ་འབྱོར་གྱི་དོན་ལུ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རུ་པི་ཚད་ཅིག་ལས་བརྒལ་ བྱིན་ནི་མེདཔ་ལས་ དཔེ་འབད་བ་ཅིན་ རྒྱལ་ཁབ་གསུམ་པ་ ཐའི་ལེནཌི་དང་ ཧོང་ཀོང་ རྒྱ་ནག་ ཇ་པཱན་ དེ་ལས་ ནེ་པཱལ་ཚུ་ལས་ དགོས་མཁོ་ཆེ་དྲགས་མེད་པའི་ཅ་ཆས་ ནང་འདྲེན་འབད་མི་ཚུ་ གནས་སྐབས་ཅིག་ བཀག་འཛིན་འབད་ཡོདཔ་ཨིན་པས། 

ལག་ལེན་འཐབ་མི་ སྣུམ་འཁོར་ཚུ་གི་ཚོང་སྒྱུར་ ལེགས་ཤོམ་འགྱོ་དོ་ཡོདཔ།


བསམ་གཏན་ཡེ་ཤེས།

རྒྱལ་ཁབ་ནང་ རུ་པིའི་ དཀའ་ངལ་ལུ་བརྟེན་ སྣུམ་འཁོར་གྱི་ ཚོང་འབྲེལ་འཐབ་མི་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་རུང་ ལག་ལེན་འཐབ་མི་ སྣུམ་འཁོར་རྙིངམ་ཚུ་ ཚོང་སྒྱུར་འཐབ་མི་ ལས་སྡེ་ཚུ་ལུ་ ཚོང་འབྲེལ་གྱི་ གོ་སྐབས་ལེགས་ཤོམ་བྱུང་དོ་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱ་གར་ལས་ སྒེར་འཁོར་ཚུ་ ནང་འདྲེན་འཐབ་ནི་ཚུ་ བཀག་ཆ་འབད་བའི་ཤུལ་ལས་ སྣུམ་འཁོར་རྙིངམ་ཚུ་ ཉོ་བཙོང་འཐབ་མི་ ཀརྨ་གི་ ཚོང་འབྲེལ་དེ་ ལེགས་ཤོམ་འགྱོ་དོ་ཡོདཔ་ཨིན་པས།

ཧེ་མ་བཟུམ་སྦེ་ ཤ་ནང་འདྲེན་འབད་མ་ཚུགས་པའི་དཀའ་ངལ།



ཤ་ཁང་ཚུ་གིས་ ཧེ་མ་བཟུམ་སྦེ་ ཤ་བཙོང་མི་ཚུགས་དོ་ཡོདཔ་ཨིན་མས།

བཀྲ་ཤིས་བསྟན་འཛིན།

རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་ལུ་བརྟེན་ ཁག་འབགཔ་དང་ སྒེར་སྡེ་ དེ་ལས་ ལས་སྡེ་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་པ་གིས་མ་ཚད་ ཤ་ཚོང་འཐབ་མི་ཚུ་ལུ་ཡང་ དཀའ་ངལ་ཡང་བྱུང་སྟེ་ཡོདཔ་ཨིན་པས།

རང་དབང་དམག་འཁྲུག་ལས་ རྒྱལ་ཁ་ཐོབ་པའི་ གཟེངས་བསྟོད་རྟགས་མ།


སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བཙན་བཀབ་རྡོ་རྗེ་གིས་ བང་ལ་དེཤ་གི་སྲིན་བློན་
 ཤེག་ཧ་སི་ན་དང་ སྲིད་འཛིན་ཛི་ལུར་རཱ་མཱན་རྣམ་གཉིས་ལས་
 གཟེངས་བསྟོད་རྟགས་མ་ཞུ་བའི་བསྒང་།

ཁ་ཙ་ རྒྱལ་ས་ཌ་ཀ་ལུ་ བང་ལ་དེཤ་གི་ སྲིད་འཛིན་དང་ སྲིད་བློན་རྣམ་གཉིས་ ལྷན་བཞུགས་ཐོག་ལས་ གཟེངས་བསྟོད་ཀྱི་ རྟེན་འབྲེལ་བརྩི་སྲུང་ཞུ་སར་ འབྲུག་རྒྱལ་གསུམ་པ་ མི་དབང་ཞིང་གཤེགས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ལུ་ བང་ལ་དེཤ་རང་དབང་དམག་འཁྲུག་ལས་ རྒྱལ་ཁ་ཐོབ་པའི་ གཟེངས་བསྟོད་རྟགས་མ་ཕུལ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༡༩༧༡ ལུ་རྐྱབ་མི་ བང་ལ་དེཤ་གི་ རང་དབང་དམག་འཁྲུག་ནང་ འབྲུག་གིས་ ལྷན་ཐབས་འབད་བའི་ ངོས་འཛིན་ལུ་ཨིན་པས།

བ་འཇོ་ཁྲོམ་ས་བགོ་བཀྲམ་ལུ་ ཞིབ་དཔྱད་ཐེངས་༣ པ་ འབད་བའི་བསྒང་ཡོདཔ།


རིག་འཛིན་དབང་ཕྱུག།

དབང་འདུས་ཕོ་བྲང་ བ་འཇོ་ཐང་ཁྲོམ་གསརཔ་ལས་ ཚོང་པ་༡༣༡ ལུ་ ཚོང་ཁང་རྐྱབ་ནིའི་དོན་ལུ་ ཁྲོམ་ས་བགོ་བཀྲམ་འབད་མི་དང་ བསྟུན་ མང་ཤོས་ཅིག་གིས་ར་ སྒྲིང་ཁྱིམ་རྐྱབ་ཚར་ཡོད་རུང་ ཁྱིམ་ས་བགོ་བཀྲམ་རྣམ་དག་མ་འགྱོ་བའི་སྐོར་ ལོ་ངོ་༧ གྱི་ཧེ་མ་ལས་ རྩོད་རྙོགས་བྱུང་མི་དེ་ ད་ལྟོའི་བར་ན་ཡང་ མཇུག་མ་བསྡུ་བར་ཡོདཔ་ཨིན་པས།

རོང་ཐུང་སྣག་ཚང་ལས་ ཨར་རྐུན་ཤོར་ཡོདཔ།


ད་ཚུན་གྱི་བར་ན་ དོགས་པ་ཅན་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཨར་རྐུན་ཤོར་མི་ རོང་ཐུང་སྣག་ཚང་།
འཕྲལ་ཁམས་ཅིག་ཁར་ བཀྲིས་སྒང་ རོང་ཐུང་སྣག་ཚང་ནང་ལས་ཅ་དངོས་འགངས་ཅན་ཚུ་ ཨར་རྐུན་འབད་བའི་དོགས་པ་ལུ་བརྟེན་ ས་གནས་ཀྱི་མི་༣ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

སྐྱེས་ལོ་༢ དང་ཕྱེད་ལང་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་ལུས་འབྲེལ།


སྤྱི་ཟླ་༣ པའི་ཚེས་༢༤ ལུ་ བཀྲིས་སྒང་བསམ་མཁར་རྒེད་འོག་ མེལ་ཕེ་ལུ་ སྐྱེས་ལོ་༡༤ ལང་མི་བུཚ་ཅིག་གིས་ སྐྱེས་ལོ་༢ དང་ཕྱེད་ལང་མི་ བུམོ་ཅུང་ཅིག་ དབང་བཙོང་ལུས་འབྲེལ་འབད་བའི་ དོགས་པ་ཆགས་མི་ལུ་བརྟེན་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

གནས་ཚུལ་མོདར་བསྡུས།


༉ ཁ་ཙ་ ཐིམ་ཕུ་ཁྲོམ་གྱི་སྦུག་ལུ་ཡོད་མི་ ཧེ་མའི་ འབྲུག་གི་དངུལ་ཁང་གི་སྒོ་ཁར་ རྒྱ་གར་གྱི་ཏི་རུ་ རུ་པི་སོར་ནིའི་དོན་ལུ་ མི་ཚུ་གྱལ་བསྣར་ཏེ་ སྒུག་སྡོད་པའི་བསྒང་།
འབྲུག་རྒྱལ་ཁབ་ནང་ ཕྱི་དངུལ་རུ་པི་ལངམ་མེད་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ འབྲུག་གི་དངུལ་ཁང་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱལ་ཁབ་ཀྱི་ཕྱི་ཁར་ ཏི་རུ་འགྱོ་མི་དེ་ དམ་འཛིན་དང་ ལྟ་རྟོག་འབད་ནིའི་དོན་ལུ་ བདུན་ཕྲག་ཧེ་མ་ལས་འགོ་བཙུགས་ མི་རེ་གིས་ ཉིནམ་རེ་ལུ་ རུ་པི་༡༠,༠༠༠ རེ་ དངུལ་ཀྲམ་དང་ བརྗེ་སོར་འབད་ཆོག་པའི་ བཀོད་བྱ་བྱིན་ཡོདཔ་ད་ མི་རེ་གིས་ ཟླཝ་༡ ལུ་ རུ་པི་༥༠,༠༠༠ ལས་བརྒལ་ སོར་མི་ཆོག་ནི་ཨིན་རུང་ རྒྱ་གར་ལུ་ འགྱོ་ནི་དང་ སློབ་ཕྲུག་ཚུ་གི་དོན་ལུ་ཨིན་པ་ཅིན་ ཡིག་ཆ་ཚུ་ བཏོན་ཐོག་ལས་ རུ་པི་མངམ་ལེན་ཆོགཔ་ཨིན་པའི་གནས་ཚུལ།

ཁྲག་གི་དཔེ་ཚད་བརྟག་དཔྱད་ཀྱི་གྲུབ་འབྲས་ལུ་ རག་ལས་ནི།


ཡེ་ཤེས་སྒྲོལ་མ།

འཕྲལ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་ སྐྱེས་ལོ་༡༣ ལས་ ཨ་ལུ་སྐྱེས་མི་བུམོ་དེ་ ན་ཧིང་ སྐྱེས་ལོ་༡༧ ལང་མི་ བུཚ་ཅིག་གིས་ དབང་བཙོང་ལུས་འབྲེལ་འབད་བའི་སྐོར་ལས་ བུམོ་དེ་གི་ ཕམ་ཚུ་གིས་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ཚེས་༢༡ ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བདུན་ཕྲག་༢ བཞག་པའི་ཤུལ་ལས་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༥ ལུ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

རང་ལུགས་ཀྱི་བཟོ་བཀོད་དང་ སྔར་སྲོལ་ལུ་ དམིགས་གཏད་བསྐྱེད་དགོཔ།


བཀྲིས་ཕུན་ཚོགས།

ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་དཔེ་མཛོད་ཀྱི་ ཞལ་འཛོམས་ཁང་ནང་ རྫོང་ཁག་༢༠ གི་ སྲོལ་འཛིན་འགོ་དཔོན་ཚུ་གིས་ ལོ་བསྟར་ཞལ་འཛོམས་ཐེངས་༥ པ་ འཚོགས་པའི་སྐབས་ལུ་ གསུང་གྲོས་གཙོ་བོ་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་གཞིས་དང་ ལྷ་ཁང་ དགོན་སྡེ་ དེ་ལས་ མཆོད་རྟེན་ཚུ་ ཉམས་ཆག་ཤོར་བའི་སྐབས་ ལོག་ག་དེ་སྦེ་ བཞེངས་ནི་ཨིན་ན་དང་ ག་གིས་ བཞེངས་ནི་ཨིན་ན་ དེ་ལས་ དམངས་ཀྱི་ལྷ་ཁང་ཚུ་ གཞན་ལུ་ རྩིས་སྤྲོད་འབད་ཆོག་དང་ མ་ཆོག་པའི་ཁྲིམས་ལུགས་སྐོར་ལས་ གྲོས་བསྟུན་འབད་ཡི།

ལྷུན་གྲུབ་ཨར་ཆ་རོགས་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།



མཐའ་བཅད་འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་མི་ མདའ་རྩེདཔ་ཚུ།

བཀྲིས་ཕུན་ཚོགས།

བསམ་གྲུབ་ལྗོངས་མཁར་ མདའ་རྩེད་ཚོགས་སྡེ་གིས་ ཤར་ཕྱོགས་རྫོང་ཁག་༦ གི་དོན་ལུ་ ཕྱི་རྒྱལ་གྱི་ མདའ་གཞུའི་ཐོག་ལས་ སྤྱི་ཟླ་༣ པའི་ཚེས་༩ ལས་༢༧ ཚུན་ རྩེད་འགྲན་འབད་ཡོད་མི་དེ་ ཁ་ཙ་ མཐའ་བཅད་འགྲན་བསྡུར་འབད་བའི་སྐབས་ ལྷུན་གྲུབ་ཨར་ཆ་རོགས་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་སྟེ་ མི་དབང་ཡབ་སྲས་ཀྱི་ རྟགས་མ་ཐོབ་ཡོདཔ་ཨིན་པས།

བྱང་ཕྱོགས་ས་མཚམས་ལུ་ ཙན་དན་ཤིང་ ནག་ཚོང་འཐབ་ནི་གི་ དཔའ་བཅམ་མི་༣ འཛིན་བཟུང་།


སྣུམ་འཁོར་པིག་ཨཔ་ནང་ ཕད་ཙེ་ནང་ བཙུག་འབག་མི་
ཙན་དན་ཤིང་གི་དུམ་ཚུ།

བསམ་གཏན་ཡེ་ཤེས།

འདས་པའི་ཟླཝ་༢ དེ་ཅིག་གི་ཧེ་མར་ རྒྱ་གར་ལས་ ཙན་དན་ཤིང་འབག་འོང་སྟེ་ ཧཱ་ལས་ བྱང་ཕྱོགས་ས་མཚམས་བརྒལ་ཏེ་ འབག་འགྱོ་ནི་གི་ དཔའ་བཅམ་མི་ ཕོ་སྐྱེས་༣ མིག་མཐོང་ལག་བཟུང་འབད་ཡོད་མི་ཚུ་ལུ་ ད་ལྟོ་ དྲི་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།

ཆོས་སྡེ་ལྷན་ཚོགས་ཀྱིས་བཟོ་མི་ ངེས་ཚིག་དང་འཁྲིལ་དགོཔ།


བསྟན་འཛིན་རྣམ་རྒྱལ།

སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་གཞི་བཙུགས་ཀྱི་ བཙག་འཐུ་འབད་བའི་སྐབས་ ཆོས་པའི་ཆས་སྒྲིག་སྟེ་སྡོད་མི་ ལེ་ཤ་ཅིག་གིས་ གསང་བའི་ཚོགས་རྒྱན་བསྐྱུར་ནི་གི་ གོ་སྐབས་མ་ཐོབ་མི་དེ་ཡང་ ཁོང་ཆ་ཁྱབ་ ཆོསཔ་ཨིན་པའི་ངོ་རྟགས་ མཚན་འཛིན་དང་ ལག་ཁྱེར་ཚུ་མེད་རུང་ ཆོས་གོ་གྱོན་ཙམ་ཅིག་གིས་ ཆོས་པའི་གྲངས་སུ་ ཚུད་མི་ལུ་བརྟེན་ཨིན་པས།

དགེ་ལེགས་ཕུག་ལུ་ ཤིང་དྲ་ཁང་འཚིགས་ཡོདཔ།


༉ སྤྱི་ཟླ་༣ པའི་ཚེས་༢༥ གི་དྲོ་པ་ ཆུ་ཚོད་༣.༣༠ དེ་ཅིག་ཁར་ དགེ་ལེགས་ཕུག་ དཔལ་རི་ཐང་ལུ་ ཤིང་དྲ་ཁང་ཅིག་ མེ་གིས་ འཚིགས་སོཔ་ཨིན་པས།
དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ མེ་རྐྱེན་དེ་ ཉེ་འདབས་ལུ་ སྡོད་མི་ཚུ་གིས་ ཤིང་དྲ་ཁང་གི་ མཛོད་ཁང་ནང་ལས་ཟུན་སར་ མཐོང་ནུག་ཟེར་ཨིན་པས།
དེ་གི་ཤུལ་ལུ་ དགེ་ལེགས་ཕུག་གི་ རྒཔོ་དང་ ཤིང་དྲ་ཁང་གི་ ཇོ་བདག་གིས་ དྲོ་པ་ཆུ་ཚོད་༤ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
མེ་རྐྱེན་དེ་ནང་ ཤིང་དུམ་སི་ཨེཕ་ཊི་༣,༠༠༠ དེ་ཅིག་དང་ ཤིང་དྲ་དྲཝ་ ཊག་དོས་ཅིག་ དེ་ལས་ ཤིང་དྲ་འཕྲུལ་ཅིག་ འཚིགས་ཡོད་པའི་ ལོ་རྒྱུས་ཡོདཔ་ཨིན་པའི་གནས་ཚུལ།

གྱིབ་ཀྱིས་བཟོ་མི་ རྩྭ་གདན་འཐིང་ནིའི་ལཱ་ཚུ་ འགོ་བཙུགས་ཡོདཔ།


གྱིབ་ཀྱི་རྩྭ་གདན་ འཐིང་ནིའི་དོན་ལུ་ གྲ་སྒྲིག་འབད་མི་
ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་།

ཉི་མ་དབང་འདུས།

རྒྱལ་སྤྱི་ཕུཌ་བཱོལ་ཚོགས་སྡེ་ ཕི་ཕ་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་བཙུགས་མི་ གཱོལ་ལས་འགུལ་གྱིས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྩེད་ཐང་ནང་ གྱིབ་ཀྱིས་བཟོ་མི་ རྩྭ་གདན་འཐིང་ནིའི་ལཱ་ཚུ་ འགོ་བཙུགས་ཡོདཔ་ད་ ད་ལྟོ་ རྩེད་ཐང་གི་ ས་ཁོད་སྙོམས་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།

བཀྲིས་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་དེ་ སློབ་གྲྭ་དྲག་ཤོས་ཅིག་ཨིནམ?


༉ སློབ་ཕྲུག་ཚུ་གིས་ བཀོད་ཚོགས་ཆོས་རྒྱུགས་ནང་ཐོབ་མི་སྐུགས་ཚུ་ སློབ་གྲྭ་ཅིག་ནང་ ཤེས་ཡོན་གྱི་ སྤུས་ཚད་དང་ འབྲེལ་གནད་ཡོད་པའི་ བརྡ་མཚོན་ཅིག་ཨིན་པ་ཅིན་ ན་ཧིང་གི་ལོ་ནང་ བཀྲིས་སྒང་རྫོང་ཁག་ ཝམ་རོང་ལུ་ཡོད་མི་ བཀྲིས་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་དེ་ འབྲུག་རྒྱལ་ཁབ་ནང་ སློབ་གྲྭ་དྲག་ཤོས་ཀྱི་གྲངས་སུ་ ཚུདཔ་ཨིན་པས།

ནད་གཞི་ཨེཌསི་བཀས་ཐབས་འབད་ནི་དེ་ དོ་འགྲན་ཅན་སྦེ་ར་གནས་ཡོདཔ།


ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ མི་༢༧༠ ལུ་ ནད་གཞི་ཨེཌསི་/ཨེཆ་ཨའེ་བི་ཐོབ་མི་ལས་༤༨ ཤི་སོཔ་ཨིན་པས།
མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕཡུག་མཆོག་གིས་
 ཨམ་སྲུ་ཚུ་དང་ ཞལ་འདྲིས་གནང་པའི་བསྒང་།
བུམ་ཐང་ལས་ བཀྲིས་བསྟན་འཛིན།

༉ གསོ་བའི་ལྷན་ཁག་གིས་ ད་ཚུན་གྱི་བར་ན་ རྒྱལ་ཁབ་ཀྱི་ ཁྲོམ་སྡེ་ཚུ་ནང་ མི་སྡེ་གསོ་བའི་ཞབས་ཏོག་ལྟེ་བ་ཚུ་ གཞི་བཙུགས་འབད་དེ་ཡོདཔ་མ་ཚད་ གདུག་ཅན་གྱི་ནད་གཞི་ཨེཌསུ/ཨེཆ་ཨའེ་བི་གི་སྐོར་ལས་ མི་མང་ལུ་ གོ་བརྡ་ཚུ་ སྤེལ་བཞིན་དུ་ཡོད་རུང་ ནད་གཞི་ཐོབ་མིའི་ གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་ལུ་བརྟེན་ གསོ་བའི་ལྷན་ཁག་ལུ་ དོ་འགྲན་དང་ ཚ་གྱང་ཅན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།

བང་ལ་དེཤ་གིས་ རྒྱལ་ཁབ་རང་དབང་ཐོབ་པའི་ཉིནམ་ཐེངས་༤༢ པ་ བརྩི་སྲུང་ཞུ་ཡོདཔ།


འགྲེམས་སྟོན་འབད་མི་ འབྲུག་དང་ བང་ལ་དེཤ་གི་
 བྱ་རིགས་མ་འདྲཝ་ཚུ།

ཤེས་རབ་བསྟན་འཛིན།

ཁ་ཙ་ ཐིམ་ཕུ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ སྒྲིང་ཁྱིམ་ས་ཁོངས་ནང་སྦེ་ བང་ལ་དེཤ་གིས་ རྒྱལ་ཁབ་རང་དབང་ཐོབ་པའི་ཉིནམ་ཐེངས་༤༢ པ་ བརྩི་སྲུང་ཞུཝ་དང་འབྲེལ་ འབྲུག་དང་ བང་ལ་དེཤ་རྒྱལ་ཁབ་༢ ཀྱི་ བྱ་རིགས་མ་འདྲཝ་ཚུ་གི་ པར་ཚུ་འགྲེམས་སྟོན་འབད་ཡི།

གྲོགས་རམ་དང་ ཞལ་འདེབས་ཐོབ་མི་ ཆོས་སྡེ་ཚུ་ལུ་ རྩིས་ཞིབ་འབད་ནི།


ཆོས་སྡེའི་གཙོ་འཛིན་ཚུ་གིས་འབད་བ་ཅིན་ གཞུང་ལས་ མ་དངུལ་གནང་གནངམ་མེད་མི་ཚུ་ལུ་ རྩིས་ཞིབ་འབད་ནི་གི་ འོས་འབབ་མིན་འདུག་ཟེར་ཨིན་མས།
ཆོས་སྡེའི་གཙོ་འཛིན་ཚུ་གིས་ གྲོས་བསྡུར་གནང་པའཡི་བསྒང་།

བསྟན་འཛིན་རྣམ་རྒྱལ།

ད་ལས་ཕར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཆོས་སྡེ་ཁག་སོ་སོའི་ ལོ་བསྟར་གྱི་ རྩིས་ཞིབ་འབད་ནི་ཟེར་མི་ལུ་ ཆོས་སྒོར་ཞུགས་མི་ ལ་ལུ་ཅིག་ལུ་ ཐུགས་དང་མ་ལྡན་མི་དེ་ཡང་ འབྲུག་གི་ཆོས་སྡེའི་བཅའ་ཁྲིམས་ དོན་ཚན་༨༨ པ་དང་འཁྲིལཝ་ད་ ཆོས་སྡེ་ཚུ་གི་ མ་དངུལ་འབྱུང་ཁུངས་དང་ དངུལ་འབྲེལ་གྱི་ བརྡ་དོན་ཚུ་ཡང་ གསལ་བསྒྲགས་འབད་དགོ་ཟེར་ གསལ་བཀོད་འབད་ཡོད་ནི་དེ་གིས་ཨིན་པས།

ལ་ནོར་གསོ་སྐྱོང་གི་ ལམ་སྲོལ་མར་ཉམས།


ཨཔ་བསོད་ནམས་ཀྱིས་ ཁོ་རའི་འབྱིམོ་ཅིག་ལས་ ཨོམ་བཞོ་བའི་བསྒང་།
བསམ་གཏན་ཡེ་ཤེས།

བུམ་ཐང་རྫོང་ཁག་ ཨུ་ར་ཤིང་མཁར་གྱི་ གཡུས་ཚན་དེ་ སྔོན་དང་ཕུ་ལས་ར་ ལ་ནོར་ལུ་ འཚོ་བ་བརྟེན་སྡོད་མི་ཨིནམ་ལས་ ས་གནས་ཀྱི་ མི་སེར་ཚུ་ རང་མགོ་རང་འདྲོངས་སྦེ་ སྡོད་མི་ཅིག་ཨིན་རུང་ རྒྱལ་ཁབ་གོང་འཕེལ་འགྱོ་མི་ལུ་བརྟེན་ ལུང་གཤོང་དེ་ནང་ གཡག་གསོ་སྐྱོང་ལམ་སྲོལ་དེ་ མར་ཉམས་འགྱོ་དོ་ཡོདཔ་ཨིན་པས།

རྡོ་རྗེ་གིས་ ན་ཆུང་སྐད་གྲགས་ཅན་ཐོན་ཡོདཔ།


སྦུག་ལུ་ཡོད་མི་ ཨང་དང་པ་དང་༢ པ་ཐོན་མི་ རྡོ་རྗེ་དང་
 ཀུན་ལེགས་དབང་འདུས།
བཀྲིས་ཕུན་ཚོགས།

བཀྲིས་སྒང་ མཁའ་གླིང་རྒྱལ་ཡོངས་མུན་སེལ་གླིང་སློབ་ཁང་གི་སློབ་ཕྲུག་ རྡོ་རྗེ་གིས་ ན་ཆུང་སྐད་གྲགས་ཅན་གྱི་ འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་ཡི།
དེ་ཡང་ སྐྱེས་ལོ་༡༤ ལང་མི་ སློབ་རིམ་༧ པའི་སློབ་ཕྲུག་ རྡོ་རྗེ་གིས་ དུས་ཡུན་ཟླ་ངོ་༢ ལྷགཔ་ཅིག་གི་རིང་ འགྲན་བསྡུར་ནང་ བཅའ་མར་གཏོགས་པའི་ཤུལ་ལུ་ ཁ་ཙ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༥༠,༠༠༠ ཐོབ་ཡོདཔ་ད་ ཨང་དང་པའི་གསོལ་རས་དེ་ ཕ་མ་པར་སྐྲུན་དང་ དཔེ་སྐྲུན་ཁང་གི་ཇོ་བདག་ ཨྱོན་འཕྲིན་ལས་ཀྱིས་ བྱིན་ཡོདཔ་ཨིན་པས།

ཟླཝ་༡ གི་རིང་ འགྲུལ་སྐྱེལ་ཞབས་ཏོག་ རིན་མེད་སྟོང་པར་བྱིན་ནི།


སྣུམ་འཁོར་ཊཱག་ལུ་ སྒུག་སྡོད་མི་ པདྨ་དགའ་ཚལ་གྱི་མི་ཚུ།

བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་རྫོང་ཁག་༢ ཀྱི་བར་ན་ མི་མང་སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་ཡོདཔ་ཨིན་རུང་ མི་ཚུ་གིས་ ས་གཏེར་རྡོ་དཀར་འབག་མི་ སྣུམ་འཁོར་ཊཱག་ཚུ་ནང་ འགྲོ་འགྲུལ་འབད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།

སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་ དགོངས་རྫོགས་༣ པ་བཟུང་ཡོདཔ།



ཞིང་གཤེགས་དམ་པ་ སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་ དགོངས་རྫོགས་དུས་མཆོད་༣ པ་དེ་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ཐིམ་ཕུ་ལུ་ སྐྱབས་རྗེ་མཆོག་གི་ ཞལ་སློབ་ཚུ་གིས་བཟུང་ནུག།
དེ་ཡང་ རྒྱལ་ཡོངས་རྗེ་དྲན་མཆོད་རྟེན་གྱི་ལྟག་ལུ་ སློབ་དཔོན་ལྷུན་གྲུབ་རྡོ་རྗེའི་ འགོ་འདྲེན་ཐོག་ལས་ མཁན་པོ་དང་ དགེ་སློང་ཞལ་གྲངས་༢༥ དེ་ཅིག་གིས་ ཉིནམ་༣ གྱི་རིང་ རྡོར་སེམས་གནང་ཡོདཔ་མ་ཚད་ ཨ་ཏི་ཤ་གཞི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཤིང་མཁར་བླམ་དངོས་གྲུབ་རྡོ་རྗེ་གིས་ འགོ་ཁྲིད་ཐོག་ མཁན་སློབ་ཞལ་གྲངས་༤༥ གིས་ ཀར་གླིང་ཞི་ཁྲོ་གནང་ཡོདཔ་བཞིན་དུ་ ཕ་མ་པར་སྐྲུན་དང་ དཔེ་སྐྲུན་ཁང་གིས་ འགོ་འདྲེན་འཐབ་སྟེ་ མཁན་པོ་དང་ བླ་སློབ་༢༠ གིས་ ཉིན་གྲངས་༢༣ གྱི་རིང་ མྱུར་འབྱོན་གསོལ་འདེབས་འབུམ་དང་ སྒྲོལ་མ་འབུམ་ གསོལ་ཁ་འབུམ་བསགས་པའི་གུ་ དགོངས་རྫོགས་དུས་མཆོད་དང་བསྟུན་ བླ་མ་རིག་འཛིན་བསྡུས་པའི་ ཚོགས་འཁོར་བསྐོར་གནང་ཡོདཔ་ཨིན་པས།
སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་ སྤྱི་ལོ་༢༠༠༩ ལུ་ དགུང་ལོ་༧༨ བཞེསཔ་ད་ རྒྱ་གར་མའི་སོར་ལུ་ དགོངས་པ་རྫོགས་ཡོད་པའི་གནས་ཚུལ།

འདས་པའི་ལོ་ངོ་༣ ནང་ མཆོད་རྟེན་༣༥༤ སློངས་ཡོདཔ།



ཤེས་རབ་བསྟན་འཛིན།

སྤྱི་ལོ་༢༠༠༨ ལུ་སློངས་ཏེ་ ནང་གཟུངས་བཏོན་འབག་མི་
བུམ་ཐང་ཕོམ་རོང་གི་བྱང་ཆུབ་མཆོད་རྟེན།
༉ ཁྲིམས་སྲུང་འགག་པའི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༩ ལས་༢༠༡༡ ཚུན་ཚོད་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ མཆོད་རྟེན་༣༥༤ སློངས་ཡོདཔ་ད་ དེ་ཚུ་གི་གྲས་ལས་ མཐོ་ཤོས་ར་ བཀྲ་ཤིས་སྒང་རྫོང་ཁག་ནང་ མཆོད་རྟེན་༡༡༣ སློངས་ཡོདཔ་སྦེ་ ཐོ་བཀོད་འབད་ནུག། 
དེ་གི་འོག་ལས་ར་ མོང་སྒར་རྫོང་ཁག་ནང་༣༤ དང་ ཐིམ་ཕུ་ལུ་༢༢ པདྨ་དགའ་ཚལ་ལུ་༢༧ ལྷུན་རྩེ་ལུ་༡༩ བཀྲིས་གཡང་རྩེ་དང་ བསམ་གྲུབ་ལྗོང་མཁར་ལུ་༡༦ རེ་ སློངས་ཡོདཔ་ཨིན་པས།

སྤུ་ན་གཙང་ཆུ་༢ པའི་དོན་ལུ་ ཁང་ཚན་༥༤༠ འབད་མི་ སྡོད་ཁྱིམ་བཟོ་སྐྲུན།


སྡོད་ཁྱིམ་ཚུ་ སང་ཕོད་ སྤྱི་ཟླ་༧ པའི་ནང་ བསྒྲུབས་པའི་བསྒང་ལས་ བ་འཇོ་ཁྲོམ་གྱི་ སྒྲིང་ཁྱིམ་ཚུ་ སྟོངམ་འཐོན་ནིའི་འོས་འབབ།
ད་ལྟོ་ མི་གིས་ལྟེམ་ལྟེ་གང་སྟེ་ཡོད་མི་ བ་འཇོ་ཁྲིམ་གྱི་ སྒྲིང་ཁྱིམ་ཚུ།
བསྟན་འཛིན་རྣམ་རྒྱལ།

 ༉ དབང་འདུས་ཕོ་བྲང་ བ་འཇོ་ཐང་ཁྲོམ་ཁར་ཡོད་མི་ སྒྲིང་ཁྱིམ་ཚུ་ ད་རེས་ནངས་པའི་ བཟོ་བཀོད་དང་བསྟུན་ རྐྱབ་ཡོདཔ་མ་ཚད་ ཐོག་ཚད་ལས་འབད་རུང་ ཉུང་ཤོས་ཁྱིམ་ཐོག་༣ ཡོད་པའི་ཁར་ སྒྲིང་ཁྱིམ་༡༣༡ ཆ་མཉམ་གྱི་ འོག་ཐོག་ཚུ་ ཚོང་ཁང་བཟོ་བཏུབ་སྦེ་ རྐྱབ་ཡོདཔ་ཨིན་པས།

བླ་སློབ་དང་ མཚམས་པ་ཚུ་གི་ ཚིག་འགྲེལ་དྭངས་གསལ་མེདཔ།


ལྷ་ཁང་དང་ མཆོད་རྟེན་གསར་བཞེངས་འབད་ནི་ཚུ་ དམ་འཛིན་འབད་ནིའི་ གྲོས་འཆར་ལུ་ ཆོས་སྡེའི་གཙོ་འཛིན་ཚུ་ལས་ རྒྱབ་སྐྱོར་མེདཔ།
ཐིམ་ཕུ་ལུ་ ཉིནམ་༢ ཀྱི་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་
 ཆོས་སྡེའི་གཙོ་འཛིན་ཚུ།
བསྟན་འཛིན་རྣམ་རྒྱལ།

འབྲུག་ལུ་ ཆོས་སྡེའི་གཙུག་སྡེ་དང་ ཆོས་སྒོར་ཞུགས་མི་ཚུ་ སྲིད་དོན་ལས་འདས་པའི་ ཡུལ་ལུ་གནས་དགོ་པའི་ཁར་ བཙག་འཐུའི་སྐབས་ ཚོགས་རྒྱན་སྐྱུར་མ་ཆོག་མི་དེ་ འགྲོ་བ་མིའི་ གཞི་རྟེན་ཐོབ་དབང་ལུ་ བརྩི་མཐོང་དང་ གུས་ཞབས་མེདཔ་བཟུམ་སྦེ་  མཐོངམ་མས་ཟེར་ ཁ་ཙ་ ཐིམ་ཕུ་ལུ་ རྒྱལ་ཡོངས་ཆོས་སྡེའི་ གཙོ་འཛིན་གྱི་ ཞལ་འཛོམས་ཐེངས་དང་པ་ འཚོགས་གནང་པའི་སྐབས་ ཆོས་སྡེའི་གཙོ་འཛིན་ཚུ་གིས་ བསམ་འཆར་བཀོད་ཅི།

ཆེ་མཐོ་ཁྲིམས་འདུན་གྱིས་ ངོ་ལོག་དང་འབྲེལ་བའི་ བཙོན་ཁྲིམས་ལོ་༡༥ བཀལ་མིའི་ འཁྲུན་ཆོད་ལུ་གཞི་འཛིན།


རྩོད་ཟླ་དེ་ ཆེ་མཐོ་གྲངས་མང་ཁྲིམས་ཁྲིའི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགསཔ་ལས་ རེས་གཟའ་མིག་དམར་ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནི་ཨིན་པས།
བཀྲིས་ཕུན་ཚོགས།

༉ འབྲུག་རྒྱལ་ཁབ་ཀྱི་ བསྟན་སྲིད་དང་ ཞི་བདེ་ལུ་ ངོ་རྒོལ་འབད་མི་ཚུ་དང་ འབྲེལ་བ་འཐབ་པའི་ ཉེས་འཛུགས་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་དེ་ སྐྱེས་ལོ་༤༨ ལང་མི་ མི་སྡེའི་ལས་བྱེདཔ་བགྲེསཔ་ཅིག་ལུ་ བཙོན་ཁྲིམས་ལོ་ངོ་༡༥ བཀལ་ནུག།

གནས་ཚུལ་མདོར་བསྡུས།



ཁ་ཙ་ སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ བུམ་ཐང་ཆོས་འཁོར་རྒེད་འོག་ རྡོ་རྗེ་སྦིས་གཡུས་ཚན་ནང་ ས་ཆ་ཨེ་ཀར་༡༧༣ ཡོད་མི་ གྲོང་སྡེ་ནགས་ཚལ་ འགོ་འབྱེད་གནང་ཡོད་པའི་གནས་ཚུལ།

མཁོ་གལ་མེད་པའི་ ཅ་ཆས་ཚུ་ ནང་འདྲེན་འབད་ནི་ བཀག་ཆ་འབད་ཡོདཔ།


ཉི་མ་དབང་འདུས།

བསྟན་རྒྱས་ལྷན་ཁག་གིས་ ཁ་ཙ་ལས་ རྒྱལ་ཁབ་ཀྱི་ ནང་འདྲེན་ལས་ཁང་དང་ ཚོང་འབྲེལ་ལས་སྡེ་ དེ་ལས་ བཟོ་སྐྲུན་དང་ ཞབས་ཏོག་ལས་སྡེ་ཚུ་ཚུད་མི་ ཚོང་འབྲེལ་ལས་ཚོགས་ཚུ་ལུ་ མཁོ་གལ་ཅན་མེན་པའི་ ཅ་ཆས་ནང་འདྲེན་འབད་ནིའི་ ཆོག་ཐམ་སྤྲོད་ནི་ཚུ་ མཚམས་འཇོག་འབད་ཡོདཔ་ཨིན་པས།

སྐར་མ་སྨིན་དྲུག་ཡང་ མཐའ་བཅད་འགྲན་བསྡུར་འོག་མའི་ནང་ལྷོད་ཡོདཔ།



བཀྲིས་ཕུན་ཚོགས།

བསམ་གྲུབ་ལྗོངས་མཁར་ལུ་ རྩེད་འགྲན་འབད་བའི་བསྒང་ཡོད་མི་ མདའ་རྩེད་ཀྱི་ མཐའ་བཅད་འགྲན་བསྡུར་ཆུང་བའི་ རྩེད་འགྲན་མཇུག་དེ་ ཁ་ཙ་ སྐར་མ་སྨིན་དྲུག་དང་ འཆི་མེད་ཨར་ཊི་བཟོ་སྐྲུན་ དེ་ལས་ དྭངས་གླིང་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ སྐར་མ་སྨིན་དྲུག་སྡེ་ཚན་གྱིས་ སྐུགས་༢ ཆོད་དེ་ མཐའ་བཅད་འགྲན་བསྡུར་འགོ་མའི་ནང་ལྷོད་ནུག།

གནས་ཚུལ་མདོར་བསྡུས།


ཁ་ཙ་ ཕུན་ཚོགས་གླིང་ལུ་ཡོད་མི་ དངུལ་ཁང་༤ ནང་ འབྲུག་གི་དངུལ་ཀྲམ་བཙུག་ནིའི་དོན་ལུ་ རྒྱ་གར་གྱི་ མི་ཁུངས་བརྒྱ་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡོདཔ་ད་ ཁོང་གིས་ སླབ་དོ་བཟུམ་འབད་བ་ཅིན་ དངུལ་ཁང་ནང་ དངུལ་ཀྲམ་བཙུགས་ཡོད་རུང་ རུ་ཕི་ནམ་བྱིན་འོང་ག་ ཚ་གྱང་ཡོད་ཟེར་ཨིན་པས།

གླིང་བཞི་རྫོང་ཉམས་གསོའི་དོན་ལུ་ མ་དངུལ་ས་ཡ་༩༠ དགོཔ།


བཀྲིས་ཕུན་ཚོགས།

༉ ཐིམ་ཕུ་རྫོང་ཁག་གི་ གླིང་བཞི་རྫོང་དེ་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ས་ཡོམ་གྱིས་ གནོད་སྐྱོན་སྦོམ་སྦེ་ རྐྱབ་པའི་ཤུལ་ལུ་ ཉམས་གསོ་ཞུ་མ་ཚུགས་པར་ ལུས་ཡོདཔ་ལས་ ད་ལྟོ་ སྲོལ་འཛིན་ལས་ཁུངས་ཀྱིས་ ཉམས་གསོ་ལས་རིམ་ཚུ་ བརྩམ་པའི་བསྒང་ཡོདཔ་ཨིན་པས།

མ་དངུལ་གྱི་དོན་ལུ་ འགོ་ཐོག་བཙག་འཐུའི་ནང་ ཚོགས་རྒྱན་བརྒྱ་ཆ་༡༠ ཐོབ་དགོཔ།


༉ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་མ་དངུལ་འཐོབ་དགོ་པ་ཅིན་ སང་ཕོད་ བཙག་འཐུའི་ནང་ བཅའ་མར་གཏོགས་མི་ སྲིད་ཚོགས་ཚུ་གིས་ འགོ་ཐོག་བཙག་འཐུའི་སྐབས་ ཚོགས་རྒྱན་ཉུང་ཤོས་བརྒྱ་༡༠ ཐོབ་དགོཔ་ཨིན་པས།

གྲོང་གསེབ་ཤིང་ཆས་ཀྱི་ཐོབ་ལམ་ཚུ་ ལོག་སྤྱོད་དར་ཁྱབ།


གྲོང་གསེབ་ནང་ ཁྱིམ་རྐྱབ་ནིའི་དོན་ལུ་ ཐོབ་ལམ་དང་འཁྲིལ་ མཁོ་སྤྲོད་འབད་མི་ ཤིང་ཆས་ཚུ་ ཁྲོམ་སྡེ་ཚུ་ནང་ ཚུལ་མིན་ཐོག་ ལྷོད་དོ་ཡོདཔ།
ནགས་ཤིང་ཚུ་ བརྡབས་ཚར་བའི་ཤུལ་ལུ་
ནགས་ཤིང་བསྐྱར་འཛུགས་འབད་ནི་ ཡོདཔ་ཨིན་ན?
བསམ་གཏན་ཡེ་ཤེས།
༉ འབྲུག་གི་ཁྲོམ་སྡེ་ཚུ་ནང་ བཟོ་སྐྲུན་གོང་འཕེལ་འགྱོ་མི་དང་བསྟུན་ ཁྲོམ་སྡེའི་ཤིང་ཆས་ཀྱི་ གོང་ཚད་ཡར་སེང་སོང་ཡོདཔ་མ་ཚད་ ཤིང་ཆས་ཚུ་ཡང་ ཐོབ་ཚུགས་པར་ ལཱ་ཁག་ཡོད་མི་ལུ་བརྟེན་ ཁྱིམ་རྐྱབ་མི་ཚུ་གིས་ གོང་ཚད་ག་ནི་བ་ཁེ་བའི་ གྲོང་གསེབ་ཀྱི་ ཤིང་ཆས་ཚུ་ མཁོ་སྒྲུབ་འབད་མི་དེ་གིས་ ཚུལ་མིན་ལག་ལེན་ཚུ་ལུ་ རྒྱུད་བསྐུལ་འབདཝ་ཨིན་པས།

གསེར་ཁྲི་མངའ་གསོལ་གྱི་ བཱསི་ཀེཊ་བཱོལ་འགྲན་བསྡུར་འགོ་བཙུགས།


བཀྲིས་ཕུན་ཚོགས།

༉ སྤྱི་ཟླ་༣ པའི་ཚེས་༢༢ ལས་འགོ་བཙུགས་ འབྲུག་བཱསི་ཀེཊ་བཱོལ་ཚོགས་སྡེ་གིས་ ཐིམ་ཕུ་ཆུ་རྩལ་ཁང་ནང་སྦེ་ ལོ་བསྟར་གསེར་ཁྲི་མངའ་གསོལ་གྱི་ བཱསི་ཀེཊ་བཱོལ་འགྲན་བསྡུར་དེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
འགྲན་བསྡུར་དེ་ནང་ ཕོ་སྐྱེས་ཀྱི་སྡེ་ཚན་༢༦ དང་ ཨམ་སྲུའི་སྡེ་ཚན་༦ གིས་ བཅའ་མར་གཏོགས་དོ་ཡོདཔ་ད་ ཉིནམ་དང་པའི་ནང་ ཝི་ཟཱཌསི་དང་ དཔའ་གཟརཔ་ ཕོ་རྒྱ་དང་ འབྲུག་པ་ ཀོ་ར་ཟོནསི་དང་ གཱན་དི་ཡཱནསི་ དེ་ལས་ བྱ་ཁྱུང་དང་ ཏཱནིསི་ཕོར་མར་སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་ཡི།
  ཁ་ཙ་ བུཚ་གི་སྡེ་ཚན་ལས་ ཡུ་ནི་ཀཱོནསི་དང་ ཧོབ་ཨིསི་ཊཱརསི་ བུ་ལུ་མཱེ་ཇིག་དང་ ཧཱསི་ཀིསི་ བོ་རོསི་དང་ ཇི་སི་བི་ཨེསི་ དེ་ལས་ བྱ་སྦྱིན་དང་ འབྲུག་བཱསི་ཀེཊ་བཱོལ་ཚོགས་སྡེའི་ སྐྱེས་ལོ་༡༦ མན་ཆད་འབད་མི་ སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་ཡོདཔ་མ་ཚད་ ཨམ་སྲུའི་སྡེ་ཚན་ལས་ དཔའ་མོསི་དང་ ཇི་སི་བི་ཨེསི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ཡོད་པའི་གནས་ཚུལ།

ཨ་ལུ་གསར་བཙུགས་ནང་ རྣམ་དག་མེད་པའི་ ཁ་ཉེས་བཀལ་ཡོདཔ།


ཕམ་ལ་ལུ་ཅིག་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞིབ་དཔྱད་ཀྱི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
བཀྲིས་བསྟན་འཛིན།

༉ ཨ་ལུ་ཚུ་ ལོག་སློབ་གྲྭ་ནང་ འཛུལ་ཞུགས་འབད་དེ་ ཟླཝ་ལང་ཡོད་རུང་ སློབ་གྲྭའི་དབུ་འཛིན་ཚུ་གིས་ ཉེ་རིང་ཕྱེ་ཐོག་ལས་ ལོ་ཚད་མ་ལང་མི་ ཨ་ལུ་ཚུ་  བློ་གསར་སློབ་རིམ་ནང་ བཙུགས་ཡོད་པའི་སྐོར་ལས་ ཕམ་ལ་ལུ་གིས་ ཉོགས་བཤད་བཀོད་ཡོདཔ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ཡང་ ཞུ་ལོག་རྐྱབ་ཡོདཔ་ཨིན་པས།

ཆུ་འཛགས་མི་དེ་གིས་ ས་གནས་ཀྱི་ མི་ཚུ་ལུ་གནོད་ཉེན།


ཆུ་འཛགས་མི་དེ་གིས་ ས་གནས་ཀྱི་ མི་ཚུ་ལུ་གནོད་ཉེན།
ཤེས་རབ་བསྟན་འཛིན།

༉ ཐིམ་ཕུ་བར་སྦིས་ས་ ཉི་ཟེར་སྒང་ལྷ་ཁང་གི་འོག་ལུ་ ཞིང་ཆུའི་ཆུ་དུང་གི་ མཐུད་མཚམས་ཚུ་ལས་ ཆུ་འཛགས་མི་ལུ་བརྟེན་ ས་ཁོངས་དེ་གི་འོག་ལུ་ཡོད་མི་ སྒྲིང་ཁྱིམ་༢ ལུ་ གནོད་ཉེན་བྱུང་སྟེ་ཡོདཔ་མ་ཚད་ ཁྱིམ་དེ་གི་ལྟག་ལུ་ཡོད་པའི་ སྤོ་ཏོག་དེ་ཡང་ ས་རུད་ཆད་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།

དངུལ་ལོར་རྫུས་མ་མང་ཤོས་ར་ ཕུན་ཚོགས་གླིང་ལུ་ ལག་ལེན་འཐབ་ཡོདཔ།


སྤེན་པ་ ཟླཝ་༣ པའི་༢༣།  དངུལ་ལོར་རྫུས་མ་འབག་མི་ལུ་བརྟེན་ འཛིན་བཟུང་འབད་མི་ དར་དཀར་ནང་ལས་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་དེ་གིས་ དངུལ་ལོར་རྫུས་མ་༥༠,༠༠༠ དེ་ཅིག་ ན་ཧིང་ ཕུན་ཚོགས་གླིང་ལུ་ བཀའ་མའི་དབང་གནང་པའ་ིསྐབས་ ལག་ལེན་འཐབ་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་ཨིན་པས།

གསོག་འཇོག་རྩིས་ཁྲ་འཆང་མི་ཚུ་གིས་ ཏི་རུ་ཚད་ཅིག་ལས་ བཏོན་མི་ཚུགས་ནི།


བསམ་གཏན་ཡེ་ཤེས།

སྤེན་པ་ ཟླཝ་༣ པའི་༢༣།  ཁ་ཙ་ལས་འགོ་བཙུགས་ ད་རིས་ཡིག་ཚང་གི་ དུས་ཚོད་ཚུན་ཚོད་ འབྲུག་རྒྱལ་ཁབ་ནང་འཁོད་ལུ་ཡོད་མི་ དངུལ་ཁང་ཆ་མཉམ་གྱི་ ལས་མགྲོན་པ་ཚུ་གིས་ དངུལ་ཁང་ཚུ་ནང་ལས་ ཏི་རུ་བཏོན་པ་ཅིན་ དངུལ་ཀྲམ་༥,༠༠༠ དང་བཏོན་འཕྲུལ་ནང་ལས་འབད་བ་ཅིན་ དངུལ་ཀྲམ་༡༠,༠༠༠ ལས་ལྷག་སྟེ་ བཏོན་མི་ཚུགས་ནི་ཨིན་པས།

ཁག་འབགཔ་སློབ་དཔོན་ཚུ་ལུ་ གནས་ཡུན་ཐེབས་ལོ་༡ བྱིན་ཡོདཔ།


ཁག་འབགཔ་སློབ་དཔོན་ཚུ་གིས་ ད་རུང་ གནས་ཡུན་ལོ་༡ ཕྱག་ཞུ་ནིའི་དོན་ལུ་
རང་སོའི་ཡིག་ཆ་ཚུ་ དུས་མཐུན་བཟོ་བའི་བསྒང་།
ཤེས་རབ་བསྟན་འཛིན།

སྤེན་པ་ ཟླཝ་༣ པའི་༢༣། ༉ ཁག་འབགཔ་སློབ་དཔོན་༨༤ གིས་ སློབ་གྲྭ་ཁག་སོ་སོའི་ནང་ ད་རུང་ སློབ་དཔོན་སྦེ་ ལོ་༡ ཕྱག་ཞུ་ནིའི་དོན་ལུ་ ཁ་ཙ་ ཐིམ་ཕུ་ན་གཞོན་དང་ རྩེད་རིགས་ལས་ཁུངས་ནང་སྦེ་ ཁ་རྗེའི་ཤོག་སྒྲིལ་འཐུ་ཐོག་ལས་ སློབ་གྲྭ་གདམ་ཁ་རྐྱབ་ཅི།
ཁོང་གིས་ ཁག་འབགཔ་སློབ་དཔོན་སྦེ་ སྤྱི་ལོ་༢༠༠༩ ལུ་འཛུལ་ཏེ་ ལོ་ངོ་༣ གྱི་རིང་ ཕྱག་ཞུ་བའི་ གནས་ཡུན་དེ་ ན་ཧིང་རྫོགས་ཡོདཔ་ཨིན་རུང་ ཁོང་གིས་ འགོ་ཐོག་འཛུལ་བའི་སྐབས་ ལོ་ངོ་༤ ཕྱག་ཞུ་ནི་སྦེ་ ཞུ་བ་ཕུལ་མི་ལུ་ ཤེས་རིག་ལྷན་ཁག་གིས་ ངོས་ལེན་འབད་དེ་ གནས་ཡུན་ཐེབས་ལོ་༡ བྱིན་ཡོདཔ་ཨིན་པས།

ལམ་མཁའ་འགྲོ་གིས་ གཟུགས་སྟོབས་སྒྲིང་སྒྲིང་བཞག་ཚུགས་ནི།


ཤར་ཕྱོགས་པའི་ཁ་སྐད་ནང་ ལམ་མཁའ་འགྲོ་ཟེར་སླབ་མི་ ཙི་ཙི་དམངམོ།

སྤེན་པ་ ཟླཝ་༣ པའི་༢༣། ༉ སྤྱི་ཟླ་༣ པའི་ཚེས་༢༠ ལུ་ ཕུན་ཚོགས་གླིང་ ཀར་བེ་ཊར་ལུ་ ཙི་ཙི་དམརམོ་སྦོམ་ཅིག་ ཤི་ཡོདཔ་མཐོང་མི་དེ་ བེང་གཱལ་མཱོ་ནི་ཊར་ཟེར་མི་ ཙི་ཙི་དམརམོ་གི་ རིགས་ཅིག་ཨིན་མས་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་ཡོདཔ་ད་ ཕོ་བཤུད་སེམས་ཅན་གྱི་ རིགས་ཅིག་ཨིན་མིའི་ ལྷ་པ་ལས་མཇུག་མ་ཚུན་ རིང་ཚད་ཕིཊ་༥ དེ་ཅིག་ ཐོན་ཡོདཔ་ཨིན་པས།

སྐྱེས་ལོ་༡༣ ལང་མི་ སློབ་ཕྲུག་བུམོ་ཅིག་གིས་ ཨ་ལུ་སྐྱེས་ཡོདཔ།


ཨ་ལུའི་ཨ་པ་གིས་ ཨ་ལུ་ལུ་ ངོས་ལེན་མི་འབད་དོ་ཡོདཔ་ཨིན་པས།
ཡེ་ཤེས་སྒྲོལ་མ།

སྤེན་པ་ ཟླཝ་༣ པའི་༢༣། ༉ སྤྱི་ཟླ་༣ པའི་ཚེས་༡༥ གི་ ནུབ་ཕྱེད་དེ་ཅིག་ཁར་ བདེ་བ་ཐང་དམག་སྡེའི་ སྨན་ཁང་ནང་  སྐྱེས་ལོ་༡༣ ལང་མི་ བུམོ་ཅུང་ཅིག་གིས་ ཨ་ལུ་བུམོ་༡ སྐྱེས་ཡོདཔ་ཨིན་པས།
སློབ་གྲྭའི་གནས་ཐོ་དང་ བུམོ་མོ་རའི་ཨའི་གིས་ སླབ་མི་དང་འཁྲིལཝ་ད་ བདེ་བ་ཐང་ཁྲོམ་ལས་ ཀི་ལོ་མི་ཊཪ་༣༠ གི་ས་ཁར་ཡོད་པའི་ གཡུས་ཚན་ནང་ལས་ཨིན་མི་ བུམོ་དེ་ ན་ཧིང་ མི་སྡེ་སློབ་གྲྭ་ཆུང་བ་ཅིག་ནང་ དཔེ་ཆ་ལྷབ་སྡོད་པའི་སྐབས་ གཟུགས་ཁར་ ཨ་ལུ་ཆགས་ཡོདཔ་ཨིན་པས།